-
མདུན་ངོས།
- གསང་སྔགས།

གསང་སྔགས། (36)
དྭགས་པོའི་གསང་འདུས་བསྐྱེད་རྫོགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། དྭགས་པོ་ནམ་མཁའ་གྲགས།
བརྗོད་བྱ། བསྐྱེད་རྫོགས་ལམ་གྱི་རིམ་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0397
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 488 ལྗིད་ཚད། 1.6MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༢ ཟླ་ ༩ ཚེས་ ༣ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཆོས་རྗེ་དྭགས་པོ་ནམ་མཁའ་གྲགས་ནི། དྭགས་པོ་མདའ་རུ་འཁྲུངས། གཞོན་ནུ་ནས་རབ་ཏུ་བྱུང་སྟེ། དྭགས་པོ་གྲྭ་ཚང་དུ་སློབ་དཔོན་བློ་གྲོས་འཕེལ་བ་ལས་ཕར་ཕྱིན་གསན་ནས་ཕར་ཕྱིན་སྤྱི་དོན་ཐུགས་འཛིན་མཛད་དེ། སེར་བྱེས་པ་གྲྭ་ཚང་དུ་ཕེབས། སྐུ་ཆས་དཀོན་ཀྱང་རྗེ་བཙུན་ཆོས་རྒྱན་གྱི་ཞབས་ལ་གཏུགས་ཏེ་རྗེ་བཙུན་པ་ལས་དཀའ་ཆེན་རྣམས་ལེགས་པར་སྦྱངས། མཁས་གྲགས་ཀྱིས་དབུས་གཙང་ཁྱབ་པ་བྱུང་། རྒྱུད་སྨད་དུ་རྒྱུད་ཆེན་རྒྱལ་མཚན་བཟང་པོ་ལས་གསང་འདུས་འགྲེལ་པ་བཞི་སྦྲགས་གསན། དགའ་ལྡན་དུ་རྗེ་ཆོས་སྐྱོང་རྒྱ་མཚོ་ལས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་རྒྱུད་འགྲེལ་གདམས་པ་མན་ངག་ཆ་ལག་དང་བཅས་པ་ལ་གསན་བསམ་མཛད་པས་མདོ་སྔགས་ལ་ཕུལ་དུ་བྱུང་བར་གྱུར། དེ་ནས་རྒྱུད་སྨད་ཀྱི་ཁྲིར་ཕེབས་འཆད་ཉན་ཡུན་རིང་དུ་མཛད་པས་མཁས་གྲགས་ཀྱི་སྙན་པ་ཆེ། མཐར་ཀུན་སྤངས་མཛད་དེ། དགའ་ལྡན་བྱམས་པ་མགོན་པོའི་མདུན་སར་གཤེགས་པར་གྱུར།
PDF ཕབ་ལེན། |
---|
དེ་ལས་མང་བ།...
བདེ་མཆོག་རྩ་རྒྱུད།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྒྱལ་བ་རྡོ་རྗེ་འཆང་།
བརྗོད་བྱ། བསྐྱེད་རྫོགས་ལམ་གྱི་རིམ་པའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0396
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 104 ལྗིད་ཚད། 1MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༢ ཟླ་ ༩ ཚེས་ ༡ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དཔལ་འཁོར་ལོ་སྡོམ་པའི་ཆོས་སྐོར་ནི། སྟོན་པ་ཐུབ་དབང་རྡོ་རྗེ་འཆང་གིས་དཔལ་འཁོར་ལོ་སྡོམ་པའི་དབང་དང་རྒྱུད་ཡོངས་སུ་རྫོགས་པ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་གནང༌། དེས་གྲུབ་ཆེན་ས་ར་ཧ་ལ་སོགས་པ་ནས་མཁས་གྲུབ་ཁྱུང་པོ་ལྷས་པའི་བར་བླ་བརྒྱུད་གསོལ་འདེབས་ལྟར་བརྒྱུད་པ་མ་ཉམས་པར་གནང་ཞིང་། དེ་ལས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་དངོས་སུ་གསན་པར་མཛད། རྗེ་རིན་པོ་ཆེ་ནས་བརྒྱུད་རིམ་ཕལ་ཆེར་བ་གསང་བ་འདུས་པ་དང་འདྲ་བ་ལ། བདེ་མཆོག་ལཱུ་ཨི་པའི་རིམ་གཉིས་ཀྱི་མན་ངག་རྣམས་ཐང་སག་པ་དངོས་གྲུབ་རྒྱ་མཚོས་འཇམ་དབྱངས་བདེ་བའི་རྡོ་རྗེ་ལ་གནང༌བ་སོགས་ནས་རྗེ་བཙུན་ངག་དབང་བྱམས་པའི་བར་བརྒྱུད་རིམ་གཞན་ཞིག་ཀྱང་ཡོད་པ་བཅས་ཡིན།
PDF ཕབ་ལེན། |
---|
དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་བདུན་དང་རྟོག་གསུམ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྒྱལ་བ་རྡོ་རྗེ་འཆང་།
བརྗོད་བྱ། བསྐྱེད་རྫོགས་ལམ་གྱི་རིམ་པའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0394
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 719KB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༢ ཟླ་ ༧ ཚེས་ ༡༠ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། དཔལ་རྡོ་རྗེ་འཇིགས་བྱེད་རྒྱུད་ནི། གྲུབ་ཆེན་ལཱ་ལི་ཏས་མཚན་བརྗོད་ཞལ་འདོན་མཛད་པའི་ཚེ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་དང༌། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །ཞེས་པ་རྣམས་ཀྱི་དོན་ལ་བསམས་ནས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་ཡོད་པར་བསམས་ནས་འཕགས་ཡུལ་དུ་རྩད་གཅོད་མཛད་ཀྱང་སྐབས་དེར་རྒྱུད་འདི་འཕགས་ཡུལ་དུ་མ་བཞུགས་པས་མ་རྙེད། ཕྱིས་སུ་ཨྱོན་གྱི་ཡུལ་ན་བཞུགས་པར་མཁྱེན་ནས་དཀའ་ཚེགས་ཆེན་པོས་ཨོ་རྒྱན་གྱི་ཡུལ་དུ་བྱོན་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མས་རྗེས་སུ་བཟུང་སྟེ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་དང་གཤིན་རྗེའི་གཤེད་དམར་ནག་གཉིས་ཀྱི་དབང་དང་གདམས་པ་རྣམས་གསན། རྒྱུད་ཀྱི་གླེགས་བམ་གནང་དགོས་པར་གསོལ་བ་བཏབ་པ་ན། ཡེ་ཤེས་ཀྱི་མཁའ་འགྲོ་མས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྩ་བའི་རྒྱུད་རྒྱས་པ་བསྟན་ཏེ་ཞག་བདུན་གྱི་རིང་ལ་འདིའི་ནང་ནས་གང་བློ་ལ་གཟུང་ཐུབ་པ་རྣམས་ཟུངས། དེ་ལས་མི་ཡོང་ཞེས་རྒྱུད་ཐམས་ཅད་མ་གནང་བ་ན། གྲུབ་ཆེན་གྱིས་ཞག་བདུན་གྱི་རིང་ལ་གླེགས་བམ་ཆེན་པོ་འདི་ནས་མང་པོ་ཞིག་འཛིན་མི་ཐུབ་པས་སྨོན་ལམ་གདབ་པ་གལ་ཆེ་དགོངས་ནས་ཞག་བདུན་གྱི་རིང་རྒྱུད་ཀྱི་གླེགས་བམ་རྣམས་ལ་མཆོད་པ་ཕུལ་ཏེ་ཕྱག་དང་བསྐོར་བ་བྱེད་ཅིང་གསོལ་བ་ཤུགས་དྲག་བཏབ་པ་ན། རྟོག་པ་སུམ་བརྒྱའི་ནང་ནས་དངོས་གྲུབ་ཀྱི་རྟོག་པ་ཞེས་བྱ་བ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་རྟོག་པ་བདུན་པ་འདི་ཐུགས་ལ་གསལ་བར་ཤར། འདི་ལ་ནོར་འཁྲུལ་དང་ལྷག་ཆད་ཡོད་དམ་མེད་བལྟ་དགོས་དགོངས་པ་ན། དེའི་ཐད་ཀྱི་གླེགས་བམ་རང་ཞལ་བྱེ་ནས་ཐུགས་ལ་གང་ཤར་བ་ཇི་བཞིན་བྱུང༌། དེ་མ་ཐག་གླེགས་བམ་རྣམས་མཁའ་འགྲོ་མ་རྣམས་ཀྱི་གསང་བའི་ཆོས་མཛོད་དུ་བཞུགས་སུ་གསོལ་བའོ། །
PDF ཕབ་ལེན། |
---|
གསང་བ་འདུས་པའི་རྩ་རྒྱུད།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྒྱལ་བ་རྡོ་རྗེ་འཆང་།
བརྗོད་བྱ། བསྐྱེད་རྫོགས་ལམ་གྱི་རིམ་པའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0395
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.3MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༢ ཟླ་ ༧ ཚེས་ ༢༥ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱུད་ལྷ་ཡུལ་དུ་རྒྱུད་གསུང་ཚུལ་ནི། སློབ་དཔོན་ཀུན་དགའ་སྙིང་བོས། ཁྱབ་འཇུག་ལ་སོགས་པ་རྣམས་ལ་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་གསུངས་པར་བཞེད། པཎྜི་ཏ་ཨ་ལང་ཀ་ཤས། དགའ་ལྡན་གྱི་གནས་སུ་བཅོམ་ལྡན་འདས་ཀྱི་སྐུའི་འབྱུང་བཞི་ལས་གཞལ་ཡས་ཁང་དུ་སྤྲུལ་ཞིང་། ཕུང་ཁམས་སྐྱེ་མཆེད་རྣམས་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་ཏེ། སྐུའི་དཀྱིལ་འཁོར་དུ་གསང་བ་འདུས་པའི་རྒྱུད་གསུངས་པར་བཞེད། མི་ཡུལ་དུ་རྒྱུད་གསུང་ཚུལ་ནི། སྤྲན་ཞེས་གྲགས་པའི་ཡུལ་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏིས་མཆོད་པ་དང་བསྙེན་བཀུར་བྱས་ནས། བདག་ཅག་འཁོར་བཅས་ཐམས་ཅད་མཁྱེན་པའི་ལམ་ལ་འགོད་པར་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ལ། བསླབ་པ་གསུམ་ལ་སློབས་ཤིག་ཅེས་གསུངས་སོ། །རྒྱལ་པོས། རྒྱལ་སྲིད་སྐྱོང་དགོས་པས་དེ་མི་ནུས། འདོད་ཡོན་ལ་ལོངས་སྤྱོད་བཞིན་དུ་འཚང་རྒྱ་བའི་ཆོས་ཤིག་གསུངས་པར་འཚལ་ལོ་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་འཁོར་ལོས་བསྒྱུར་བའི་ཆ་ལུགས་སུ་མཛད་དེ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་སྤྲུལ་ནས། རྒྱལ་པོ་ཨིནྟྲ་བྷུ་ཏི་ལ་སོགས་པ་སྐལ་བ་དང་ལྡན་པ་རྣམས་ལ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར། རྒྱལ་པོ་འཁོར་དང་བཅས་པ་ལ་གསང་བ་འདུས་པའི་རྒྱུད་བསྟན་ཅིང་ཉམས་སུ་བླངས་པས་མཆོག་གི་དངོས་གྲུབ་ཐོབ་བོ། །
PDF ཕབ་ལེན། |
---|
ལྷུན་གྲུབ་པཎྜི་ཏའི་འཇིགས་བྱེད་བསྐྱེད་རྫོགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ཆོས་རྗེ་བློ་བཟང་ལྷུན་གྲུབ།
བརྗོད་བྱ།རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0358
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 535 ལྗིད་ཚད། 3.4MB
རྩོམ་སྒྲིག་པ། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༥ ཟླ་ ༢ ཚེས་ ༡༩ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདིར་ནི། གུ་ཤྲཱི་ཆོས་རྗེ་བློ་བཟང་ལྷུན་གྲུབ་བམ་པཎྜི་ཏ་བློ་བཟང་ལྷུན་གྲུབ་ཀྱིས་མཛད་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྐྱེད་རིམ་གྱི་རྣམ་བཞག་སྐུ་གསུམ་ནོར་བུའི་བང་མཛོད་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཟབ་ལམ་རིམ་པ་གཉིས་པ་རྫོགས་རིམ་བསྒོམ་ཚུལ་སྐུ་གསུམ་ཐེམ་སྐས་ཞེས་བྱ་བ་སྟེ། ཡོངས་གྲགས་སུ་ལྷུན་གྲུབ་པཎྜི་ཏའི་འཇིགས་བྱེད་བསྐྱེད་རྫོགས་སུ་གྲགས་པ་བཞུགས། གསང་སྔགས་ཀྱི་དབང་མ་ཐོབ་པ་རྣམས་ཀྱིས་འཕྲུལ་དེབ་འདི་བཀླག་པར་མི་བྱ་ལ་ཕབ་ལེན་ཡང་མི་བྱའོ།།
PDF ཕབ་ལེན། |
---|
སྐུ་གསུམ་ལམ་འཁྱེར་རབ་གསལ་སྒྲོན་མེ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཚན་བྱང་། གཞིའི་སྐུ་གསུམ་གྱི་རྣམ་གཞག་རབ་གསལ་སྒྲོན་མེ།
མཛད་པ་པོ། དབྱངས་ཅན་དགའ་བའི་བློ་གྲོས།
བརྗོད་བྱ། གཞི་དུས་ཀྱི་སྐྱེ་ཤི་བར་དོ་གསུམ་ལམ་དུ་འཁྱེར་ཚུལ་གྱི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0276
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 575 KB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ནི། ཕྱི་ལོ་ ༡༧༤༠ ལོར་བོད་ཙོང་ཁའི་ཕྱོགས་སུ་ཕྱག་རྡོ་ཐང་གི་ཨ་ཀྱཱ་སྡེ་བར་སྐུ་འཁྲུངས། དགུང་ལོ་བདུན་པར་རབ་ཏུ་བྱུང་སྟེ་མཚན་ལ་བློ་བཟང་དོན་གྲུབ་གསོལ། དགུང་ལོ་བཅོ་ལྔ་ལ་བྱ་ཁྱུང་དགོན་དུ་ཆོས་ཞུགས་མཛད། དགུང་ལོ་ཉེར་བདུན་སྐབས་དབུས་སུ་ཕེབས་ཏེ་གཞུང་ཆེན་ལ་སློབ་གཉེར་གནང་། དགུང་ལོ་ཉེར་བརྒྱད་སྐབས་བསྙེན་པར་རྫོགས། ཀུན་མཁྱེན་འཇིགས་མེད་དབང་པོ་སོགས་ལས་མདོ་སྔགས་ཀྱི་ཆོས་མང་པོ་གསན། དགུང་ལོ་བཞི་བཅུ་པར་མགུར་རྣམ་རྒྱལ་གླིང་གི་ཁྲིར་ཕེབས། རྫོང་ནང་དགོན་པ་སོགས་ཕྱག་བཏབ། དགུང་ལོ་དྲུག་ཅུ་རེ་བཞི་ལ་བྱ་ཁྱུང་དགོན་གྱི་ཁྲིར་ཕེབས། སྐུ་འབུམ་བླ་མ་ཨ་ཀྱཱ་ཡེ་ཤེས་བསྐལ་བཟང་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་མཛད་པས་ཡོངས་གྲགས་སུ་ཨ་ཀྱཱ་ཡོངས་འཛིན་ཞེས་གསོལ། ཕྱི་ལོ་ ༡༨༢༧ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ་པོད་འབྲིང་གཉིས་ཙམ་བཞུགས།
PDF ཕབ་ལེན། |
---|