- མདུན་ངོས།
- འཕྲུལ་དེབ་གསར་ཤོས།
- ༧གོང་ས་མཆོག
༧གོང་ས་མཆོག (63)
ཆོས་སྲིད་ལམ་སྟོན་གཉིས་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ། ཆོས་སྲིད་ལམ་སྟོན། (༡༩༨༩-༢༠༡༡)
ཕྱོགས་སྒྲིག་པ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་།
པར་གཞིའི་ཡོང་ཁུངས། རྣམ་རྒྱལ་གྲྭ་ཚང་།
རིག་མཛོད་དེབ་ཨང་། SJRB-0123
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.5MB
༢༠༡༥ ཟླ་ ༥ པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༩ ཚེས་ ༡༤ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། ཕྱི་ལོ་ ༡༩༨༩ ནས་ཕྱི་ལོ་ ༢༠༡༡ བར་སྔ་ཕྱིར་རིན་ཐང་བྲལ་བའི་བཀའ་སློབ་ལམ་སྟོན་ཁག་བགྲང་ལས་འདས་པ་ཞིག་གནང་ཡོད་པ་ལས་འཕྲུལ་དེབ་འདིར། གཞུང་ཞབས་པ་ཁག་དང་། དྲུང་ཆེ་ཁག ། ལས་ཁུངས་ཀྱི་དབུ་འཛིན། ཆོས་བརྒྱུད་ཁག་དང་མི་མང་གི་སྤྱི་འཐུས་ཁག ། བཀའ་བློན་རྣམ་པ་དང་བཀའ་ཤག་སོགས་ཚོགས་པ་སྡེ་ཚན་དང་གང་ཟག་སོ་སོ་བཅས་སྣ་ཚོགས་པ་ལ་ཚོགས་ཐོག་དང་མཇལ་བཅར་གྱི་སྐབས་སོགས་སུ་གནང་བའི་བཀའ་སློབ་ལམ་སྟོན་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སྔ་རྗེས་སུ་སྩལ་བའི་གསུང་འཕྲིན་ཁག་ཅིག་བཅས་ཚན་པ་ ༢༧ ལྷན་དུ་བཞུགས།
ཕབ་ལེན། PDF ཕབ་ལེན།
དེ་ལས་མང་བ།...
ཤེས་ཡོན་ལམ་སྟོན། དང་པོ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ། ཤེས་ཡོན་ལམ་སྟོན། ( ༡༩༥༩-༡༩༨༩ )
ཕྱོགས་སྒྲིག་པ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་།
པར་གཞིའི་ཡོང་ཁུངས། རྣམ་རྒྱལ་གྲྭ་ཚང་།
རིག་མཛོད་དེབ་ཨང་། SJRB-0157
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.7MB
༢༠༡༥ ཟླ་གཉིས་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༩ ཚེས་ ༡༤ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདི་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། ཕྱི་ལོ་ ༡༩༥༩ ལོ་ནས་ཕྱི་ལོ་ ༡༩༨༩ ལོའི་བར་ལ་སློབ་གྲྭ་སྒོ་འབྱེད་ཀྱི་མཛད་སྒོའི་ཐོག་བསྩལ་པ་དང་། སློབ་གྲྭ་ཁག་གི་ལོ་འཁོར་མཛད་སྒོའི་ཐོག་གནང་བ། ཤེས་རིག་ཚོགས་ཆེན་ཁག་ལ་བསྩལ་པ། དགེ་རྒན་འོས་སྦྱོང་བ་ལ་བསྩལ་པ། མཁས་པའི་བགྲོ་གླེང་ཚོགས་ཐོག་ཏུ་བསྩལ་པ། མཐོ་སློབ་ཁག་ཏུ་བསྩལ་པ། ཚགས་ཤོག་གྲགས་ཅན་ཁག་ལ་གནང་བའི་གསུང་འཕྲིན་སོགས་ཤེས་ཡོན་ཡར་རྒྱས་དང་ཡ་རབས་བཟང་སྤྱོད་སོགས་ཀྱི་ཐོག་གནང་བའི་རིན་ཐང་བྲལ་བའི་ལམ་སྟོན་བཀའ་སློབ་དང་གསུང་འཕྲིན་བཀའ་ཡིག་བཅས་ཁྱོན་གྲངས་ ༥༠ ཕྱོགས་བསྒྲིགས་ཀྱིས་གྲུབ་པ་ཡིན།
ཕབ་ལེན། PDF ཕབ་ལེན།
ཤེས་ཡོན་ལམ་སྟོན། གཉིས་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ། ཤེས་ཡོན་ལམ་སྟོན། ( ༡༩༩༠-༡༩༩༩ )
ཕྱོགས་སྒྲིག་པ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་།
པར་གཞིའི་ཡོང་ཁུངས། རྣམ་རྒྱལ་གྲྭ་ཚང་།
རིག་མཛོད་དེབ་ཨང་། SJRB-0158
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.9MB
༢༠༡༥ ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༩ ཚེས་ ༡༤ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདི་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། ཕྱི་ལོ་ ༡༩༩༠ ལོ་ནས་ཕྱི་ལོ་ ༡༩༩༩ ལོའི་བར་ལ་སློབ་གྲྭ་ཁག་དབུ་འབྱེད་མཛད་སྒོ་དང་ལོ་འཁོར་དུས་ཆེན་ལ་གནང་བ། རྩོམ་པ་པོའི་ཚོགས་ཆེན་ལ་བསྩལ་པ། དགེ་རྒན་འོས་སྦྱོང་བ་ལ་བསྩལ་པ། མཁས་པའི་བགྲོ་གླེང་ཚོགས་ཐོག་ཏུ་བསྩལ་པ། མཐོ་སློབ་ཁག་ཏུ་བསྩལ་པ་སོགས་ཤེས་ཡོན་ཡར་རྒྱས་དང་ཡ་རབས་བཟང་སྤྱོད་སོགས་ཀྱི་ཐོག་གནང་བའི་རིན་ཐང་བྲལ་བའི་ལམ་སྟོན་བཀའ་སློབ་གྲངས་ ༤༢ ཕྱོགས་བསྒྲིགས་ཀྱིས་གྲུབ་པ་ཡིན།
ཕབ་ལེན། PDF ཕབ་ལེན།
དངོས་ཁམས་རིག་པའི་སྐོར་གྱི་བཀའ་སློབ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ། ཚན་རིག་གི་དཔྱད་ཞིབ་ནང་ཤེས་པའི་རྣམ་གཞག་གིས་ཁ་སྐོང་དགོས་སྐོར།
རིག་མཛོད་དེབ་ཨང་། SJRB-0126
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 501KB
༢༠༡༥ ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༩ ཚེས་ ༡༤ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
བཀའ་སློབ་འདི་ནི། ༧གོང་ས་མཆོག་དབུ་བཞུགས་ཐོག་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དང་། ཡང་སྟེང་རིན་པོ་ཆེ། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་ནང་པའི་[ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཆེན་མོ་]རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་པ་བཅས་བླ་སྤྲུལ་དགེ་བཤེས་མཁས་དབང་ཁག་ཅིག་གིས་ནང་པའི་གཞུང་ལས་བཤད་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་ཀུན་ལས་བཏུས་པའི་གླེགས་བམ་བསྐྱར་ཞིབ་མཛད་པའི་ཐོག་སྩལ་བའི་བཀའ་སློབ་ཅིག་ཡིན། འདིའི་ནང་དུ་དེང་དུས་ཤེས་ཡོན་གྱི་དཀྱིལ་འཁོར་ཧ་ཅང་རྒྱ་ཆེན་པོ་ཡོད་པ་མ་ཟད་ད་དུང་མུ་མཐུད་ནས་ཡར་རྒྱས་སུ་འགྲོ་བཞིན་ཡོད་ན་ཡང་། ཚན་རིག་གི་དཔྱད་ཞིབ་བྱ་རྒྱུའི་སྡེ་ཚན་ནང་ཕྱི་དངོས་པོའི་རྣམ་གཞག་ལས། ནང་སེམས་ཀྱི་རྣམ་གཞག་མེད་པ་ལྟ་བུ་ཡིན་སྟབས། ཤེས་བྱའི་སྡེ་ཚན་གྱི་ནང་དུ་སེམས་ཁམས་རིག་པའི་རྣམ་གཞག་ཅིག་དགོས་ངེས་ཤིང་། དེ་ཡང་ཤེས་བྱའི་སྡེ་ཚན་རྒྱ་སྐྱེད་པ་ཙམ་མིན་པར་ནང་སེམས་དང་བཅས་པའི་གཞི་དངོས་པའི་གནས་ཚོད་ལ་དཔྱད་ཞིབ་མཐའ་ཆོད་པ་བྱས་པའི་ཐོག་ནས་ཐོག་མའི་ཕན་ཐོགས་ཀྱི་དམིགས་ཡུལ་སྒྲུབ་ཐུབ་པ་ཞིག་ཡོང་བའི་ཆེད་དང་། དེའི་ཐད་ང་ཚོའི་གཞུང་གི་ནང་ནང་སེམས་ཀྱི་རང་བཞིན་ལ་དཔྱད་ཞིབ་བྱས་པའི་གྲུབ་དོན་དང་། བདེ་སྡུག་བླང་དོར་གྱི་རྣམ་གཞག་ལག་ལེན་ཐད་ནས་འཛམ་གླིང་སྤྱི་ལ་ཞབས་འདེགས་དང་ཕན་ཐོགས་སྒྲུབ་ཐུབ་པའི་དམིགས་བསལ་གྱི་ཆ་རྐྱེན་ཡོད་པ་སོགས་གསུངས་ཡོད།
ཕབ་ལེན། PDF ཕབ་ལེན།
ཤར་ནུབ་ཀྱི་སེམས་ཁམས་རིག་པའི་བགྲོ་གླེང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ༧གོང་ས་མཆོག་སོགས།
བརྗོད་བྱ། ཚན་རིག་པ་དང་བགྲོ་གླེང་གནང་བའི་ནང་དོན་སྐོར། ( ༢༠༠༣ )
རྩོམ་སྒྲིག་པ། ཧན་རེ་ཏྲོང་དང་ཨ་ཐོར། (Anne Harrington and Arthur Zajionc)
སྒྱུར་བ་པོ། བསྟན་འཛིན་རིག་བཟང་།
པར་གཞིའི་ཡོང་ཁུངས། བསྟན་འཛིན་རིག་བཟང་།
རིག་མཛོད་དེབ་ཨང་། SJRB-0162
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2MB
༢༠༡༧ ལོའི་ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༩ ཚེས་ ༡༤ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དཔེ་དེབ་འདི་ནི་ཕྱི་ལོ་ཉིས་སྟོང་གསུམ་ལོའི་ཟླ་དགུ་པར་ཨད་མི་ཨ་ཡེ་ཏྲེར་[MIT]༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོ་བོར་མཛད་དེ་ཚན་རིག་པ་མཁས་དབང་ཁག་གཅིག་གིས་“ སེམས་ལ་དཔྱད་པ “ ཞེས་པའི་མིང་བྱང་འོག་ཏུ་ཉིན་གཉིས་རིང་སེམས་དང་སྲོག་གི་ཚོགས་འདུ་སྐོང་ཚོགས་གནང་སྟེ་ཕྱིའི་གཟུགས་ཅན་གྱི་དངོས་པོ་དང་། ནང་སེམས་ཀྱི་ངོ་བོ་དང་རྣམ་བཞག་བཅས་ཀྱི་སྐོར་ལ་བགྲོ་གླེང་ཞིབ་མོར་གནང་བའི་ནང་དོན་རྣམས་ཟིན་བྲིས་སུ་བཏབ་སྟེ་རྩོམ་སྒྲིག་བྱས་པ་ཞིག་ཡིན། དེབ་འདིའི་པར་རྩའི་ཡོང་ཁུངས་ནི་སྒྱུར་པ་པོས་འདི་ག་རྩོམ་སྒྲིག་ཁང་དུ་གནང་འབྱོར་བྱུང་བ་རང་སོར་བཞག་སྟེ་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་པ་ཡིན།
ཕབ་ལེན། PDF ཕབ་ལེན།
ཐིག་ལེ་བཅུ་དྲུག་གི་དབང་ཟིན་སོགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
ཡིག་འབེབས་དང་ཞུ་སྒྲིག་པ། ཤེས་རབ་དར་རྒྱས།
པར་གཞིའི་ཡོང་ཁུངས། ཤེས་རབ་དར་རྒྱས།
རིག་མཛོད་དེབ་ཨང་། SJRB-0125
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.1MB
༢༠༡༥ ཟླ་བཅུ་གཉིས་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༩ ཚེས་ ༡༤ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདི་ནི་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞལ་སྔ་ནས་ཀྱིས་ལན་གྲངས་དུ་མར་སྩལ་བའི་ཟབ་ཆོས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་སྒྲ་འཇུག་གསུང་འཁོར་ལས། རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་ཡིག་འབེབས་དང་ཞུ་སྒྲིག་བྱས་པ་ཞིག་ཡིན་ཞིང་། འདིར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཆོས་འབྱུང་མདོར་བསྡུས་དང་། ཐིག་ལེ་བཅུ་དྲུག་སོ་སོའི་དབང་སྐབས་ཀྱི་དམིགས་པ་སྐྱོང་སྟངས་སོགས་དང་། དབང་གི་གསན་ཡིག ། ཐུན་མིན་གྱི་བཤད་པ་སོགས་དང་། གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་ཐིག་ལེ་བཅུ་དྲུག་གི་སྒོམ་བཟླས་ཉམས་སུ་ལེན་ཚུལ་སྙིང་པོར་དྲིལ་བ་བཅས་ལྷན་དུ་བཞུགས།
ཕབ་ལེན། PDF ཕབ་ལེན།
དཔེ་མཛོད་ཀྱི་རེའུ་མིག
བཞི་པ། ྋགོང་ས་མཆོག་གི་རེའུ་མིག
སྡེ་ཚན། : ༧གོང་ས་མཆོག | ཀློག་གྲངས། 10006
དྲུག་པ། ཚན་རིག་གི་རེའུ་མིག
སྡེ་ཚན། : ཚན་རིག | ཀློག་གྲངས། 8794
བརྒྱད་པ། དེང་རྩོམ་གྱི་རེའུ་མིག
སྡེ་ཚན། : དེང་རྩོམ། | ཀློག་གྲངས། 9808
བདུན་པ། ཐོར་བུའི་རེའུ་མིག
སྡེ་ཚན། : ཐོར་བུ། | ཀློག་གྲངས། 14537
གསུམ་པ། གཞུང་ཆེན་ཁག་གི་རེའུ་མིག
སྡེ་ཚན། : གཞུང་ཆེན་ཁག | ཀློག་གྲངས། 16270
ལྔ་པ། རིག་གནས་ཀྱི་རེའུ་མིག
སྡེ་ཚན། : རིག་གནས། | ཀློག་གྲངས། 12542
གཉིས་པ། གསུང་འབུམ་གྱི་རེའུ་མིག
སྡེ་ཚན། : གསུང་འབུམ། | ཀློག་གྲངས། 13865
དང་པོ། བཀའ་བསྟན་གྱི་རེའུ་མིག
སྡེ་ཚན། : བཀའ་བསྟན། | ཀློག་གྲངས། 10216