དོན་བདུན་ཅུ། (7)
ཁྲིད་གཞུང་། རྗེ་བཙུན་པའི་དོན་བདུན་ཅུ། [ང]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།
བརྗོད་བྱ། མངོན་རྟོགས་ཀྱི་རིམ་པ།
འཁྲིད་མཁན། དགེ་བཤེས་ཡ་མ་དར་རྒྱས།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0725
སྒྲའི་རྣམ་པ། MP3 གྲངས་ཀ 28 ལྗིད་ཚད། 971.9MB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༢ ཟླ་ ༨ ཚེས་ ༢༦ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ཡ་མ་དར་རྒྱས་མཆོག་ནི། མདོ་ཁམས་བཀྲ་ཤིས་དར་རྒྱས་དགོན་གྱི་ཉེ་འདབས་སུ་ཕྱི་ལོ་༡༩༧༢ལོར་ཡབ་བྱམས་ཅན་དང་ཡུམ་ཚུལ་ཁྲིམས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་ཀྱི་ཐོག་རྒན་རྡོ་རྗེ་བསམ་འགྲུབ་ཀྱི་དྲུང་ནས་ཡི་གེ་སྦྱོར་ཀློག་འགོ་བཙུགས། དེ་ནས་དར་དགོན་མཁན་ཟུར་རིན་པོ་ཆེ་ཀརྨ་དོན་འགྲུབ་མཆོག་གི་དྲུང་ནས་ཡི་གེ་འབྲི་བ་དང་དཔེ་འཛིན་སྐྱོར་སྦྱང་སོགས་བྱས་ཤིང་མཚན་ཉིད་གཞུང་ལའང་སློབ་སྦྱོང་ཅུང་ཟད་བྱས། ༡༩༨༨ལོར་བཀྲ་ཤིས་དར་རྒྱས་དགོན་དུ་ཞུགས་ནས་དགོན་དེར་རིགས་ཆུང་ཚོགས་ལངས་ཀྱང་མཛད། ༡༩༩༠ལོར་རྒྱ་གར་དུ་ཕེབས་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས། ༡༩༩༡ལོར་རྒྱུད་སྨད་མཁན་ཟུར་ཨོ་རྒྱན་ཚེ་བརྟན་མཆོག་གི་ཞལ་སྔ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས། རྗེ་བཙུན་དམ་པ་འཕྲིན་ལས་རྡོ་རྗེ་མཆོག་དང་། མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དཔལ་ལྡན་མཆོག་དང་། མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་རིང་སོགས་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞབས་ལ་གཏུགས་ཏེ་གཞུང་ཆེན་བཀའ་པོད་རྣམས་ལ་སྦྱང་བརྩོན་ལྷོད་མེད་མཛད། ༡༩༩༢ལོར་ཏྲེ་ཧོར་ཁང་ཚན་དུ་རྟགས་རིགས་ཚོགས་བསགས་དམ་འཇོག་དང་། སླར་ཡང་༢༠༠༢ལོར་དབུ་མའི་ཚོགས་བསགས་དམ་འཇོག་གནང་། ༡༩༩༥སེར་བྱེས་མཁས་སྙན་གྲྭ་ཚང་དུ་རིགས་ཆུང་རིགས་སྔ་རྒོལ་གྱི་ཚོགས་ལངས་མཛད། ལོ་དེར་དཔལ་ལྡན་འབྲས་སྤུངས་སུ་འཇང་དགུན་ཆོས་ལ་འབྲས་རྟགས་ཀྱི་ཐོར་ཆོས་དམ་འཇོག་གནང་། ༡༩༩༦ལོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ༢༠༠༡ལོར་སེར་བྱེས་ཏྲེ་ཧོར་ཁང་ཚན་དུ་ ༧གོང་ས་མཆོག་གི་སྤྱན་སྔར་དབུ་མའི་དམ་འཇོག་གནང་། ལོ་དེར་སེར་བྱེས་མཁས་གྲྭ་ཚང་དུ་དབུ་མའི་སྤྱི་དོན་དང་དགོངས་པ་རབ་གསལ་ཆ་ཚང་བའི་ཚོགས་བསགས་དང་དམ་འཇོག་བྱས། ༢༠༡༠ལོར་སེར་བྱེས་གྲྭ་ཚང་དུ་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྤྱན་སྔར་རྣམ་འགྲེལ་དམ་འཇོག་གི་གོ་སྐབས་ཐོབ། ལོ་དེར་སེ་ར་བླ་སྤྱིར་འདུལ་བའི་གཞུང་ལ་རིགས་ཆེན་ཚོགས་ལངས་མཛད། ༢༠༠༥ནས་དགེ་ལུགས་རྒྱུགས་སྤྲོད་ཕེབས་ཏེ་སློབ་མཐར་རྩེར་སོན་གྱིས་ལོ་ཐ་མ་བཞི་ལ་ཨང་རིམ་གཉིས་པར་ཐོབ། ༢༠༡༠ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་དགེ་བཤེས་ལྷ་རམས་དམ་འཇོག་མཛད། ༢༠༡༡ལོར་གནས་མཆོག་ཝཱར་ཎར་གདན་ས་གསུམ་གྱི་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་འཇོག་གནང་། དེ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་སྔགས་ཀྱི་གསན་བསམ་མཛད་པས་སྔགས་ཀྱི་རྩོད་རྒྱུགས་ཨང་རིམ་གཉིས་པར་ཐོབ། ༢༠༡༣ནས་སེར་བྱེས་མཁས་སྙན་གྲྭ་ཚང་མཆོག་གི་སློབ་གཉེར་རྒན་གྱི་འགན་བཞེས་ལོ་གསུམ་རིང་མཛད། མདོར་ན་ཁོང་གིས་༡༩༩༧ ནས་ད་ལྟའི་བར་དུ་གཞན་གང་དུ་ཡང་མ་ཕེབས་པར་གྲྭ་ཚང་འདིར་བཞུགས་ཏེ་དཔེ་འཁྲིད་རྒན་གྱི་ཐུགས་འགན་བཞེས་དང་བཞེས་མུས་ཡིན་པ་བཅས་ལོ་རྒྱུས་མདོར་བསྡུས་སུ།
ཕྱི་ལོ་༢༠༢༢ཟླ་༩ཚེས་༡༨ལ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་སྒྲིག་བྱས།
དེ་ལས་མང་བ།...
ཁྲིད་གཞུང་། རྗེ་བཙུན་པའི་དོན་བདུན་ཅུ། [ག]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། [༡༤༦༩ - ༡༥༤༥]
བརྗོད་བྱ། མངོན་པར་རྟོགས་པའི་རིམ་པ།
འཁྲིད་མཁན། དགེ་བཤེས་ངག་དབང་ཐོགས་མེད།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0702
སྒྲའི་རྣམ་པ། MP3
གྲངས་ཀ 13
ལྗིད་ཚད། 476MB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༢ ཟླ་ ༦ ཚེས་ ༤ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ངག་དབང་ཐོགས་མེད་མཆོག་ནི། ཕྱི་ལོ་ ༡༩༦༨ ལོར་མདོ་ཁམས་ནགས་ཤོད་འབྲི་རུ་ཀོ་ན་གྲོང་དུ་ཡབ་བྱམས་པ་ཡར་འཕེལ་དང་ཡུམ་སྐྱིད་དལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ལྟར་སྨོན་དགོན་དུ་ཆོས་ཞུགས་གནང་ནས་དགོན་དེའི་ཆོ་ག་ཕྱག་ལེན་བཅས་པ་ཞིབ་པར་སྦྱངས། ༡༩༩༣ ལོར་བཙན་བྱོལ་དུ་ཕེབས་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས། སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་གི་དབུས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་ཞབས་ཟུང་སྤྱི་བོས་མཆོད་ཅིང་གཞུང་ཆེན་ཁག་ལ་གསན་བསམ་སློབ་གཉེར་ཚུལ་བཞིན་གནང་བའི་འབྲས་རྟགས་སུ། ཟུར་གསར་འཛིན་གྲྭའི་སྐབས་རིགས་ཆུང་ཨང་དང་པོའི་མཚན་གནས་བཞེས། དབུ་གསར་འཛིན་གྲྭའི་སྐབས་དོན་གཉེར་ཅན་དུ་མས་བསྐུལ་བ་མ་ཟད་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་གིས་བཀའ་བཞིན་བློ་གསལ་དོན་གཉེར་ཅན་རྣམས་ལ་དཔེ་ཁྲིད་དབུ་འཛུགས་གནང་། འདུལ་བ་འཛིན་གྲྭའི་སྐབས་གདན་ས་གསུམ་གྱི་མཁས་མང་འདུས་པའི་དབུས་སུ་འཇང་དགུན་ཆོས་ཆེན་མོའི་མཚན་ཕུད་དམ་བཅའ་འཇོག་གནང་མཛད། ༢༠༠༩ ནས་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས། ལྷ་རམས་ལོ་རིམ་གཉིས་ལ་རྩེ་ཕུད་ཨང་དང་པོ་དང་། གཉིས་པའི་མཚན་གནས་ཀྱང་བཞེས། ༢༠༡༤ ལོར་སེ་ར་ཚོགས་ཆེན་དུ་རིགས་ཆེན་ཚོགས་ལངས་དང་། ལོ་དེར་ལྷ་རམས་དགེ་བཤེས་ཀྱི་དམ་འཇོག་གནང་ཞིང་ལྷ་ལྡན་རབ་འབྱམས་སྨྲ་བའི་གྲྭ་སྐོར་མཛད། ༢༠༡༥ ལོ་སར་ཚེས་གཅིག་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཀར་སྤྲོའི་ཚོགས་ལངས་མཛད་ཅིང་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་འགྲིམས། སྔགས་ཀྱི་རྩོད་འགྲན་རྩེ་ཕུད་ཨང་གཉིས་པའི་མཚན་གནས་བཞེས། དེ་ནས་སླར་ཡང་གདན་སར་ཕེབས་ནས་སྔར་བཞིན་སློབ་གཉེར་བ་རྣམས་ལ་གཞུང་ཆེན་ཁག་ལ་དཔེ་ཁྲིད་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པ་བཅས་ངོ་སྤྲོད་མདོར་བསྡུས་སུ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས།
ཁྲིད་གཞུང་། དོན་བདུན་ཅུའི་མཐའ་དཔྱོད། [ཀ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADZPO2060323
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༤༥༡
རྣམ་པ། MP3 རྣམ་གྲངས། 30 ཆེ་ཆུང་། 791.9 MB
ཁྲིད་གཞུང་། དོན་བདུན་ཅུའི་རྣམ་གཞག་མི་ཕམ་ཞལ་ལུང་།
མཛད་པ་པོ། ཀུན་མཁྱེན་འཇམ་དབྱངས་བཞད་པ།[༡༦༤༨-༡༧༢༢]
བརྗོད་བྱ། དངོས་པོ་བརྒྱད་དང་དོན་བདུན་ཅུ།
འཁྲིད་མཁན། དགེ་བཤེས་བློ་བཟང་དགེ་འདུན།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་ ༠༥།༢༢ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འབྲས་སྒོ་མང་དགེ་བཤེས་བློ་བཟང་དགེ་འདུན་ནི། ༡༩༦༥ལོར་བོད་དུ་གཅན་ཚ་ཞེས་པའི་ས་ཆར་སྐུ་འཁྲུངས། དགུང་ལོ་བཅུ་དྲུག་སྟེང་རབ་ཏུ་བྱུང་བ་དང་། བླ་བྲང་བཀྲ་ཤིས་འཁྱིལ་དུ་གཞུང་ཆེན་ཁག་ལ་སློབ་གཉེར་བྱས། དགུང་ལོ་ཉི་ཤུར་ཉེ་བའི་སྐབས་སུ་འཕགས་ཡུལ་དུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ། སྔ་གཞུག་ཏུ་ཚོགས་རམས་པ་དང་ལྷ་རམས་པའི་དམ་འཇོག་མཛད། སློབ་གཉེར་གྱི་སྐབས་ནས་གྲྭ་སར་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཆག་མེད་གནང་། ༢༠༠༥ལོར་ལཱ་མོ་ཡོངས་འཛིན་ལུང་རྟོགས་རྒྱ་མཚོ་མཆོག་གི་བཀའ་ལུང་ལྟར་བོད་དུ་ཕྱིར་ཕེབས་ཤིང་། ཁྲི་ཤོར་རྒྱལ་མོའི་ཉེ་འདབས་ཐར་ཤུལ་དགོན་དུ་དཔེ་ཁྲིད་དང་དགོན་པར་དོ་དམ་བྱེད་པའི་འགན་བཞེས། ལོ་ངོ་གཉིས་རིང་ལ་ལཱ་མོ་བདེ་ཆེན་དགོན་དང་ཐར་ཤུལ་དགོན་གཉིས་སུ་རེས་མོས་ངང་སློབ་ཁྲིད་མཛད། ཕྱི་ལོ༢༠༠༨་ལོའི་ཟླ་༥་པའི་ཚེས༢༡་ཉིན་རྒྱ་ནག་གི་ཏ་ལེན་གྲོང་ཁྱེར་དུ་སྐུ་གཤེགས།
ཁྲིད་གཞུང་། དོན་བདུན་ཅུའི་མཐའ་དཔྱོད། [ག]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADZPO2030385
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༥༡༣
རྣམ་པ། MP3 རྣམ་གྲངས། 14 ཆེ་ཆུང་། 404.7 MB
ཁྲིད་གཞུང་། དོན་བདུན་ཅུའི་རྣམ་གཞག་མི་ཕམ་ཞལ་ལུང་།
བརྗོད་བྱ། དངོས་པོ་བརྒྱད་དང་དོན་བདུན་ཅུ།
འཁྲིད་མཁན། དགེ་བའི་བཤེས་གཉེན་དགེ་འདུན་རྒྱ་མཚོ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་ ༠༦།༠༢ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་དགེ་འདུན་རྒྱ་མཚོ་མཆོག་ནི། ཕྱི་ལོ་༡༩༣༢ ལོར་སྐུ་འཁྲུངས། དགུང་ལོ་དྲུག་གི་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ལས་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། དགེ་བའི་བཤེས་གཉེན་སངས་རྒྱས་རྒྱ་མཚོ་གནས་དང་ཀློག་གི་སློབ་དཔོན་དུ་བསྟེན། གཞན་རྗེ་འཇིགས་མེད་རྒྱ་མཚོ་སོགས་ལས་རྣམ་འགྲེལ་ནས་བཟུང་དབུ་ཕར་མཛོད་འདུལ་བཅས་པོ་ཏི་ལྔས་མཚོན་མདོ་སྔགས་རིག་གནས་ལ་གསན་བསམ་གནང་། བདེ་ཐང་མཁན་ཆེན་ཆོས་ཀྱི་ཉི་མའི་དྲུང་ནས་ལྔ་ཚོགས་ཀྱི་བསྙེན་པར་རྫོགས། ༧གོང་ས་རྒྱལ་བའི་དབང་པོ་དང་། ༧ པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་དགུ་པ་དང་བཅུ་པ་སོགས་བཅུ་ཕྲག་གསུམ་ལ་ཉེ་བའི་བཤེས་གཉེན་བསྟེན་ནས་དབང་ཁྲིད་མན་ངག་སོགས་ཟབ་ཆོས་གང་མང་གསན། རྒྱལ་བསྟན་ཡང་དར་གྱི་སྐབས་སུ་གདུལ་བྱ་གང་མང་ལ་དཔེ་ཁྲིད་དང་བཤད་ལུང་དབང་རྗེས་གནང་སོགས་ཟབ་ཆོས་གནང་བཞིན་དུས་འདའ་བར་མཛད།
ཁྲིད་གཞུང་། དོན་བདུན་ཅུའི་མཐའ་དཔྱོད། [ཁ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADZPO2030383
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༥༡༡
རྣམ་པ། MP3 རྣམ་གྲངས། 19 ཆེ་ཆུང་། 698.9 MB
ཁྲིད་གཞུང་། དོན་བདུན་ཅུའི་རྣམ་གཞག་མི་ཕམ་ཞལ་ལུང་།
མཛད་པ་པོ། ཀུན་མཁྱེན་འཇམ་དབྱངས་བཞད་པ།[༡༦༤༨-༡༧༢༢]
བརྗོད་བྱ། དངོས་པོ་བརྒྱད་དང་དོན་བདུན་ཅུ།
འཁྲིད་མཁན། དགེ་བའི་བཤེས་གཉེན་དགེ་འདུན་རྒྱ་མཚོ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་ ༠༦།༠༡ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་དགེ་འདུན་རྒྱ་མཚོ་མཆོག་ནི། ཕྱི་ལོ་༡༩༣༢ ལོར་སྐུ་འཁྲུངས། དགུང་ལོ་དྲུག་གི་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ལས་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། དགེ་བའི་བཤེས་གཉེན་སངས་རྒྱས་རྒྱ་མཚོ་གནས་དང་ཀློག་གི་སློབ་དཔོན་དུ་བསྟེན། གཞན་རྗེ་འཇིགས་མེད་རྒྱ་མཚོ་སོགས་ལས་རྣམ་འགྲེལ་ནས་བཟུང་དབུ་ཕར་མཛོད་འདུལ་བཅས་པོ་ཏི་ལྔས་མཚོན་མདོ་སྔགས་རིག་གནས་ལ་གསན་བསམ་གནང་། བདེ་ཐང་མཁན་ཆེན་ཆོས་ཀྱི་ཉི་མའི་དྲུང་ནས་ལྔ་ཚོགས་ཀྱི་བསྙེན་པར་རྫོགས། ༧གོང་ས་རྒྱལ་བའི་དབང་པོ་དང་། ༧ པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་དགུ་པ་དང་བཅུ་པ་སོགས་བཅུ་ཕྲག་གསུམ་ལ་ཉེ་བའི་བཤེས་གཉེན་བསྟེན་ནས་དབང་ཁྲིད་མན་ངག་སོགས་ཟབ་ཆོས་གང་མང་གསན། རྒྱལ་བསྟན་ཡང་དར་གྱི་སྐབས་སུ་གདུལ་བྱ་གང་མང་ལ་དཔེ་ཁྲིད་དང་བཤད་ལུང་དབང་རྗེས་གནང་སོགས་ཟབ་ཆོས་གནང་བཞིན་དུས་འདའ་བར་མཛད།
ཁྲིད་གཞུང་། རྗེ་བཙུན་པའི་དོན་བདུན་ཅུ། [ཁ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADZPO2060142
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༢༤༠
རྣམ་པ། MP3 རྣམ་གྲངས། 40 ཆེ་ཆུང་། 233.9 MB
ཁྲིད་གཞུང་། རྗེ་བཙུན་པའི་དགེ་འདུན་ཉི་ཤུའི་སྤྱི་དོན།
མཛད་པ་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། [༡༤༦༩-༡༥༤༤]
བརྗོད་བྱ། དངོས་པོ་བརྒྱད་དོན་བདུན་ཅུ།
འཁྲིད་མཁན། དགེ་བཤེས་འཇམ་དཔལ་བློ་ཤེས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༢༦ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ནི། ༡༩༦༨ ལོར་བོད་འདན་ཡུལ་ཀ་ཕུ་བསམ་འགྲུབ་གླིང་དུ་འཁྲུངས། རང་ལོ་ཉི་ཤུའི་སྟེང་བསྙེན་རྫོགས་ཀྱི་སྡོམ་པ་བླངས་ཤིང་། སློབ་གཉེར་གྱི་ཆེད་དབུས་སུ་ཕྱིན་ནའང་རྐྱེན་དུ་མས་སྡོད་མ་ཐུབ་པར་ཕྱིར་ལོག་སྟེ། སེར་ཤུལ་དགོན་དུ་ཆོས་ཞུགས་བྱས། རང་ལོ་ཉེར་བཞིའི་སྐབས་འཕགས་ཡུལ་དུ་བརྟོལ་ཏེ་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར། ༢༠༠༡ ལོར་སེར་ཤུལ་ཁྲི་ཟུར་རིན་པོ་ཆེའི་ཐུགས་རེ་ལྟར་སེར་ཤུལ་དགོན་གྱི་དཔེ་ཁྲིད་དགེ་རྒན་དུ་བོད་ལ་ལོག །རང་ལོ་སོ་ལྔའི་སྐབས་སློབ་གཉེར་གྱི་འཕྲོ་བསྐྱང་ཆེད་སླར་ཡང་འཕགས་ཡུལ་དུ་བརྟོལ་ཏེ་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དང་དམ་བཅའ་བཞག །དེ་རྗེས་སྨད་རྒྱུད་གྲྭ་ཚང་དུ་ལོ་གཅིག་གི་ཆོས་ཐོག་འགྲིམས། དེ་ནས་བོད་དུ་སེར་ཤུལ་དགོན་གྱིས་གདན་འདྲེན་བྱས་པ་ལྟར་རང་ཡུལ་དུ་ལོག་སྟེ་ཕྱི་ནང་གི་དོན་གཉེར་ཅན་མང་པོར་གཞུང་ཆེན་དཔེ་ཁྲིད་གནང་བཞིན་པ་ལགས་སོ། །
Book དེབ་ཡོད།