འདིའི་ནང་དུ་གྲྭ་ཚང་རང་ནས་རྒྱུད་སྟོད་སྨད་ཀྱི་མཁན་ཁྲི་ལས་དགའ་ལྡན་ཁྲི་དང་ཤར་བྱང་གི་ཆོས་རྗེར་མ་ཕེབས་པའི་སྐྱེས་བུ་དམ་པ་རྣམས་ཀྱི་མཚན་ཐོ་དང་། སྐུ་པར་དང་ལོ་རྒྱུས་རྙེད་སོན་བྱུང་བ་དག་ལ་སྐུ་པར་དང་ངོ་སྤྲོད་མདོར་བསྡུས་རེ་མཉམ་དུ་བཀོད་ཡོད་ཅིང་། ད་དུང་འདིའི་ནང་དུ་མ་ཚུད་པ་དང་རྣམ་ཐར་དང་སྐུ་པར་མ་རྙེད་པ་དག་ཀྱང་འཚོལ་སྡུད་བྱ་རྒྱུ་དང་། འབྲེལ་ཡོད་རྣམ་པས་ཀྱང་མཁོ་སྤྲོད་དང་རྒྱབ་རོགས་གནང་རྒྱུ་མཁྱེན་མཁྱེན་ཞེས་དང་། སྐྱོན་དང་ནོར་འཁྲུལ་གང་ཡོད་ལ་བཟོད་གསོལ་དང་ཡོ་བསྲང་བྱ་ངེས་ཡིན། [རྒྱུད་སྟོད་སྨད་ཀྱི་མཁན་པོ་ནས་ཤར་བྱང་གི་ཆོས་རྗེ་སོགས་དང་། གྲྭ་ཚང་གི་མཁན་པོར་ཕེབས་པ་དག་གི་སྐུ་པར་ཁུངས་གཞན་དུ་བཞུགས་བཅུག་ཡོད་པས་འདིའི་ནང་དུ་མེད།]
རྒྱུད་སྟོད་སྨད་ཀྱི་མཁན་པོ་མཁན་ཟུར། | ||
---|---|---|
ཨང་། | མཁན་པོ་མཁན་ཟུར་གྱི་མཚན་དང་ངོ་སྤྲོད་མདོར་བསྡུས། | འཁྲུངས་འདས་ཀྱི་ལོ་ཚིགས། |
༠༡ | རྒྱུད་སྨད་མཁན་ཟུར་སྐལ་བཟང་རྣམ་རྒྱལ། | - |
༠༢ | རྒྱུད་སྨད་མཁན་ཟུར་ཨོ་རྒྱན་ཚེ་བརྟན། | ༡༩༡༥-༢༠༠༧ |
༠༣ | རྒྱུད་སྨད་མཁན་ཟུར་རྡོ་རྗེ་བཀྲ་ཤིས། | ༡༩༢༩-༡༩༩༩ |
༠༤ | རྒྱུད་སྟོད་མཁན་ཟུར་བསྟན་འཛིན་བྱམས་པ་ཆོས་བཟང་། | - |
༠༥ | རྒྱུད་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་། | - |
༠༦ | རྒྱུད་སྟོད་མཁན་ཟུར་བསྟན་འཛིན་འབྱུང་གནས། | ༡༩༥༤- |
༠༧ | རྒྱུད་སྨད་མཁན་ཟུར་བློ་བཟང་བདེ་ལེགས། | ༡༩༣༩ - |
༠༨ | རྒྱུད་སྨད་མཁན་པོ་བློ་བཟང་དབང་འདུས། | - |