- མདུན་ངོས།
- བཀའ་ཁྲིད།
བཀའ་རྩོམ། (10)
ཚན་རིག་ཀུན་བཏུས་ཀྱི་སྔོན་གླེང་།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ། ནང་པའི་ཚན་རིག་ཀུན་བཏུས་དེབ་ཕྲེང་གི་སྔོན་གླེང་བཀའ་རྩོམ།
པར་གཞིའི་ཡོང་ཁུངས། ཚན་རིག་ཀུན་བཏུས་དེབ་ལས་ཟུར་འདོན་ཞུས།
རིག་མཛོད་དེབ་ཨང་། SJRB-0143
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 727KB
༢༠༡༥ ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༩ ཚེས་ ༡༤ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདི་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་གིས་ནང་པའི་གཞུང་ནས་བཤད་པའི་ཚན་རིག་དང་། ལྟ་གྲུབ་ཀྱི་རྣམ་གཞག་ཀུན་ལས་བཏུས་པའི་གླེགས་བམ་རྩོམ་སྒྲིག་གནང་སྐབས། དེའི་སྔོན་གླེང་དུ་སྩལ་གནང་མཛད་པ་ཞིག་ཡིན་ལ། བཀའ་རྩོམ་འདིའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་པའི་ཆ་ཤས་ཤིག་སྟེ། ནང་པའི་གསུང་རབ་ཀྱི་བརྗོད་བྱ་ལ་སྡེ་ཚན་གསུམ་དུ་གནས་པ་གསལ་སྟོན་མཛད་ཅིང་། དེའི་དགོས་པ་དམིགས་ཡུལ་སོགས་དང་། ལྷག་པར་ནང་པའི་གཞུང་ནས་འབྱུང་བའི་གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག་གི་སྐོར་དང་། ལྟ་གྲུབ་ཀྱི་རྣམ་གཞག་ཕྱོགས་གཅིག་ཏུ་རྩོམ་སྒྲིག་བྱས་པའི་གླེགས་བམ་འདི་དག་གིས་ད་ལྟའི་འཇིག་རྟེན་སྤྱི་ཡོངས་ཀྱི་ཤེས་ཡོན་སློབ་གསོའི་གཞུང་ལུགས་ཐད་ཁ་སྐོང་དང་སྔར་མེད་གསར་གཏོད་ཀྱི་ལེགས་སྐྱེས་ཤིག་འབུལ་ཐུབ་པ་དང་། དེ་ལྟར་བྱུང་ན་སྐྱེ་འགྲོ་མང་པོར་ཕན་རླབས་རྒྱ་ཆེར་འབྱུང་ངེས་པའི་ཐུགས་རེའི་ལམ་སྟོན་མཛད་ཡོད།
ཕབ་ལེན། PDF ཕབ་ལེན།
དེ་ལས་མང་བ།...
སེམས་དང་ཚེ་སྲོག
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ༧གོང་ས་མཆོག་སོགས།
བརྗོད་བྱ། ཚན་རིག་པ་དང་བགྲོ་གླེང་གནང་བའི་ནང་དོན་སྐོར། (༢༠༠༢)
རྩོམ་པ་པོ། ལོ་ཡེ་སི། (Prof. Dr. Pier Luigi Luisi)
སྒྱུར་བ་པོ། བསྟན་འཛིན་རིག་བཟང་།
པར་གཞིའི་ཡོང་ཁུངས། བསྟན་འཛིན་རིག་བཟང་།
རིག་མཛོད་དེབ་ཨང་། SJRB-0115
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 4.3MB
༢༠༡༥ ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༩ ཚེས་ ༡༤ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དཔེ་དེབ་འདི་ནི་ཕྱི་ལོ་ཉིས་སྟོང་གཉིས་ལོར་བཞུགས་སྒར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ཚན་རིག་མཁས་དབང་ཁག་གཅིག་གིས་ཉིན་ལྔའི་རིང་སེམས་དང་སྲོག་གི་ཚོགས་འདུ་ཐེངས་བཅུ་པ་སྐོང་ཚོགས་གནང་སྟེ་ཕྱིའི་གཟུགས་ཅན་གྱི་དངོས་པོ་དང་། ནང་སེམས་ཀྱི་ངོ་བོ་དང་རྣམ་བཞག་བཅས་ཀྱི་སྐོར་ལ་བགྲོ་གླེང་ཞིབ་མོར་གནང་བ་དང་འབྲེལ་བླང་དོར་གྱི་དཀའ་རྙོག་གི་སྐོར་ལ་གོ་བསྡུར་གནང་བ་བཅས་ཀྱི་ནང་དོན་རྣམས་ཟིན་བྲིས་སུ་བཏབ་སྟེ་རྩོམ་སྒྲིག་བྱས་པ་ཞིག་ཡིན་ཞིང་། ཚན་རིག་དང་ནང་ཆོས་ཀྱི་ལྟ་གྲུབ་སྐོར་གྱི་འབྲེལ་བ་དང་དམིགས་ཡུལ་ཕན་འབྲས་བཅས་ལ་མནོ་བསམ་གཏོང་འདོད་པ་རྣམས་ཀྱིས་ངེས་པར་བཀླག་འོས་པ་ཞིག་ཡིན་འདུག ། འདིའི་པར་རྩའི་ཡོང་ཁུངས་ནི་སྒྱུར་པ་པོས་འདི་ག་རྩོམ་སྒྲིག་ཁང་དུ་གནང་འབྱོར་བྱུང་བ་རང་སོར་བཞག་སྟེ་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཡོད།
ཕབ་ལེན། PDF ཕབ་ལེན།
ལེགས་བཤད་བློ་གསར་མིག་འབྱེད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
ཕྱོགས་སྒྲིག་པ། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས།
ཡིག་འབེབས་དང་ཞུ་དག་པ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
པར་གཞིའི་ཡོང་ཁུངས། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས།
རིག་མཛོད་དེབ་ཨང་། SJRB-0156
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 791KB
༢༠༡༥ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༡༢ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདིར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། ཕྱི་ལོ་ ༡༩༦༠ ནང་བློ་གསར་བ་དང་། ཤར་ནུབ་ཀྱི་སྐྱེ་བོ་ཤེས་འདོད་ཅན་རྣམས་ཀྱིས་ནང་དོན་རིག་པའི་རྣམ་གཞག་རྟོགས་སླ་བའི་ཆེད་གོ་བདེ་བ་གཙོ་བོར་མཛད་དེ་སྩལ་བའི་བཀའ་རྩོམ་ཁག་ཅིག་ཕྱོགས་བསྒྲིགས་ཞུས་པ་ཞིག་ཡིན། འདིར་ཆོས་བྱེད་དགོས་པའི་རྒྱུ་མཚན་དང་། གཞི་བདེན་པ་གཉིས་ཀྱི་ངོས་འཛིན། སངས་རྒྱས་ཀྱི་གསུང་རབ་སྡེ་སྣོད་གསུམ་དང་། དེའི་བརྗོད་བྱ་བསླབ་པ་གསུམ་གྱི་ངོ་སྤྲོད། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་འབྲས་བུ་རྡོ་རྗེའི་ཐེག་པའི་སྐོར། སྐུ་བཞི་ཡོན་ཏན་འཕྲིན་ལས་ཀྱི་སྐོར་ངོ་སྤྲོད་གནང་བ་བཅས་ཕྱོགས་བསྒྲིགས་ཞུས་ཡོད།
ཕབ་ལེན། PDF ཕབ་ལེན།
གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
མཚན་བྱང་གཞན། སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག
བརྗོད་བྱ། མི་སྒེར་དང་སྤྱི་ཚོགས་ཀྱི་བླང་དོར་ལམ་སྟོན།
སྒྱུར་པ་པོ། བསྟན་འཛིན་རིག་བཟང་།
པར་གཞིའི་ཡོང་ཁུངས། བསྟན་འཛིན་རིག་བཟང་།
རིག་མཛོད་དེབ་ཨང་། SJRB-0159
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.6MB
༢༠༡༥ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༡༢ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདིའི་ནང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། འགྲོ་བ་མི་སྤྱི་ལ་ཕྲད་པའི་སྡུག་བསྔལ་དང་དཀའ་རྙོག་མང་པོ་ཞིག་ལ་སྔོན་འགོག་དང་གདོང་ལེན་བྱེད་ཆེད་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་གཏོང་པ་དང་། དེ་ལ་ཆོས་ལུགས་ལས་བརྒལ་བའི་སྤྱི་ཁྱབ་རང་བཞིན་གྱི་རྩ་འཛིན་ཁག་ཅིག་གཞི་རུ་བཞག་པའི་བླང་དོར་གྱི་རྣམ་གཞག་ཅིག་གི་དགོས་མཁོ་གླེང་སློང་གནང་ཡོད་པ་དང་། དེ་ཡང་རྒྱུ་མཚན་ལྡན་པའི་སྒོ་ནས་ཐུན་མོང་གི་མྱོང་བ་དང་དཔེ་མཚོན་གྱི་ལམ་ནས་གོ་བདེ་བའི་འགྲེལ་བརྗོད་གནང་ཡོད། གསུང་རྩོམ་འདི་ཕྱི་ལོ་ ༡༩༩༩ ལོར་དབྱིན་ཡིག་ནང་པར་སྐྲུན་བྱས་ཤིང་། ཕྱི་ལོ་ ༢༠༡༣ ལོར་བོད་ཡིག་ཏུ་བསྒྱུར།
ཕབ་ལེན། PDF ཕབ་ལེན།
རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ། ཚན་རིག་དང་སེམས་དོན་རིག་པ་མཉམ་སྦྲགས་ཀྱིས་གླེང་བ།
བོད་ཡིག་ཏུ་སྒྱུར་བ་པོ། བསྟན་འཛིན་རིག་བཟང་།
པར་གཞིའི་ཡོང་ཁུངས། བསྟན་འཛིན་རིག་བཟང་།
རིག་མཛོད་དེབ་ཨང་། SJRB-0160
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.6MB
༢༠༡༥ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༡༢ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདིར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། ཚན་རིག་དང་སེམས་དོན་རིག་པ་གཉིས་ཀར་འགྲོ་བ་མིའི་རིགས་ཀྱི་གནས་སྟངས་ལེགས་བཅོས་བྱེད་པའི་དམིགས་ཡུལ་གལ་ཆེན་འདི་གཅིག་མཚུངས་སུ་ཡོད་པ་དང་། སྙིང་རྗེ་དང་ཤེས་རབ་ཟུང་དུ་སྦྲེལ་བའི་ཚན་རིག་དང་སེམས་དོན་རིག་པ་ནི་འགྲོ་བ་མིའི་བདེ་སྐྱིད་དང་ཤེས་ཡོན་གྱི་འབྱུང་ཁུངས་གལ་ཆེན་གཉིས་ཡིན་ཞིང་། མིག་སྔར་ཡོད་པའི་འགྲོ་བ་མི་སྤྱིའི་དཀའ་ངལ་རྣམས་ལ་གདོང་ལེན་བྱེད་པར་ཤེས་ཡོན་གྱི་སྡེ་ཚན་འདི་གཉིས་ཀྱིས་མཉམ་འབྲེལ་གྱིས་མིའི་རིགས་ཀྱི་བདེ་ཐབས་ཀྱི་དགོས་མཁོར་ལས་དོན་ནུས་སྟོབས་ཅན་ཞིག་བྱ་ཐུབ་པའི་སྐོར་སོགས་གསུངས་ཡོད། གསུང་རྩོམ་འདི་ཕྱི་ལོ་ ༢༠༠༥ ལོར་དབྱིན་ཡིག་ནང་པར་སྐྲུན་བྱས་ཤིང་། ཕྱི་ལོ་ ༢༠༠༨ ལོར་བོད་ཡིག་ཏུ་བསྒྱུར།
ཡོངས་འཛིན་གླིང་རིན་པོ་ཆེའི་རྣམ་ཐར།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ། ཡོངས་འཛིན་གླིང་རིན་པོ་ཆེའི་རྣམ་ཐར།
པར་གཞིའི་ཡོང་ཁུངས། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས།
རིག་མཛོད་དེབ་ཨང་། SJRB-0149
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.2MB
༢༠༡༥ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༡༢ ཚེས་ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མཛད་པའི་ཡོངས་འཛིན་གླིང་རིན་པོ་ཆེའི་མཛད་རྣམ་ནོར་བུའི་དོ་ཤལ་ཞེས་པ་འདི་ནི། ཕྱི་ལོ་ ༡༩༨༨ ལོར་བརྩམས་ཤིང་ཕྱི་ལོ་ ༡༩༨༩ ལོར་བོད་གཞུང་ཤེས་རིག་པར་ཁང་ནས་དཔེ་རིང་དུ་པར་འདེབས་ཞུས། དེ་རྗེས་བོད་ཀྱི་དཔེ་མཛོད་ཁང་དང་ཡོངས་གླིང་བླ་བྲང་ནས་སྐུ་པར་གང་འཚམས་སྣོན་འཇུག་དང་བཅས་ཕྱི་ལོ་ ༢༠༠༩ ལོར་དེབ་གཟུགས་ཐོག་པར་སྐྲུན་གནང་། མ་ཡིག་དེ་གཞིར་བཟུང་ནས་བསྐྱར་དུ་དཔེ་བསྡུར་དང་ཞུ་དག་བཅས་བྱས་ཏེ། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས་ནས་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དཔེ་ཚོགས་ཀྱི་གྲས་སུ་པར་སྐྲུན་ཞུས་པ་ཡིན་ཞིང་། དེའི་པར་གཞི་གཞིར་བཟུང་གིས་འཕྲུལ་དེབ་ཏུ་བསྒྲིགས།