- མདུན་ངོས།
- གཞུང་ཆེན་ཁག
གཞུང་ཆེན་ཁག (161)
དབུ་མ་དགོངས་པ་རབ་གསལ་རྩ་འགྲེལ་སྦྱར་མ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། དཔལ་ལྡན་ཟླ་བ་གྲགས་པ་དང་རྗེ་བློ་བཟང་གྲགས་པ།
བརྗོད་བྱ། ཟབ་མོ་དབུ་མའི་ལྟ་བ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0096
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 649 ལྗིད་ཚད། 3.3MB
སྒྲིག་སྦྱོར་འགྲེམ་སྤེལ། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ལོའི་ཟླ་བཅུ་པར་གསར་དུ་རྩོམ་སྒྲིག་བྱས།
གསལ་བཤད་མདོར་བསྡུས།
འཕྲུལ་དེབ་འདིའི་ནང་དུ་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་བསྟན་བཅོས་དབུ་མ་ལ་འཇུག་པ་དང་དེའི་འགྲེལ་པ་རྗེ་ཙོང་ཁ་ཆེན་པོས་མཛད་པའི་དབུ་མ་དགོངས་པ་རབ་གསལ་གཉིས་རྩ་འགྲེལ་སྦྱར་མའི་ཚུལ་གྱིས་སྒྲིག་སྦྱོར་བྱས་ཡོད། འདིའི་རྩ་བ་སྡེ་དགེའི་པར་མ་ལྟར་དང་འགྲེལ་པ་བཀྲ་ཤིས་ལྷུན་པོའི་དཔེ་རིང་ལྟར་སྒྲིག་སྦྱོར་བྱས་ཡོད།
PDF ཕབ་ལེན། |
---|
དེ་ལས་མང་བ།...
སློབ་དཔོན་ལྷ་དབང་བློའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ལེའུ་དང་པོའི་འགྲེལ་པ་མཛད་པ་པོ། དཔལ་ལྡན་ཆོས་གྲགས།
ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་མཛད་པ་པོ། སློབ་དཔོན་ལྷ་དབང་བློ།
བརྗོད་བྱ། རྟོག་གེའི་ཚིག་དོན་བརྒྱད།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0417
ཡིག་ཆའི་རྣམ་པ། PDF མ་ཕྱིའི་པར་རྩ། སྡེ་དགེའི་ཤིང་པར།
ཤོག་གྲངས། 1113 ལྗིད་ཚད། 4.7MB
དཔེ་བསྡུར་དང་ཞུ་དག་པ། བློ་བཟང་བརྩོན་འགྲུས་དང་བསྟན་པ་ཆོས་དར།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། སྨྲ་བ་ཆེན་པོ་སློབ་དཔོན་ལྷ་དབང་བློ་མཆོག་ནི། རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ནས་བློ་རིག་ཤིན་ཏུ་རྣོ་ཞིང་རྒྱལ་བའི་གསུང་རབ་དག་ལ་གོམས་པ་ཆེ་བ་ཞིག་ཡིན། དཔལ་ལྡན་ཆོས་གྲགས་པ་དང་དངོས་སུ་མཇལ། སློབ་དཔོན་ཆོས་གྲགས་ལས་ཚད་མ་སྡེ་བདུན་གསན། སློབ་དཔོན་ཆོས་གྲགས་ཀྱིས་རྟགས་ཀྱི་རྣམ་གཞག་གལ་ཆེ་ཞིང་རྟོགས་དཀའ་བར་གཟིགས་ནས་རང་དོན་ལེའུ་ལ་འགྲེལ་པ་མཛད། དེའི་ཁ་སྐོང་གི་ཚུལ་དུ་སློབ་དཔོན་ལྷ་དབང་བློ་ལ་རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་བ་རྩོམ་དགོས་པར་བཀའ་གནང་བ་ལྟར། ཁོང་གིས་ཀྱང་ལེའུ་ཕྱི་མ་གསུམ་གྱི་འགྲེལ་བ་བརྩམས་ཏེ་སློབ་དཔོན་ཆོས་གྲགས་ལ་ཐེངས་གསུམ་ཕུལ་བས། དང་པོ་ཆུས་བཀྲུས། གཉིས་པ་མེར་བསྲེགས། གསུམ་པར་ཕུལ་བ་ལ་ཚིག་ཟུར་དང་འཕྲོས་དོན་མེད་ཀྱང་དངོས་ཟིན་ཙམ་བྱུང་བས། ལེའུ་དང་བོ་ལ་རང་འགྲེལ་དང་། ལྷ་དབང་བློའི་དེའི་ཁ་སྐོང་ལེའུ་ཕྱི་མ་གསུམ་གྱི་འགྲེལ་བ་བཅས་བསྡོམས་པ་ལ་ཚད་མ་སྟོང་ཕྲག་བཅུ་གཉིས་པ་ཟེར། ཁོང་གི་སློབ་མ་གྲགས་ཆེ་བ་སློབ་དཔོན་ཤཱཀྱ་བློ་སོགས་བྱུང་།
PDF ཕབ་ལེན། |
---|
རྒྱུད་དཔལ་རྡོ་རྗེ་ཕྲེང་བ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། རྒྱལ་བ་རྡོ་རྗེ་འཆང་།
བརྗོད་བྱ། ཟབ་མོ་གསང་བ་སྔགས་ཀྱི་ཆོས་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0424
ཡིག་ཆའི་རྣམ་པ། PDF མ་ཕྱིའི་པར་རྩ། བཀྲས་ལྷུན་ཤིང་པར།
ཤོག་གྲངས། 186 ལྗིད་ཚད། 1.3MB
དཔེ་བསྡུར་དང་ཞུ་དག་པ། བློ་བཟང་ཆོས་རྒྱལ།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། སྤྱིར་གསང་སྔགས་ཀྱི་རྒྱུད་གསུང་ཚུལ་ནི། ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དང༌། ནུབ་ཕྱོགས་ཨཽ་ཌི་ཡཱ་ནའི་གླིང་སོགས་སུ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་ཆེན་རྣམ་པ་བཞི་གསུངས་པ་དེ་ཡང་འགྲེལ་ཆེན་དྲི་མེད་འོད་ལས། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཐེག་པ་གསུམ་སྟོན་པར་མཛད་དེ། བཅུ་གཉིས་པ་ནག་པའི་ཉ་ལ་ཤྲཱི་དྷ་ཎ་ཀ་ཊ་ཀར་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་གསུངས་སོ། །
PDF ཕབ་ལེན། |
---|
ཀུན་བཏུས་སོགས་ཚད་མའི་རྒྱ་གཞུང་ཕྱོགས་བསྒྲིགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། སློབ་དཔོན་ཕྱོགས་ཀྱི་གླང་པོ།
བརྗོད་བྱ། རྟོག་གེའི་ཚིག་དོན་བརྒྱད།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0418
ཡིག་ཆའི་རྣམ་པ། PDF མ་ཕྱིའི་པར་རྩ། བཀྲས་ལྷུན་ཤིང་པར།
ཤོག་གྲངས། 252 ལྗིད་ཚད། 1.5MB
དཔེ་བསྡུར་དང་ཞུ་དག་པ། བློ་བཟང་ཆོས་རྒྱལ།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། སློབ་དཔོན་ཕྱོགས་ཀྱི་གླང་པོ་མཆོག་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སིངྒ་བཀྟ་ཞེས་བྱ་བར་བྲམ་ཟེའི་རིགས་སུ་འཁྲུངས། སྐུ་གཞོན་དུས་ནས་བྲམ་ཟེའི་རིག་བྱེད་དང༌། རིག་གནས་ཐམས་ཅད་ལ་མཁས་པར་གྱུར། གནས་མ་བུའི་སྡེ་པའི་གྲུབ་མཐའ་འཛིན་པ་གླང་པོ་བྱིན་པ་ལས་རབ་ཏུ་བྱུང་ཞིང་མཚན་ལ་ཕྱོགས་ཀྱི་གླང་པོར་གསོལ།
སློབ་དཔོན་དབྱིག་གཉེན་སོགས་བསྟེན་ནས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་རྣམས་གསན་བསམ་གནང་། རྗེ་བཙུན་འཇམ་དབྱངས་བསྒྲུབས་ནས་ཞལ་གཟིགས། ཨོ་ཌི་བི་ཤའི་ཡུལ་གྱི་ནགས་ཚལ་ཤིན་ཏུ་བསྒྲུབ་པ་མཛད་མུར་ནཱ་ལནྡྲར་མུ་སྟེགས་ཀྱི་རྩོད་པ་བྱུང་། སློབ་དཔོན་ཕྱོགས་ཀྱི་གླང་པོ་སྤྱན་དྲངས་ཏེ། མུ་སྟེགས་ལན་གསུམ་གྱིས་ཕམ་པར་བྱས་ཤིང་། སངས་རྒྱས་ཀྱི་བསྟན་པ་ལ་བཀོད། རྣམ་རིག་དང་རྟོག་གེའི་བསྟན་བཅོས་ཐོར་བུ་ཡང་མང་དུ་མཛད།
སླར་ཡང་ཨོ་ཌི་བི་ཤའི་ཡུལ་དུ་གཤེགས་ནས་བསྒྲུབ་པ་མཛད། ཚད་མ་ཀུན་ལས་བཏུས་པ་བརྩམ་པར་དགོངས་ཏེ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །ཞེས་སོགས་ཐོད་ལེ་ཀོར་ལ་བྲིས་པ་ཙམ་གྱིས་ས་གཡོས་བ་སོགས་ལྟས་ཆེན་པོར་བྱུང་། མུ་སྟེགས་བྲམ་ཟེ་ཐུབ་རྒྱལ་ནག་པོས་ཟག་བཅས་མངོན་ཤེས་ཀྱིས་ཚད་མ་མདོའི་མཆོད་བརྗོད་བྲིས་པའི་མཐུར་ཤེས་ཏེ། ཕྲག་དོག་གིས་མ་བཟོད་ནས་ལན་གསུམ་བསུབ་པའི་མཐར། སློབ་དཔོན་གྱིས་ཕམ་པར་བྱས་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པར་བསྐུལ། ཁོས་རྫུ་འཕྲུལ་གྱིས་བཟླས་པའི་ཐལ་བ་གཏོར་བས་སློབ་དཔོན་གྱི་སྐུ་ཆས་རྣམས་ཀྱང་ཚིག །སློབ་དཔོན་ཐུགས་ཤིན་ཏུ་སྐྱོ་ནས་བྱང་ཆུབ་ཀྱི་སེམས་འདོར་བར་བརྩམས་ཏེ། ཐོད་ལེ་ཀོར་ནམ་མཁར་ནམ་མཁར་གཡུག་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཕྱག་ཏུ་བསྣམས། ཚད་མའི་བསྟན་བཅོས་འདི་དགོས་པ་ཆེན་པོ་ཡོད་ཕྱི་མའི་དུས་སུ་འགྲོ་བའི་མིག་ཏུ་འགྱུར་ཞེས་གདམས་པ་གནང་། ཐོད་ལེ་ཀོར་དེ་ཡང་བོད་གངས་ཅན་ལྗོངས་ཀྱི་འཇང་དགོན་པའི་གནས་དེར་ལྷུང་བར་གྲགས། དེ་ནས་ལྷོ་ཕྱོགས་ལ་བྱོན། མུ་སྟེགས་ཀྱི་རྒོལ་བ་ཕལ་ཆེར་བ་ཕམ་པར་མཛད་དེ། སྔོན་དུས་སུ་བཙུགས་པའི་ཆོས་གཞི་ཉམས་པ་ཕལ་ཆེར་སོར་ཆུད་པར་མཛད།
སླར་ཡང་ཨོ་ཌི་བི་ཤའི་ཡུལ་དུ་བྱོན་ནས་ཡུལ་དེའི་རྒྱལ་པོའི་བློན་པོ་བྷ་དྲ་པཱ་ལི་ཏ་ཞེས་བྱ་བ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་མང་དུ་བཙུགས། ཨ་རུ་རའི་སྡོང་པོ་སྐམ་པོ་ཆེན་པོ་ཞིག་བདེན་ཚིག་གིས་སོར་ཆུད་པར་མཛད། མཐར་ཨོ་ཌི་བི་ཤའི་ནགས་ཚལ་དབེན་པའི་སྒྲུབ་ཕུག་ཏུ་གཤེགས་སོ། །
PDF ཕབ་ལེན། |
---|
རྩ་ཤེའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། རྗེ་བློ་བཟང་གྲགས་པ།
བརྗོད་བྱ། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0221
ཡིག་ཆའི་རྣམ་པ། PDF མ་ཕྱིའི་པར་རྩ། བཀྲས་ལྷུན་ཤིང་པར།
ཤོག་གྲངས། 552 ལྗིད་ཚད། 2.7MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། ཕྱི་ལོ་༡༣༥༧ ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས། དགུང་ལོ་གསུམ་པར་རྗེ་ཀརྨ་པ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་སྙིང་པོ་དང་། དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་གྲགས་པ་གསོལ། དགུང་ལོ་བཅུ་བདུན་པར་སློབ་གཉེར་གྱི་ཆེད་དུ་དབུས་སུ་ཕེབས། དགུང་ལོ་སོ་དྲུག་གི་སྐབས་འཁོར་དག་པ་རྣམ་བརྒྱད་དང་བཅས་འོལ་ཁར་སྒྲུབ་པ་གཙོ་བོར་མཛད། དགུང་ལོ་སོ་བདུན་པར་རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད། དགུང་ལོ་སོ་དགུ་པར་གཉལ་གྱི་ལུང་རར་ཆོས་འཁོར་བསྐོར། དགུང་ལོ་ང་གཉིས་ཀྱི་སྐབས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས། དགུང་ལོ་ང་གསུམ་གྱི་སྐབས་དགའ་ལྡན་དགོན་པ་བཏབ། དགུང་ལོ་ང་དགུའི་སྐབས། དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ། གསུང་རྩོམ་ལ། རྩ་ཤེའི་ཊཱིཀ་ཆེན་སོགས་ལྟ་བའི་ལེགས་བཤད་ཆེན་པོ་ལྔ་དང་། ལེགས་བཤད་གསེར་ཕྲེང་། ལམ་རིམ་སྔགས་རིམ་གཉིས། རིམ་ལྔ་གསལ་སྒྲོན་སོགས་སྲིད་ན་འགྲན་ཟླ་བྲལ་བའི་ལེགས་བཤད་པོ་ཏི་ཆེན་པོ་བཅུ་དགུ་བཞུགས། རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་སློབ་མ་གྲགས་ཆེ་བ་བརྒྱ་དང་བཞི་བཅུ་ལྷག་བྱོན། དགུང་གྲངས་ ༦༣ པ་ཕྱི་ལོ་ ༡༤༡༩ ལོར་སྐུ་གཤེགས།
PDF ཕབ་ལེན། |
---|
ཕར་ཕྱིན་རྟོགས་དཀའི་སྣང་བ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་།
བརྗོད་བྱ། དོན་མངོན་པར་རྟོགས་པ་བརྒྱད།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0189
ཡིག་ཆའི་རྣམ་པ། PDF པར་གཞི། བཀྲས་ལྷུན་ཤིང་པར།
ཤོག་གྲངས། 522 ལྗིད་ཚད། 2.7MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༣ ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། མཁས་གྲུབ་དགེ་ལེགས་དཔལ་བཟང་མཆོག་ནི། ༡༣༨༥ ལོར་ལ་སྟོད་བྱང་གི་ས་ཆའི་ལྡོག་གཞུང་དུ་འཁྲུངས། བྱིས་པའི་དུས་ནས་ན་མཉམ་གཞན་དང་མི་འདྲ་བའི་མཁྱེན་རབ་ཀྱི་རྩལ་དང་མཛད་སྤྱོད་ཁྱད་པར་འཕགས་པ་ཞིག་བྱུང་། དགུང་ལོ་བདུན་གྱི་སྐབས་ཆོས་སྒོར་ཞུགས། མཚན་ལ་དགེ་ལེགས་དཔལ་བཟང་གསོལ། རྗེ་བཙུན་རེད་མདའ་བ་སོགས་ལས་གཞུང་ཆེན་ཁག་དང་གསང་སྔགས་ཀྱི་ཆོས་སྐོར་མང་པོ་གསན་ནས་སྦྱངས་པ་མཐར་ཕྱིན་པ་མཛད། ༡༤༠༠ ལོར་བོ་དོང་པཎ་ཆེན་དང་རྩོད་གླེང་མཛད། བོ་དོང་པཎ་ཆེན་རིན་པོ་ཆེས་མཁས་གྲུབ་རིན་པོ་ཆེའི་མཁྱེན་དཔྱོད་ལ་དགྱེས་ནས། མཁས་གྲུབ་རྗེ་ལ་ཆེད་དུ་བསྔགས་པའི་སྙན་ཚིག་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཞིག་མཛད་པ་དམ་པ་དེའི་གསུང་འབུམ་དུ་བཞུགས། དགུང་ལོ་ཉི་ཤུའི་སྐབས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གསུམ་གྱི་སྐབས་རྗེ་ཙོང་ཁ་པ་སེ་ར་ཆོས་སྡིངས་སུ་བཞུགས་པ་དང་མཇལ་ཞིང་། མདོ་སྔགས་ཀྱི་ཆོས་རྒྱུན་སྤྱི་དང་ཐུན་མོང་མ་ཡིན་པའི་གདམས་པ་ཡོངས་རྫོགས་ཆ་ཚང་བར་གནང་། དགུང་ལོ་ཞེ་བདུན་གྱི་སྐབས་དགའ་ལྡན་གྱི་ཁྲིར་ཕེབས། སློབ་མ་གྲགས་ཆེན་མང་དུ་བྱུང་། ༡༤༣༨ ལོར་སྐུ་གཤེགས། གདུང་རྟེན་རྗེ་ཙོང་ཁ་པའི་གདུང་རྟེན་གྱི་གཡོན་ཕྱོགས་སུ་བཞུགས། གསུང་རྩོམ་ལ། པོད་ཆེན་བཅུ་གསུམ་ཙམ་བཞུགས།