སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

སྒྲ་ཨང་། KADRN2010304
མཁས་པ་གཞན། [རིག་གནས།] སྤྱིའི་ཨང་། ༤༣༢
རྣམ་པ། MP3 རྣམ་གྲངས། 192 ཆེ་ཆུང་། 2.72 GB
ཁྲིད་གཞུང་། སྙན་འགྲེལ་དཎྜིའི་དགོངས་རྒྱན།
མཛད་པ་པོ། བོད་མཁས་པ་མི་ཕམ་རྣམ་རྒྱལ།[༡༦༡༨-]
ཁྲིད་མཚམས། ལེའུ་གཉིས་པ།
འཁྲིད་མཁན། བར་གཞིས་ཕུན་ཚོགས་དབང་རྒྱལ།
སྒྲ་སྒྲིག་སྦྱོར་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་ ༠༣།༣༠ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
བར་གཞིས་ཕུན་ཚོགས་དབང་རྒྱལ་མཆོག་ནི། ཕྱི་ལོ་༡༩༡༤ལོར་གཙང་གི་གྲོང་ཤར་ཞེས་པར་སྐུ་འཁྲུངས། སྲས་མ་འཁྲུངས་སྔོན་ནས་ས་སྐྱ་ཕུན་ཚོགས་ཕོ་བྲང་སྐུ་མདུན་ནས་སྲས་ཤིག་འཁྲུངས་པར་འགྱུར་བས་མིང་ལ་ཕུན་ཚོགས་དབང་རྒྱལ་ཐོགས་ཞེས་བཀའ་གནང་བ་ལྟར་མཚན་ལ་དེ་ལྟར་གསོལ། དགུང་ལོ་དགུ་ནས་ཡི་གེ་འབྲི་ཀློག་སོགས་འགོ་བཙུགས། བཀྲ་ཤིས་ལྷུན་པོར་ལོ་ལྔ་ཙམ་ལ་དག་ཡིག་ངག་སྒྲོན་སོགས་ཐུན་མོང་རིག་གནས་ཀྱི་སྐོར་དང་བློ་རྟགས་སོགས་གཞུང་གི་སྐོར་ལ་སློབ་གཉེར་གནང་། གཞན་ཨོ་རྒྱན་སྨིན་གྲོལ་གླིང་སོགས་སུའང་ཐ་སྙད་རིག་གནས་ཀྱི་སྐོར་སོགས་གསན་སྦྱོང་གནང་། ལྷ་སའི་གཟིམས་ཤག་ལ་བར་ཞིར་གྲགས་པས་བར་གཞིས་ཞེས་མཚན་དུ་འབོད། ལྷ་སར་སྨན་རྩིས་ཁང་དུ་སྨན་གྱི་སྐོར་ལའང་གསན་སྦྱོང་མཛད། དགུང་ལོ་སོ་གསུམ་ནས་ཞེ་ལྔའི་བར་སྨན་སྦྱིན་དང་རིག་གནས་འཆད་ཉན་སོགས་ཀྱིས་དུས་འདའ་བར་གནང་། དེ་ནས་འབྲས་ལྗོངས་སུ་སྐྱབས་བཅོལ་དུ་ཕེབས། དབེན་ཅན་སློབ་གྲྭ་སོགས་སུ་དགེ་རྒན་སོགས་གནང་། ༡༩༦༩ལོར་དྷ་ས་སྨན་རྩིས་ཁང་གི་སློབ་སྤྱིའི་ཐུགས་འགན་གནང་ཞིང་། སྨན་རྩིས་ཁང་སོགས་སུ་རིག་གནས་ཀྱི་སློབ་ཁྲིད་གནང་། ༡༩༨༣ལོར་སྐུ་གཤེགས། བརྩམས་ཆོས་ལ། སྤྱོད་འཇུག་གི་འགྲེལ་གསར་སོགས་ཡོད།

ངོ་ཤོག 321 ནས་ 680