-
མདུན་ངོས།
- འཕྲུལ་དེབ་གསར་ཤོས།

འཕྲུལ་དེབ་གསར་ཤོས། (513)
དཔྱི་ས་དྲུང་ཆེན་གསུང་འབུམ། [ག]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། དཔྱི་ས་དྲུང་ཆེན་དཀོན་མཆོག་བློ་གྲོས་རྒྱ་མཚོ། [༡༨༩༠-༡༩༥༩]
པར་གཞི་ཡོངས་ཁུངས། ཆོས་གྲགས།
ཆོས་ཚན། སྙན་ངག་གི་གབ་ཚིག་སོགས་ཆོས་ཚན་ལྔ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0354
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.3MB
༢༠༢༡ ཟླ་ ༢ ཚེས་ ༣ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དཔྱི་ས་ཞབས་དྲུང་ཆེན་མོ་དཀོན་མཆོག་བློ་གྲོས་རྒྱ་མཚོ་མཆོག་ནི། ཕྱི་ལོ་༡༨༩༠ ལོར་རྩེ་གཞུང་དཔྱི་སར་སྐུ་འཁྲུངས། དགུང་ལོ་ཆུང་ངུ་ནས་ཀློག་དང་འདོན་ཆ་ཆོས་སྤྱོད། གཟབ་བཤར་གྱི་བྲིས་དང་། སུམ་རྟགས་དག་གསུམ་སོགས་སྦྱངས། ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་ནས་གཞུང་ཆེན་ཁག་ལ་ཐུགས་གཉེར་གནང་། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཞབས་དྲུང་གི་ཐུགས་འགན་བཞེས། ཕྱི་ལོ་༡༩༤༩ལོར་བཀའ་གདམས་དགེ་བྱེད་གླིང་དགོན་པ་ཕྱག་བཏབ། གསར་རྙིང་རིས་སུ་མ་ཆད་པའི་གདུལ་བྱ་མང་དུ་བསྐྱངས། ཕྱི་ལོ་༡༩༥༩ལོར་རྒྱའི་བཙོན་འོག་ཏུ་སྐུ་གཤེགས། གསུང་རྩོམ་ལ་ལམ་རིམ་སྙིང་པོ་བསྟན་འཛིན་བྱེ་བའི་འབྱུང་གནས་ཀྱི་ས་བཅད། རྣམ་འགྲེལ་ལེའུ་གཉིས་པའི་སྦྱོར་ཊིཀ །སྤྱོད་འཇུག་ཤེར་ལེའུའི་འབྲུ་འགྲེལ། བརྒལ་ལན་གསང་འཛིན་མཚོན་ཆའི་འཁོར་ལོ་སོགས་མང་།
PDF ཕབ་ལེན། |
---|
དེ་ལས་མང་བ།...
དཔྱི་ས་དྲུང་ཆེན་གསུང་འབུམ། [ང]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། དཔྱི་ས་དྲུང་ཆེན་དཀོན་མཆོག་བློ་གྲོས་རྒྱ་མཚོ། [༡༨༩༠-༡༩༥༩]
པར་གཞི་ཡོངས་ཁུངས། ཆོས་གྲགས།
ཆོས་ཚན། སྤྲིངས་ཡིག་སོགས་ཆོས་ཚན་སོ་གཅིག
རིག་མཛོད་འཕྲུལ་དེབ་ཨང་། SJRB-0355
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.1MB
༢༠༢༡ ཟླ་ ༢ ཚེས་ ༣ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དཔྱི་ས་ཞབས་དྲུང་ཆེན་མོ་དཀོན་མཆོག་བློ་གྲོས་རྒྱ་མཚོ་མཆོག་ནི། ཕྱི་ལོ་༡༨༩༠ ལོར་རྩེ་གཞུང་དཔྱི་སར་སྐུ་འཁྲུངས། དགུང་ལོ་ཆུང་ངུ་ནས་ཀློག་དང་འདོན་ཆ་ཆོས་སྤྱོད། གཟབ་བཤར་གྱི་བྲིས་དང་། སུམ་རྟགས་དག་གསུམ་སོགས་སྦྱངས། ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་ནས་གཞུང་ཆེན་ཁག་ལ་ཐུགས་གཉེར་གནང་། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཞབས་དྲུང་གི་ཐུགས་འགན་བཞེས། ཕྱི་ལོ་༡༩༤༩ལོར་བཀའ་གདམས་དགེ་བྱེད་གླིང་དགོན་པ་ཕྱག་བཏབ། གསར་རྙིང་རིས་སུ་མ་ཆད་པའི་གདུལ་བྱ་མང་དུ་བསྐྱངས། ཕྱི་ལོ་༡༩༥༩ལོར་རྒྱའི་བཙོན་འོག་ཏུ་སྐུ་གཤེགས། གསུང་རྩོམ་ལ་ལམ་རིམ་སྙིང་པོ་བསྟན་འཛིན་བྱེ་བའི་འབྱུང་གནས་ཀྱི་ས་བཅད། རྣམ་འགྲེལ་ལེའུ་གཉིས་པའི་སྦྱོར་ཊིཀ །སྤྱོད་འཇུག་ཤེར་ལེའུའི་འབྲུ་འགྲེལ། བརྒལ་ལན་གསང་འཛིན་མཚོན་ཆའི་འཁོར་ལོ་སོགས་མང་།
PDF ཕབ་ལེན། |
---|
དྲང་ངེས་འཇུག་ངོགས། [སྨད་ཆ།]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། འཇིགས་མེད་དམ་ཆོས་རྒྱ་མཚོ།
བརྗོད་བྱ། མདོའི་དྲང་ངེས་དོན་གྱི་རྣམ་གཞག
རིག་མཛོད་འཕྲུལ་དེབ་ཨང་། SJRB-0351
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.5MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༡ ཟླ་ ༡ ཚེས་ ༣༠ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གནས་ལྔ་ཀུན་གཟིགས་པཎྜིཏ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ནི། རབ་བྱུང་བཅོ་ལྔ་པའི་ས་ཁྱི་སྤྱི་ལོ་ ༡༨༩༨ ལོར་མདོ་སྨད་རེབ་གོང་འགར་རྩེ་ཉིན་ནམ་ཨ་བར་དུ་གྲགས་པའི་འབྲོག་སྡེར་ཡབ་དགེ་འདུན་བསོད་ནམས་དང་ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རེབ་གོང་སྐྱབས་མགོན་ཤར་ཐམས་ཅད་མཁྱེན་པ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དང་ཞྭ་དམར་པཎྜིཏ་རྣམ་གཉིས་ཀྱིས་གྲུབ་དབང་འཇིགས་མེད་བསམ་གཏན་གྱི་སྤྲུལ་སྐུར་ངེས་འཛིན་མཛད། དགུང་ལོ་བདུན་པར་ཞྭ་དམར་པཎྜིཏ་ལས་རབ་ཏུ་བྱུང་སྟེ་མཚན་ལ་འཇིགས་མེད་དམ་ཆོས་རྒྱ་མཚོར་གསོལ། དགུང་ལོ་བརྒྱད་པར་གཅན་ཚའི་བྲག་ལུང་དགོན་དུ་ཕེབས་ཏེ་ཞྭ་དམར་པ་ལས་དགེ་ལྡན་པའི་ཟབ་ཆོས་དང་ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་མནོས། བཅུ་པར་སྐུ་འབུམ་དུ་རྒྱལ་དབང་བཅུ་གསུམ་པ་དང་མཇལ་ནས་བཀའ་ཆོས་གསན། དེ་ནས་རིམ་བཞིན་ཡོངས་འཛིན་བློ་བཟང་དཔལ་ལྡན་སོགས་བཤེས་གཉེན་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་མ་ལུས་པ་མཁས་པར་སྦྱངས་ནས་གནས་ལྔ་ཀུན་གཟིགས་འཇིགས་མེད་པཎྜིཏ་ཞེས་གྲགས་པ་ཀུན་ལ་ཁྱབ། དགུང་ལོ་སུམ་ཅུ་པར་རོང་བོ་དགོན་ཆེན་གྱི་ཁྲིར་བཞུགས་ཏེ་ཟབ་རྒྱས་ཆོས་འཁོར་བསྐོར་བ་དང་། སྐྱབས་མགོན་བདུན་པ་ཆེན་པོའི་རིགས་ཀྱི་ཅོད་པན་དུ་དབང་བསྐུར། གསུང་རྩོམ་ལ་ལམ་སྔགས་ཚིགས་བཅད་མ་དང་། རྟོགས་བདུན་འགྲེལ་ཆེན། དྲང་ངེས་འཇུག་ངོགས་སོགས་པོ་ཏི་ཉི་ཤུ་ཉེ་བར་བརྩམས་ཤིང་། ཞྭ་དམར་སྤྲུལ་སྐུ་དང་། མཁས་དབང་ཚེ་ཏན་ཞབས་དྲུང་། རྗེ་ཤར་གདོང་རིན་པོ་ཆེ་སོགས་བུ་སློབ་མང་དུ་བསྐྱངས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། མཐར་དགུང་ལོ་ཞེ་དགུ་བ་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་སྤྱི་ལོ་ ༡༩༤༦ ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ།།
PDF ཕབ་ལེན། |
---|
དྲང་ངེས་འཇུག་ངོགས། [སྟོད་ཆ།]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། འཇིགས་མེད་དམ་ཆོས་རྒྱ་མཚོ།
བརྗོད་བྱ། མདོའི་དྲང་ངེས་དོན་གྱི་རྣམ་གཞག
རིག་མཛོད་འཕྲུལ་དེབ་ཨང་། SJRB-0350
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.9MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༡ ཟླ་ ༡ ཚེས་ ༣༠ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གནས་ལྔ་ཀུན་གཟིགས་པཎྜིཏ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ནི། རབ་བྱུང་བཅོ་ལྔ་པའི་ས་ཁྱི་སྤྱི་ལོ་ ༡༨༩༨ ལོར་མདོ་སྨད་རེབ་གོང་འགར་རྩེ་ཉིན་ནམ་ཨ་བར་དུ་གྲགས་པའི་འབྲོག་སྡེར་ཡབ་དགེ་འདུན་བསོད་ནམས་དང་ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རེབ་གོང་སྐྱབས་མགོན་ཤར་ཐམས་ཅད་མཁྱེན་པ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དང་ཞྭ་དམར་པཎྜིཏ་རྣམ་གཉིས་ཀྱིས་གྲུབ་དབང་འཇིགས་མེད་བསམ་གཏན་གྱི་སྤྲུལ་སྐུར་ངེས་འཛིན་མཛད། དགུང་ལོ་བདུན་པར་ཞྭ་དམར་པཎྜིཏ་ལས་རབ་ཏུ་བྱུང་སྟེ་མཚན་ལ་འཇིགས་མེད་དམ་ཆོས་རྒྱ་མཚོར་གསོལ། དགུང་ལོ་བརྒྱད་པར་གཅན་ཚའི་བྲག་ལུང་དགོན་དུ་ཕེབས་ཏེ་ཞྭ་དམར་པ་ལས་དགེ་ལྡན་པའི་ཟབ་ཆོས་དང་ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་མནོས། བཅུ་པར་སྐུ་འབུམ་དུ་རྒྱལ་དབང་བཅུ་གསུམ་པ་དང་མཇལ་ནས་བཀའ་ཆོས་གསན། དེ་ནས་རིམ་བཞིན་ཡོངས་འཛིན་བློ་བཟང་དཔལ་ལྡན་སོགས་བཤེས་གཉེན་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་མ་ལུས་པ་མཁས་པར་སྦྱངས་ནས་གནས་ལྔ་ཀུན་གཟིགས་འཇིགས་མེད་པཎྜིཏ་ཞེས་གྲགས་པ་ཀུན་ལ་ཁྱབ། དགུང་ལོ་སུམ་ཅུ་པར་རོང་བོ་དགོན་ཆེན་གྱི་ཁྲིར་བཞུགས་ཏེ་ཟབ་རྒྱས་ཆོས་འཁོར་བསྐོར་བ་དང་། སྐྱབས་མགོན་བདུན་པ་ཆེན་པོའི་རིགས་ཀྱི་ཅོད་པན་དུ་དབང་བསྐུར། གསུང་རྩོམ་ལ་ལམ་སྔགས་ཚིགས་བཅད་མ་དང་། རྟོགས་བདུན་འགྲེལ་ཆེན། དྲང་ངེས་འཇུག་ངོགས་སོགས་པོ་ཏི་ཉི་ཤུ་ཉེ་བར་བརྩམས་ཤིང་། ཞྭ་དམར་སྤྲུལ་སྐུ་དང་། མཁས་དབང་ཚེ་ཏན་ཞབས་དྲུང་། རྗེ་ཤར་གདོང་རིན་པོ་ཆེ་སོགས་བུ་སློབ་མང་དུ་བསྐྱངས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། མཐར་དགུང་ལོ་ཞེ་དགུ་བ་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་སྤྱི་ལོ་ ༡༩༤༦ ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ།།
PDF ཕབ་ལེན། |
---|
རྗེ་ཙོང་ཁ་པའི་གསུང་འབུམ། [ཀ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྗེ་བློ་བཟང་གྲགས་པ།
པར་གཞི། བཀྲ་ཤིས་ལྷུན་པོའི་ཤིང་པར།
ཆོས་ཚན། བླ་མ་ལྔ་བཅུ་པའི་རྣམ་བཤད་སོགས།
རིག་མཛོད་དེབ་ཨང་། SJRB-0026
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 4.2MB
༢༠༡༧ ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༠༡ ཚེས་ ༢༡ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་འབུམ་པོད་ཀ་པ་འདིའི་ནང་དུ་ ༡ མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་རྗེའི་རྣམ་ཐར་དད་པའི་འཇུག་ངོགས། ༢ རྗེའི་དངོས་སློབ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་མཛད་པའི་རྗེའི་རྣམ་ཐར་ཆེན་མོའི་ཟུར་འདེབས་ལེགས་བཤད་ཀུན་འདུས། ༣ མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་རྗེའི་གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ། ༤ རྗེའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་མཛད་པའི་རྗེའི་གསང་བའི་རྣམ་ཐར་གསོལ་འདེབས། ༥ ལྷོ་བྲག་གྲུབ་ཆེན་དང་མཇལ་ཚུལ་དང་མཁས་གྲུབ་རྗེ་ལ་ཚེམས་གནང་བའི་སྐོར། ༦ མཁས་གྲུབ་དགེ་ལེགས་དཔལ་བཟང་ལ་གཅིག་བརྒྱུད་ཀྱི་ཚུལ་དུ་གནང་བའི་བླ་མའི་རྣལ་འབྱོར་ཟབ་ཁྱད་ཅན། ༧ བ་སོ་ཆོས་རྗེ་ལ་གཅིག་བརྒྱུད་ཀྱི་ཚུལ་དུ་གནང་བའི་བླ་མའི་རྣལ་འབྱོར། ༨ རྗེ་རིན་པོ་ཆེ་ཉིད་ཀྱི་གསན་ཡིག ༩ ཞུ་ལན་སྨན་མཆོག་བདུད་རྩིའི་ཕྲེང་བ། ༡༠ བླ་མ་ལྔ་བཅུ་པའི་རྣམ་བཤད་སློབ་མའི་རེ་བ་ཀུན་སྐོང་། ༡༡ གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་སྙེ་མ། ༡༢ བྱང་སའི་ཚུལ་ཁྲིམས་ལེའུའི་རྣམ་བཤད་བྱང་ཆུབ་གཞུང་ལམ། ༡༣ དགེ་སློང་གི་བསླབ་བྱ་གནམ་རྩེད་ལྡེང་མ། ༡༤ དགེ་ཚུལ་གྱི་བསླབ་བྱ་གནམ་རྩེད་ལྡེང་མ་བཅས་ཆོས་ཚན་བཅུ་བཞི་ལྷན་དུ་བཞུགས་ཡོད།
PDF ཕབ་ལེན། |
---|
རྗེ་ཙོང་ཁ་པའི་གསུང་འབུམ། [ཁ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྗེ་བློ་བཟང་གྲགས་པ།
པར་གཞི། བཀྲ་ཤིས་ལྷུན་པོའི་ཤིང་པར།
ཆོས་ཚན། འདུལ་བ་མདོ་རྩའི་ཟིན་བྲིས་སོགས།
རིག་མཛོད་དེབ་ཨང་། SJRB-0027
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 3.8MB
༢༠༡༧ ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༠༡ ཚེས་ ༢༡ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་འབུམ་པོད་ཁ་པ་འདིའི་ནང་དུ། ༡ འདུལ་བ་མདོ་རྩ་བའི་ཟིན་བྲིས། ༢ རྗེ་ཙོང་ཁ་པ་ཆེན་པོའི་གསུང་ལས་ཚིགས་སུ་བཅད་པ་སོགས་གཞུང་ཉུང་ངུའི་རིགས་ཕྱོགས་གཅིག་ཏུ་བསྒྲིགས་པ་བཀའ་འབུམ་ཐོར་བུ། ༣ རྡོ་རྗེ་རྩེ་མོའི་ཟིན་བྲིས་རྗེ་ཉིད་ཀྱིས་གནང་བ། ༤ ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་དང་འཕོ་བ་བཀའ་བསྒོ་བཅས། ༥ སྒྲ་མི་སྙན་གྱི་ཚེ་སྒྲུབ། ༦ སྡོམ་པ་གོང་མ་གཉིས་ཀྱི་ཕྱིར་བཅོས་བྱེད་ཚུལ་རྗེའི་ཕྱག་ལེན་བཞིན་བཀོད་པ། ༧ གཏོར་མ་བརྒྱ་རྩའི་རིམ་པ་རྗེའི་ཕྱག་ལེན་བཞིན་བཀོད་པ། བཅས་ཆོས་ཚན་བདུན་ལྷན་དུ་བཞུགས་ཡོད།
PDF ཕབ་ལེན། |
---|
འཕྲུལ་དེབ་ཀྱི་དཀར་ཆག
དཔེ་མཛོད་ཀྱི་རེའུ་མིག
བཞི་པ། ྋགོང་ས་མཆོག་གི་རེའུ་མིག
སྡེ་ཚན། : ༧གོང་ས་མཆོག | ཀློག་གྲངས། 11308
དྲུག་པ། ཚན་རིག་གི་རེའུ་མིག
སྡེ་ཚན། : ཚན་རིག | ཀློག་གྲངས། 9934
བརྒྱད་པ། དེང་རྩོམ་གྱི་རེའུ་མིག
སྡེ་ཚན། : དེང་རྩོམ། | ཀློག་གྲངས། 11043
བདུན་པ། ཐོར་བུའི་རེའུ་མིག
སྡེ་ཚན། : ཐོར་བུ། | ཀློག་གྲངས། 16145
གསུམ་པ། གཞུང་ཆེན་ཁག་གི་རེའུ་མིག
སྡེ་ཚན། : གཞུང་ཆེན་ཁག | ཀློག་གྲངས། 18167
ལྔ་པ། རིག་གནས་ཀྱི་རེའུ་མིག
སྡེ་ཚན། : རིག་གནས། | ཀློག་གྲངས། 13994
གཉིས་པ། གསུང་འབུམ་གྱི་རེའུ་མིག
སྡེ་ཚན། : གསུང་འབུམ། | ཀློག་གྲངས། 15285
དང་པོ། བཀའ་བསྟན་གྱི་རེའུ་མིག
སྡེ་ཚན། : བཀའ་བསྟན། | ཀློག་གྲངས། 11361