-
མདུན་ངོས།
- འཕྲུལ་དེབ་གསར་ཤོས།

འཕྲུལ་དེབ་གསར་ཤོས། (513)
སྟོན་པའི་རྣམ་ཐར་ཕྱོགས་བཏུས། [ཀ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། བུ་སྟོན་ཐམས་ཅད་མཁྱེན་པ་སོགས།
བརྗོད་བྱ། སྟོན་པའི་རྣམ་ཐར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0113
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.5MB
བསྐྱར་སྒྲིག་པ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༦ ཚེས་ ༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དད་ལྡན་དོན་གཉེར་ཅན་རྣམས་གཙོ་བྱས་ཏེ་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་རྣམ་ཤེས་འདོད་ཡོད་པ་དག་གི་ཆེད་དུ། འདི་ག་རྩོམ་སྒྲིག་ཁང་གིས་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་རྣམ་མི་འདྲ་བ་གང་ཡོད་ཕྱོགས་བཏུས་ཀྱིས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱ་འཆར་ཡོད་པ་ལྟར།
ཐེངས་འདིར་བུ་སྟོན་ཆོས་འབྱུང་ལས་འབྱུང་བའི་སྟོན་པའི་རྣམ་ཐར་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་སྟོན་པའི་རྣམ་ཐར། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་འབྱུང་བའི་སྟོན་པའི་རྣམ་ཐར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་འབྱུང་བའི་སྟོན་པའི་རྣམ་ཐར། རྗེ་བཙུན་ཡེ་ཤེས་རྒྱ་མཚོའི་སྟོན་པའི་རྣམ་ཐར། དུང་དཀར་གྲུབ་མཐའ་ལས་འབྱུང་བའི་སྟོན་པའི་རྣམ་ཐར་བཅས་ཕྱོགས་བསྒྲིགས་ཀྱིས་འཕྲུལ་དེབ་གཉིས་སུ་བགོས་ཏེ་རྩོམ་སྒྲིག་བྱས་ཡོད།
གསལ་བཤད་ཞུ་རྒྱུར། དུས་ཚོད་ཀྱི་རྐྱེན་གྱིས་མཛད་རྣམ་འདི་དག་ལ་ཞུས་དག་ཞིབ་ཚགས་ཤིག་གཏོང་ཁོམ་མ་བྱུང་བར་རྩོམ་སྒྲིག་བྱས་པ་ཡིན་པས། ཡིག་ནོར་གང་མང་ཞིག་ལྷག་འདུག་ན་ཀློག་པ་པོ་རྣམས་ལ་བཟོད་གསོལ་དང་འབྲེལ་རྗེས་སུ་བསྐྱར་ཞིབ་བྱས་ཏེ་རྩོམ་སྒྲིག་བྱ་རྒྱུ་ལགས་ན་དེའི་ལུགས་དགོངས་འཇགས་འཚལ།
PDF ཕབ་ལེན། |
---|
དེ་ལས་མང་བ།...
སྟོན་པའི་རྣམ་ཐར་ཕྱོགས་བཏུས། [ཁ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ་སོགས།
བརྗོད་བྱ། སྟོན་པའི་མཛད་རྣམ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0114
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.4MB
བསྐྱར་སྒྲིག་པ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༦ ཚེས་ ༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་མཆོག་ཏུ་བཀུར་འོས་དད་ལྡན་དོན་གཉེར་ཅན་རྣམས་གཙོ་བྱས་ཏེ་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་རྣམ་ཤེས་འདོད་ཡོད་པ་དག་གི་ཆེད་དུ། འདི་ག་རྩོམ་སྒྲིག་ཁང་གིས་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་རྣམ་མི་འདྲ་བ་གང་ཡོད་ཕྱོགས་བཏུས་ཀྱིས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱ་འཆར་ཡོད་པ་ལྟར།
ཐེངས་འདིར་བུ་སྟོན་ཆོས་འབྱུང་ལས་འབྱུང་བའི་སྟོན་པའི་རྣམ་ཐར་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་སྟོན་པའི་རྣམ་ཐར། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་འབྱུང་བའི་སྟོན་པའི་རྣམ་ཐར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་འབྱུང་བའི་སྟོན་པའི་རྣམ་ཐར། རྗེ་བཙུན་ཡེ་ཤེས་རྒྱ་མཚོའི་སྟོན་པའི་རྣམ་ཐར། དུང་དཀར་གྲུབ་མཐའ་ལས་འབྱུང་བའི་སྟོན་པའི་རྣམ་ཐར་བཅས་ཕྱོགས་བསྒྲིགས་ཀྱིས་འཕྲུལ་དེབ་གཉིས་སུ་བགོས་ཏེ་རྩོམ་སྒྲིག་བྱས་ཡོད།
གསལ་བཤད་ཞུ་རྒྱུར། དུས་ཚོད་ཀྱི་རྐྱེན་གྱིས་མཛད་རྣམ་འདི་དག་ལ་ཞུས་དག་ཞིབ་ཚགས་ཤིག་གཏོང་ཁོམ་མ་བྱུང་བར་རྩོམ་སྒྲིག་བྱས་པ་ཡིན་པས། ཡིག་ནོར་གང་མང་ཞིག་ལྷག་འདུག་ན་ཀློག་པ་པོ་རྣམས་ལ་བཟོད་གསོལ་དང་འབྲེལ་རྗེས་སུ་བསྐྱར་ཞིབ་བྱས་ཏེ་རྩོམ་སྒྲིག་བྱ་རྒྱུ་ལགས་ན་དེའི་ལུགས་དགོངས་འཇགས་འཚལ།
PDF ཕབ་ལེན། |
---|
བཤེས་སྤྲིངས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ།
བརྗོད་བྱ། ངན་སོང་གི་སྡུག་བསྔལ་སོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0010
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 465KB
བསྐྱར་སྒྲིག་པ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༥ ཚེས་ ༢༧ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། རྒྱ་གར་ལྷོ་ཕྱོགས་སུ་སྐུ་འཁྲུངས། ནཱ་ལེནྡྲར་ཕེབས་ཏེ་ཆོས་མང་པོ་གསན། མཁན་པོ་སྒྲ་གཅན་འཛིན་བཟང་པོའི་དྲུང་དུ་དགེ་སློང་གི་སྡོམ་པ་ཞུས། མཚན་དགེ་སློང་དཔལ་ལྡན་ཞེས་གསོལ། དགེ་སློང་བདེ་བྱེད་ཅེས་པ་སུན་ཕྱུང་། སྐུ་ཚེའི་སྨད་ལ་ལྷོ་ཕྱོགས་དཔལ་གྱི་རིར་བཞུགས་ཤིང་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། ལྷག་པར་ཆོས་དབྱིངས་བསྟོད་པ་སོགས་མཛད་ནས་གདུལ་བྱ་མང་པོ་ཐེག་པ་ཆེན་པོའི་ལམ་དུ་ཁྲིད་པར་མཛད། རྒྱལ་པོ་བདེ་སྤྱོད་བཟང་པོའི་བུ་གཞོན་ནུ་ནུས་ལྡན་གྱིས་དབུ་བསླངས་པར། སློབ་དཔོན་གྱིས་སྟེར་བར་ཞལ་གྱིས་བཞེས་ཏེ། རྒྱལ་བུ་དེས་དབུ་བཅད་ནས་བཀྲོངས་སོ། །སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ། དབུ་མ་རིགས་ཚོགས་སོགས་མང་ཞིང་། སློབ་མའི་གཙོ་བོར་གྱུར་པ་ཤཱཀྱ་མི་ཏྲ་དང་སོགས་མང་དུ་བྱུང་ངོ་། །
ཕབ་ལེན། PDF ཕབ་ལེན།
པྲ་ཏིའི་དྲང་ངེས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། བློ་བཟང་དགེ་ལེགས།
བརྗོད་བྱ། མདོའི་དྲང་ངེས་དོན་གྱི་རྣམ་གཞག
རིག་མཛོད་འཕྲུལ་དེབ་ཨང་། SJRB-0349
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.3MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༢ ཟླ་ ༥ ཚེས་ ༢༥ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་རབ་འབྱམས་སྨྲ་བ་བློ་བཟང་དགེ་ལེགས་ནི། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་བཞུགས་ཤིང་། གཞུང་ཆེན་ཁག་ལ་བསླབ་པ་མཐར་སོན་གནང་སྟེ་ལྷ་རམས་དགེ་བཤེས་ཀྱི་དམ་འཇོག་གནང་བ་བཅས་ཡིན་འདུག [རྩོམ་སྒྲིག་པའི་ལག་ཏུ་རྣམ་ཐར་མ་རག་པས་འབྲི་ཐབས་མ་བྱུང་ཡང་རྗེས་སུ་ཁ་གསབ་བྱེད་ངེས་ཡིན།]
PDF ཕབ་ལེན། |
---|
མཁས་གྲུབ་རྗེའི་གསུང་འབུམ། [ཀ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་།
པར་གཞི། བཀྲས་ལྷུན་ཤིང་པར་ལ་གཞིར་བྱས།
ཆོས་ཚན། རྗེ་རིན་པོ་ཆེའི་རྣམ་ཐར་མཁས་པའི་ཡིད་འཕྲོག་སོགས།
རིག་མཛོད་དེབ་ཨང་། SJRB-0377
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 4.8MB
༢༠༢༢ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
མཁས་གྲུབ་གསུང་འབུམ་པོད་ཀ་པ་འདིའི་ནང་དུ། ༡ མཁས་གྲུབ་རྗེའི་རྣམ་ཐར་མཁས་པའི་ཡིད་འཕྲོག ༢ མཁས་གྲུབ་རྗེའི་གསན་ཡིག ༣ གསུང་ཐོར་བུའི་གྲས་དྲིས་ལན་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ། ༤ དབུ་མའི་བསྟན་བཅོས་སྟོང་ཐུན་སྐལ་བཟང་མིག་འབྱེད། ༥ རྩ་ཤེའི་འགྲེལ་པ་ཚིག་གསལ་གྱི་མཐའ་བཞིའི་སྐྱེ་བ་འགོག་པའི་སྟོང་ཐུན། (ཞང་ཞུང་ཆོས་དབང་གྲགས་པས་ཟིན་བྲིས་སུ་མཛད་པ།) ༦ རྟེན་འབྲེལ་བསྟོད་པའི་བསྡུས་དོན་སྙིང་པོ་མཆོག (ཞང་ཞུང་ཆོས་དབང་གྲགས་པས་མཛད་པ།) ༧ ཞི་ལྷག་གཉིས་ཀྱི་དཀའ་གནད་མཁས་གྲུབ་རྗེའི་གསུང་བཞིན་ཞང་ཞུང་ཆོས་དབང་གྲགས་པས་ཟིན་བྲིས་སུ་མཛད་པ། ༨ བསྟན་བཅོས་མངོན་རྟོགས་རྒྱན་གྱི་མཐར་ཐུག་པའི་ལྟ་བ་ཐལ་འགྱུར་དུ་འགྲེལ་ཚུལ་གནད་དོན་གསལ་བའི་ཟླ་ཟེར། ༩ འགྲེལ་པ་དོན་གསལ་གྱི་རྣམ་བཤད་རྟོགས་དཀའི་སྣང་བ། ༡༠ སྨྲ་བ་ངན་པ་རྣམ་པར་འཐག་པའི་བསྟན་བཅོས་གནམ་ལྕགས་འཁོར་ལོ་བཅས་ཆོས་ཚན་བཅུ་ལྷན་དུ་བཞུགས།
PDF ཕབ་ལེན། |
---|
མཁས་གྲུབ་རྗེའི་གསུང་འབུམ། [ཁ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་།
པར་གཞི། བཀྲས་ལྷུན་ཤིང་པར་ལ་གཞིར་བྱས།
ཆོས་ཚན། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་འགྲེལ་པ་སོགས།
རིག་མཛོད་དེབ་ཨང་། SJRB-0378
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 6.1MB
༢༠༢༢ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
མཁས་གྲུབ་གསུང་འབུམ་པོད་ཁ་པ་འདིའི་ནང་དུ། ༡ དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ལས་འཇིག་རྟེན་གྱི་ཁམས་རྣམ་པར་བཀོད་པའི་ལེའུའི་རྣམ་བཤད། ༢ དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ལས་ནང་ངེས་པའི་ལེའུའི་རྣམ་བཤད་བཅས་གཞུང་ཚན་གཉིས་ལྷན་དུ་བཞུགས།
PDF ཕབ་ལེན། |
---|
འཕྲུལ་དེབ་ཀྱི་དཀར་ཆག
དཔེ་མཛོད་ཀྱི་རེའུ་མིག
བཞི་པ། ྋགོང་ས་མཆོག་གི་རེའུ་མིག
སྡེ་ཚན། : ༧གོང་ས་མཆོག | ཀློག་གྲངས། 11326
དྲུག་པ། ཚན་རིག་གི་རེའུ་མིག
སྡེ་ཚན། : ཚན་རིག | ཀློག་གྲངས། 9958
བརྒྱད་པ། དེང་རྩོམ་གྱི་རེའུ་མིག
སྡེ་ཚན། : དེང་རྩོམ། | ཀློག་གྲངས། 11070
བདུན་པ། ཐོར་བུའི་རེའུ་མིག
སྡེ་ཚན། : ཐོར་བུ། | ཀློག་གྲངས། 16184
གསུམ་པ། གཞུང་ཆེན་ཁག་གི་རེའུ་མིག
སྡེ་ཚན། : གཞུང་ཆེན་ཁག | ཀློག་གྲངས། 18203
ལྔ་པ། རིག་གནས་ཀྱི་རེའུ་མིག
སྡེ་ཚན། : རིག་གནས། | ཀློག་གྲངས། 14027
གཉིས་པ། གསུང་འབུམ་གྱི་རེའུ་མིག
སྡེ་ཚན། : གསུང་འབུམ། | ཀློག་གྲངས། 15320
དང་པོ། བཀའ་བསྟན་གྱི་རེའུ་མིག
སྡེ་ཚན། : བཀའ་བསྟན། | ཀློག་གྲངས། 11386