-
མདུན་ངོས།
- འཕྲུལ་དེབ་གསར་ཤོས།

འཕྲུལ་དེབ་གསར་ཤོས། (509)
སྒྲོལ་མ་ཙིཏྟ་མ་ཎིའི་ལས་ཚོགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། སྟག་ཕུ་གར་གྱི་དབང་པོ་སོགས།
བརྗོད་བྱ། སྒྲོལ་མའི་ལས་ཚོགས་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0429
ཡིག་ཆའི་རྣམ་པ། PDF མ་ཕྱིའི་པར་རྩ། ཤེས་རིག་པར་འཕྲུལ་པར།
ཤོག་གྲངས། 391 ལྗིད་ཚད། 2.9MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། སྒྲོལ་མ་ཙིཏྟ་མ་ཎིའི་ཆོས་སྐོར་འདི་ནི། རྗེའི་དངོས་སློབ་གོ་ཤྲཱི་དཔལ་ལྡན་དོན་གྲུབ་ནས་བརྒྱུད་པའི་ནགས་ཤོད་སྟག་ཕུ་བའི་སྐྱེ་བའི་ཕྲེང་འཛིན་པ་བློ་གྲོས་རྒྱ་མཚོའམ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་རྗེ་བཙུན་མ་ལྷག་པའི་ལྷ་མཆོག་ཡི་དམ་དུ་བསྟེན་པར་མཛད་པས། ཞལ་མཇལ་དང་གསུང་གི་སྣང་བ་གསལ་པོ་བྱུང་། དེའི་ཡང་སྤྲུལ་བློ་བཟང་ཆོས་ཀྱི་དབང་ཕྱུག་གམ་གར་གྱི་དབང་པོས་ཀྱང་འདིའི་ཆོས་སྐོར་རྣམས་རྗེ་བཙུན་སྒྲོལ་མ་ཉིད་ཀྱིས་མི་དང་མི་འཕྲད་པ་བཞིན་བསྐྱེད་རྫོགས་ཀྱི་ཟབ་ཆོས་མང་དུ་གསན་ཞིང་། རྗེ་བཙུན་མ་ཉིད་ཀྱི་ཞལ་གསུང་ཤ་སྟག་ཡིན་པར་བརྟེན་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་། ཙིཏྟ་མ་ཎིའི་ཆོས་སྐོར་འདིའི་ཟབ་གནད་རྣམས་ཀྱང་རྗེ་བདག་ཉིད་ཆེན་པོའི་དགོངས་གཞི་དང་མཐུན་ཞིང་། བོད་ཀྱི་མཐའ་དབུས་ཡུལ་གྲུ་ཀུན་ཏུ་སྐྱེས་ཆེན་དམ་པ་མང་པོས་ཐུགས་དམ་ཉམས་བཞེས་དང་། ལྷག་པར་དུ་དགེ་ལྡན་པའི་སྐྱེས་ཆེན་དག་གིས་ཕྱག་ལེན་གཙིགས་ཆེར་མཛད། རྒྱལ་བའི་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོས། འདིའི་ཆོས་སྐོར་གྱི་ཡིག་ཆ་དུ་མ་མཛད་དེ། ལས་ཚོགས་འདི་ཉིད་ཕྱོགས་བསྒྲིགས་ཀྱང་མཛད་པ་བཅས་ཡིན།
དེ་ལས་མང་བ།...
ལཱ་ལི་ཏའི་འཇིགས་བྱེད་སྒྲུབ་ཐབས་ཆེ་ཆུང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། གྲུབ་ཆེན་ལཱ་ལི་ཏ་བཛྲ།
བརྗོད་བྱ། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0430
ཡིག་ཆའི་རྣམ་པ། PDF མ་ཕྱིའི་པར་རྩ། སྡེ་དགེའི་ཤིང་པར།
ཤོག་གྲངས། 33 ལྗིད་ཚད། 899KB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་གཉིས་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདིར་དཔལ་ན་ལེནྡྲའི་པཎྜི་ཏ་གྲུབ་ཆེན་ལཱ་ལི་ཏ་བཛྲས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཆེ་ཆུང་གཉིས་གཏོར་མའི་ཆོ་ག་བཅས་བཞུགས་ཡོད་ལ་འདིའི་བྱུང་རིམ་ནི། གྲུབ་ཆེན་ལཱ་ལི་ཏས་འཇམ་དཔལ་མཚན་བརྗོད་ཞལ་འདོན་མཛད་པའི་ཚེ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་དང༌། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །ཞེས་པ་རྣམས་ཀྱི་དོན་ལ་བསམས་ནས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་ཡོད་པར་བསམས་ནས་འཕགས་ཡུལ་དུ་རྩད་གཅོད་མཛད་ཀྱང་སྐབས་དེར་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་འཕགས་ཡུལ་དུ་མ་བཞུགས་པས་མ་རྙེད། ཕྱིས་སུ་ཨྱོན་གྱི་ཡུལ་ན་བཞུགས་པར་མཁྱེན་ནས་དཀའ་ཚེགས་ཆེན་པོས་ཨོ་རྒྱན་གྱི་ཡུལ་དུ་བྱོན་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མས་རྗེས་སུ་བཟུང་སྟེ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་དང་གཤིན་རྗེའི་གཤེད་དམར་ནག་གཉིས་ཀྱི་དབང་དང་གདམས་པ་རྣམས་གསན། རྒྱུད་ཀྱི་གླེགས་བམ་གནང་དགོས་པར་གསོལ་བ་བཏབ་པ་ན། ཡེ་ཤེས་ཀྱི་མཁའ་འགྲོ་མས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྩ་བའི་རྒྱུད་རྒྱས་པ་བསྟན་ཏེ་ཞག་བདུན་གྱི་རིང་ལ་འདིའི་ནང་ནས་གང་བློ་ལ་གཟུང་ཐུབ་པ་རྣམས་ཟུངས། དེ་ལས་མི་ཡོང་ཞེས་རྒྱུད་ཐམས་ཅད་མ་གནང་བ་ན། གྲུབ་ཆེན་གྱིས་ཞག་བདུན་གྱི་རིང་ལ་གླེགས་བམ་ཆེན་པོ་འདི་ནས་མང་པོ་ཞིག་འཛིན་མི་ཐུབ་པས་སྨོན་ལམ་གདབ་པ་གལ་ཆེ་དགོངས་ནས་ཞག་བདུན་གྱི་རིང་རྒྱུད་ཀྱི་གླེགས་བམ་རྣམས་ལ་མཆོད་པ་ཕུལ་ཏེ་ཕྱག་དང་བསྐོར་བ་བྱེད་ཅིང་གསོལ་བ་ཤུགས་དྲག་བཏབ་པ་ན། རྟོག་པ་སུམ་བརྒྱའི་ནང་ནས་དངོས་གྲུབ་ཀྱི་རྟོག་པ་ཞེས་བྱ་བ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་རྟོག་པ་བདུན་པ་སོགས་ཐུགས་ལ་གསལ་བར་ཤར། འདི་ལ་ནོར་འཁྲུལ་དང་ལྷག་ཆད་ཡོད་དམ་མེད་བལྟ་དགོས་དགོངས་པ་ན། དེའི་ཐད་ཀྱི་གླེགས་བམ་རང་ཞལ་ཕྱེ་ནས་ཐུགས་ལ་གང་ཤར་བ་ཇི་བཞིན་བྱུང༌། དེ་ལྟར་འཇིགས་བྱེད་ཀྱི་ཆོས་སྐོར་རྣམས་ཨུ་རྒྱན་ནས་སྤྱན་དྲངས་ཤིང་འཕགས་ཡུལ་དུ་བྱོན་ནས་སྒྲུབ་ཐབས་ཆེ་ཆུང་སོགས་མཛད་ཅིང་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་རྣམས་དར་བར་མཛད།
ཐེག་བསྡུས་རྩ་འགྲེལ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།རྩ་བ་མཛད་པ་པོ། སློབ་དཔོན་ཐོགས་མེད།
འགྲེལ་པ་མཛད་པ་པོ། སློབ་དཔོན་དབྱིག་གཉེན།
བརྗོད་བྱ། ཐེག་ཆེན་གྱི་སྡེ་སྣོད་ཀྱི་དོན་གནས་བཅུར་བསྡུས་ནས་བསྟན་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0428
ཡིག་ཆའི་རྣམ་པ། PDF མ་ཕྱིའི་པར་རྩ། སྡེ་དགེའི་ཤིང་དཔར།
ཤོག་གྲངས། 315 ལྗིད་ཚད། 2.2MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདི་ནི། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་སྡོམ་རྣམ་གཉིས་ལས་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྡོམ་ཐེག་བསྡུས་ཡིན་ཞིང་། འདི་ལས། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང་། །དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང་། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང་། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལས་བརྩམས་ནས་བཀའ་སྩལ་བའི་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་དོན་གཞི་ལམ་འབྲས་བུ་བསྟན་པ་རྣམས་གནས་བཅུར་བསྡུས་ནས་བསྟན་ཅིང་། ཁྱད་པར་རྣམ་པ་དེ་བཅུས་ཉན་ཐོས་ཀྱི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་བསྟན་པའི་སྒོ་ནས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཉིད་དུའང་བསྟན་ལ། བསྟན་བཅོས་འདི་ནི་རྣམ་རིག་པའི་གྲུབ་མཐའ་སྟོན་པའི་གཞུང་གཙོ་བོ་ཞིག་ཀྱང་ཡིན་ནོ། །
དྭགས་པོའི་ཐར་རྒྱན།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། མཉམ་མེད་དྭགས་པོ་ལྷ་རྗེ།
བརྗོད་བྱ། བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་ལམ་གྱི་རིམ་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0427
ཡིག་ཆའི་རྣམ་པ། PDF ཤོག་གྲངས། 302 ལྗིད་ཚད། 3.1MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ཟླ་བཅུ་གཉིས་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདི་ནི། སྟོན་པ་ཐུབ་པའི་དབང་པོ་ནས་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ལ་བརྒྱུད་པའི་ཟབ་རྒྱས་ཀྱི་གདམས་པའི་ཆུ་བོ་གཅིག་ཏུ་བསྒྲིལ་བ་མཉམ་མེད་ཇོ་བོ་ཆེན་པོའི་ལམ་སྒྲོན་གྱི་མན་ངག་ལ་གཞི་བཅོལ་ཞིང་། རྗེ་མར་པ་ཡབ་སྲས་ནས་བརྒྱུད་པའི་བཀའ་སྲོལ་རྨད་དུ་བྱུང་བས་རབ་ཏུ་བརྒྱན་ཏེ། སྐལ་བ་དང་ལྡན་པའི་སྐྱེ་བོ་བྱང་ཆུབ་ཏུ་བགྲོད་པའི་ལམ་ཉམས་སུ་ལེན་པའི་རིམ་པར་གོ་བདེ་ཚིག་ཉུང་གནད་དྲིལ་གྱི་རྣམ་པར་བརྩམས་པ་ཞིག་ལགས་པས་སྔར་ནས་འཕྲིན་ལས་ཀྱི་འཇུག་པ་རྒྱ་ཆེ་ཞིང་། ལྷར་པར་དུ་དེང་དུས་རྣམ་གཡེང་དང་འདུ་འཛིའི་ཆ་རྐྱེན་ཤིན་ཏུ་བདོ་སྟེ་སྐྱེ་བོ་རྣམས་དབང་མེད་དུ་ཁོམ་ལོང་བྲལ་བའི་བྲེལ་ཟིང་གིས་མི་ཚེ་སྐྱེལ་དགོས་པའི་དུས་འདིར་ཚིག་ཉུང་དོན་འདུས་ཀྱི་གཞུང་འདི་ལྟ་བུས་དོན་གཉེར་ཅན་ཀུན་ལ་ཅི་ནས་ཀྱང་ཕན་པར་ངེས་སོ། །
རྣམ་འགྲེལ་ཐར་ལམ་གསལ་བྱེད་རྩ་འགྲེལ་སྦྱར་མ། [སྟོད་ཆ།]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།རྩ་བ་མཛད་པ་པོ། དཔལ་ལྡན་ཆོས་གྲགས།
འགྲེལ་པ་མཛད་པ་པོ། རྒྱལ་ཚབ་དར་མ་རིན་ཆེན།
བརྗོད་བྱ། རྟོག་གེའི་ཚིག་དོན་བརྒྱད།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0425
ཡིག་ཆའི་རྣམ་པ། PDF མ་ཕྱིའི་པར་རྩ། བཀྲས་ལྷུན་ཤིང་པར།
ཤོག་གྲངས། 561 ལྗིད་ཚད། 2.4MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། རྒྱལ་ཚབ་དར་མ་རིན་ཆེན་མཆོག་ནི་ཕྱི་ལོ་༡༣༦༤ ལོར་གཙང་ཉང་སྟོད་དུ་ཡབ་བློན་པོ་རྦ་ཡི་རིགས་རྒྱུད་རྟ་དཔོན་པ་དང་། ཡུམ་ཇོ་མོ་ཤེས་རབ་མ་གཉིས་ཀྱི་སྲས་སུ་འཁྲུངས།
དགུང་ལོ་བཅུ་པར་གནས་སྙིང་དུ་མཁན་པོ་རིན་ཆེན་རྒྱལ་མཚན་ལས་རབ་ཏུ་བྱུང་ཞིང་མཚན་ལ་དར་མ་རིན་ཆེན་གསོལ། བཀའ་བཞི་པ་རིན་ཆེན་རྡོ་རྗེ་དང་། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་དང་། ཉ་དབོན་པ་སོགས་ལས་མདོ་སྔགས་ཀྱི་གཞུང་མང་མཁས་པར་སྦྱངས། དགུང་ལོ་ཉེར་ལྔ་པར་ཉ་དབོན་ཀུན་དགའ་དཔལ་གྱི་དྲུང་ནས་བསྙེན་པར་རྫོགས། ས་སྐྱ་དང་། གསང་ཕུ། རྩེད་ཐང་སོགས་སུ་དཀའ་བཅུའི་གྲྭ་སྐོར་མཛད་དེ་མཁས་པའི་གྲགས་པ་རྒྱས་ཤིང་དཀའ་བཅུ་པ་ཞེས་པའི་མཚན་ཡང་ཐོགས། ལོ་རྒྱུས་ཐོག་དཀའ་བཅུའི་གྲྭ་སྐོར་མཛད་པའི་སྲོལ་ཡང་ཐོག་མར་འདི་ནས་བྱུང་བར་གྲགས།
འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་དབུ་ཞྭ་དང་སྐུ་བེར་གནང་སྟེ་རྒྱལ་ཚབ་ཏུ་བཞུགས་དགོས་པར་དོན་གྱིས་གོ་བར་མཛད་ཅིང་། རྗེ་རིན་པོ་ཆེ་དགའ་ལྡན་དུ་གཤེགས་རྗེས་བུ་སློབ་རྣམས་ཀྱིས་གསོལ་བ་བཏབ་སྟེ་དགུང་ལོ་ང་དྲུག་ཐོག་དགའ་ལྡན་ཁྲིར་ཕེབས་ཏེ་ལོ་བཅུ་གསུམ་བསྐྱངས། འཇམ་མགོན་བླ་མའི་བསྟན་པ་བཤད་སྒྲུབ་འཆད་ཉན་གྱི་སྒོ་ནས་ཉིན་མོ་ལྟར་གསལ་བར་མཛད།
དགུང་ལོ་རེ་དགུ་ཕྱི་ལོ་༡༤༣༢ལོར་རྩེ་པོ་ཏ་ལར་དགོངས་པ་ཞི་དབྱིངས་སུ་གཤེགས་པའི་ཚུལ་བསྟན།
སློབ་མ་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་རྗེའི་དངོས་སློབ་ཕལ་ཆེ་བ་འདི་བའི་སློབ་མར་ཡང་གྱུར། གསུང་རྩོམ་ཁྱོན་བསྡོམས་པོད་ཆེན་པོ་བརྒྱད་བཞུགས།
PDF ཕབ་ལེན། |
---|
རྣམ་འགྲེལ་ཐར་ལམ་གསལ་བྱེད་རྩ་འགྲེལ་སྦྱར་མ། [སྨད་ཆ།]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།རྩ་བ་མཛད་པ་པོ། དཔལ་ལྡན་ཆོས་གྲགས།
འགྲེལ་པ་མཛད་པ་པོ། རྒྱལ་ཚབ་དར་མ་རིན་ཆེན།
བརྗོད་བྱ། རྟོག་གེའི་ཚིག་དོན་བརྒྱད།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0426
ཡིག་ཆའི་རྣམ་པ། PDF མ་ཕྱིའི་པར་རྩ། བཀྲས་ལྷུན་ཤིང་པར།
ཤོག་གྲངས། 628 ལྗིད་ཚད། 2.5MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། རྒྱལ་ཚབ་དར་མ་རིན་ཆེན་མཆོག་ནི་ཕྱི་ལོ་༡༣༦༤ ལོར་གཙང་ཉང་སྟོད་དུ་ཡབ་བློན་པོ་རྦ་ཡི་རིགས་རྒྱུད་རྟ་དཔོན་པ་དང་། ཡུམ་ཇོ་མོ་ཤེས་རབ་མ་གཉིས་ཀྱི་སྲས་སུ་འཁྲུངས།
དགུང་ལོ་བཅུ་པར་གནས་སྙིང་དུ་མཁན་པོ་རིན་ཆེན་རྒྱལ་མཚན་ལས་རབ་ཏུ་བྱུང་ཞིང་མཚན་ལ་དར་མ་རིན་ཆེན་གསོལ། བཀའ་བཞི་པ་རིན་ཆེན་རྡོ་རྗེ་དང་། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་དང་། ཉ་དབོན་པ་སོགས་ལས་མདོ་སྔགས་ཀྱི་གཞུང་མང་མཁས་པར་སྦྱངས། དགུང་ལོ་ཉེར་ལྔ་པར་ཉ་དབོན་ཀུན་དགའ་དཔལ་གྱི་དྲུང་ནས་བསྙེན་པར་རྫོགས། ས་སྐྱ་དང་། གསང་ཕུ། རྩེད་ཐང་སོགས་སུ་དཀའ་བཅུའི་གྲྭ་སྐོར་མཛད་དེ་མཁས་པའི་གྲགས་པ་རྒྱས་ཤིང་དཀའ་བཅུ་པ་ཞེས་པའི་མཚན་ཡང་ཐོགས། ལོ་རྒྱུས་ཐོག་དཀའ་བཅུའི་གྲྭ་སྐོར་མཛད་པའི་སྲོལ་ཡང་ཐོག་མར་འདི་ནས་བྱུང་བར་གྲགས།
འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་དབུ་ཞྭ་དང་སྐུ་བེར་གནང་སྟེ་རྒྱལ་ཚབ་ཏུ་བཞུགས་དགོས་པར་དོན་གྱིས་གོ་བར་མཛད་ཅིང་། རྗེ་རིན་པོ་ཆེ་དགའ་ལྡན་དུ་གཤེགས་རྗེས་བུ་སློབ་རྣམས་ཀྱིས་གསོལ་བ་བཏབ་སྟེ་དགུང་ལོ་ང་དྲུག་ཐོག་དགའ་ལྡན་ཁྲིར་ཕེབས་ཏེ་ལོ་བཅུ་གསུམ་བསྐྱངས། འཇམ་མགོན་བླ་མའི་བསྟན་པ་བཤད་སྒྲུབ་འཆད་ཉན་གྱི་སྒོ་ནས་ཉིན་མོ་ལྟར་གསལ་བར་མཛད།
དགུང་ལོ་རེ་དགུ་ཕྱི་ལོ་༡༤༣༢ལོར་རྩེ་པོ་ཏ་ལར་དགོངས་པ་ཞི་དབྱིངས་སུ་གཤེགས་པའི་ཚུལ་བསྟན།
སློབ་མ་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་རྗེའི་དངོས་སློབ་ཕལ་ཆེ་བ་འདི་བའི་སློབ་མར་ཡང་གྱུར། གསུང་རྩོམ་ཁྱོན་བསྡོམས་པོད་ཆེན་པོ་བརྒྱད་བཞུགས།
PDF ཕབ་ལེན། |
---|
འཕྲུལ་དེབ་ཀྱི་དཀར་ཆག
དཔེ་མཛོད་ཀྱི་རེའུ་མིག
བཞི་པ། ྋགོང་ས་མཆོག་གི་རེའུ་མིག
སྡེ་ཚན། : ༧གོང་ས་མཆོག | ཀློག་གྲངས། 11177
དྲུག་པ། ཚན་རིག་གི་རེའུ་མིག
སྡེ་ཚན། : ཚན་རིག | ཀློག་གྲངས། 9806
བརྒྱད་པ། དེང་རྩོམ་གྱི་རེའུ་མིག
སྡེ་ཚན། : དེང་རྩོམ། | ཀློག་གྲངས། 10888
བདུན་པ། ཐོར་བུའི་རེའུ་མིག
སྡེ་ཚན། : ཐོར་བུ། | ཀློག་གྲངས། 15975
གསུམ་པ། གཞུང་ཆེན་ཁག་གི་རེའུ་མིག
སྡེ་ཚན། : གཞུང་ཆེན་ཁག | ཀློག་གྲངས། 17957
ལྔ་པ། རིག་གནས་ཀྱི་རེའུ་མིག
སྡེ་ཚན། : རིག་གནས། | ཀློག་གྲངས། 13831
གཉིས་པ། གསུང་འབུམ་གྱི་རེའུ་མིག
སྡེ་ཚན། : གསུང་འབུམ། | ཀློག་གྲངས། 15115
དང་པོ། བཀའ་བསྟན་གྱི་རེའུ་མིག
སྡེ་ཚན། : བཀའ་བསྟན། | ཀློག་གྲངས། 11215