-
མདུན་ངོས།
- འཕྲུལ་དེབ་གསར་ཤོས།

འཕྲུལ་དེབ་གསར་ཤོས། (509)
རི་ཆོས་ངེས་དོན་རྒྱ་མཚོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ཀུན་མཁྱེན་དོལ་པོ་སངས་རྒྱས།
བརྗོད་བྱ། གཞན་སྟོང་དབུ་མའི་ལྟ་བ།
པར་གཞི། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་གཞི་ལྟར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0442
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 802 ལྗིད་ཚད། 5MB
སྒྲིག་སྦྱོར་འགྲེམ་སྤེལ། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ལོའི་ཟླ་དྲུག་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདི་ནི། རི་ཆོས་ངེས་དོན་རྒྱ་མཚོ་ཞེས་བྱ་བ་ཀུན་མཁྱེན་དོལ་པོ་སངས་རྒྱས་(༡༢༩༢-༡༣༦༡)ཀྱིས་མཛད་པ་ཡིན་ལ། གཞུང་འདིས་གངས་ལྗོངས་ཆོས་བརྒྱུད་ཆེན་པོ་རྣམས་ཀྱི་ནང་ཚན་རྒྱལ་བ་ཇོ་ནང་བའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྤྱི་དང་། ཁྱད་པར་དུ་གཞན་སྟོང་དབུ་མ་ཆེན་པོའི་ལྟ་བ་ལུང་རིགས་གཉིས་ཀའི་སྒོ་ནས་ཞིབ་རྒྱས་སུ་གཏན་ལ་འབེབ་པར་བྱེད་པས་ན་ལྟ་བའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཡིན།
PDF ཕབ་ལེན། |
---|
དེ་ལས་མང་བ།...
སེམས་ཀྱི་ཞི་བདེ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
པར་གཞིའི་ཡོང་ཁུངས། རྒྱལ་བ་རིན་པོ་ཆེའི་དྲ་ཚིགས།
བརྗོད་བྱ། ནང་ཆོས་ངོ་སྤྲོད།
རིག་མཛོད་དེབ་ཨང་། SJRB-0364
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 282 ལྗིད་ཚད། 2.2MB
༢༠༡༥ ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༤ ཟླ་དྲུག་པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། གསུང་རྩོམ་འདི་ནི། ནང་པས་དཔྱད་པ་ལ་ལྟ་ཕྱོགས། འཁོར་འདས་ཀྱི་གནས་སྟངས། སེམས་དང་སེམས་བྱུང་། རྟེན་འབྲེལ་བཅུ་གཉིས། འགོག་བདེན་དང་རིགས། ལམ་དང་བདེ་བ། སྒོམ་གྱི་ཐབས་ལམ། བྱང་ཆུབ་ཀྱི་སེམས། དགྲ་བོར་གཅེས་པར་འཛིན་ཚུལ། ཤེས་རབ་བཅས་ལེའུ་བཅུ་ལས་གྲུབ་ཡོད་ཅིང་། མཆོག་གསུམ་དང་། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི། འཕགས་པའི་བདེན་པ་བཞི། ཤེས་པའི་རྒྱུན་དང་སྐྱེ་འཆིའི་རྣམ་གཞག །ཉོན་མོངས་དང་ལས། རྣམ་ཤེས་ཕྲ་རགས། སེམས་སེམས་བྱུང་། འགོག་བདེན་དང་རིགས། བྱང་ཕྱོགས་སོ་བདུན། ཞི་ལྷག་དང་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་སོགས་གོ་བདེ་བར་ངོ་སྤྲོད་མཛད་འདུག་ལ། དོན་ཚན་རེ་རེའི་མཇུག་ཏུ་དྲི་བར་ལན་གནང་བ་ཁག་ཅིག་ཀྱང་བཀོད་འདུག་པ་བཅས་ནང་པའི་གཞུང་ཆེན་ཁག་ལ་སློབ་གཉེར་གཏིང་ཟབ་མོ་བྱེད་པའི་གོ་སྐབས་མ་ཐོབ་པ་རྣམས་ལ་ཤིན་ཏུ་མཁོ་ཆེ་བ་ཞིག་ཡིན།
PDF ཕབ་ལེན། |
---|
གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
བརྗོད་བྱ། གསང་བ་སྔགས་ཀྱི་ཆོས་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0440
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 208 ལྗིད་ཚད། 1.3MB
རྩོམ་སྒྲིག་ཁང་། རིག་མཛོད་ཆེན་མོ།
༢༠༢༤ ཟླ་བ་དྲུག་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་ནི། ཕྱི་ལོ་ ༡༨༤༡ ལོར་མདོ་ཁམས་སྡེ་དགེའི་ཉེ་འདབས་སུ་ཡབ་མགོན་པོ་དར་རྒྱས་དང་། ཡུམ་སྲོང་ཆུང་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་ཙམ་ནས་ཡབ་དང་ཞང་པོའི་དྲུང་ནས་ཡི་གེའི་འབྲི་ཀློག་དང་། རྩིས་དཀར་ནག་གི་སྔོན་འགྲོ་དང་གཞུང་ཆེན་བློ་འཛིན་སོགས་ལ་གཞོལ། དགུང་ལོ་བཅུ་གཉིས་ཀྱི་སྐབས་གསང་སྔགས་ཆོས་གླིང་དགོན་དུ་ཆོས་ཞུགས་མཛད་ཅིང་། སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་གྱི་བྱ་བས་བསྟན་འགྲོའི་དོན་ཆེན་སྒྲུབ་པར་མཛད། བཟོ་དང་། གསོ་བ། རྩིས་རིག་བཅས་ལ་ཕུལ་བྱུང་གི་ཕྱག་རྗེས་ཆེན་པོ་བཞག །མདོ་དབུས་ཁམས་གསུམ་དུ་མཁས་པའི་གྲགས་པས་ཁྱབ། རྗེ་འདིའི་དངོས་སློབ་མ་གྲགས་ཆེ་བ། རྡོ་སྤྲུལ་རྡོ་རྗེ་དང་། གཏེར་སྟོན་བསོད་རྒྱལ། ཀཿ ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་སོགས་མཁས་པ་མང་དུ་བྱུང་། དགུང་ལོ་རེ་བདུན་པར་འཇུ་རི་ཁྲོད་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ།
ཁོང་གི་གསུང་རྩོམ། པར་དུ་བརྐོས་པ་པོ་ཏི་སུམ་ཅུ་ལྷག་བཞུགས།
འཇིགས་བྱེད་དཔའ་བོ་གཅིག་པའི་རིམ་གཉིས་ཀྱི་ཁྲིད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ། འཇིགས་བྱེད་ཀྱི་བསྐྱེད་རྫོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0439
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 607 ལྗིད་ཚད། 3.7MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ཟླ་དྲུག་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་ནས་ཕྱི་ལོ་༡༩༧༤ལོར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་བསྐྱེད་རྫོགས་ཀྱི་བཀའ་ཁྲིད་སྩལ་པ་ཞབས་རྙིང་བགྲེས་ཡོལ་གྲགས་པ་བསྟན་དར་ལགས་ནས་སྒྲ་ཐག་ནས་ཡི་གེར་ཕབ་བཤུས་བྱས་པ་དང་། མ་ཕྱི་དེར་ལེགས་བཅོས་བྱས་ཏེ་ཕྱི་ལོ་༢༠༡༥ལོར་དེབ་གཟུགས་སུའང་དཔར་སྐྲུན་བྱས་ཡོད། འཕྲུལ་དེབ་འདི་ནི་དེབ་གཟུགས་མ་དེའི་པར་རྩ་ལ་བཅོས་སྒྲིག་ཉུང་ཙམ་བྱས་ཏེ་བསྒྲིགས་པ་ཞིག་ཡིན།
ལམ་རིམ་བདུད་རྩིའི་ཉིང་ཁུ་དང་བློ་སྦྱོང་ཁྲིད་ཡིག
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ཏཱ་ར་ནཱ་ཐ།
བརྗོད་བྱ། ལམ་གྱི་རིམ་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0438
ཡིག་ཆའི་རྣམ་པ། PDF མ་ཕྱིའི་པར་རྩ། འཛམ་ཐང་དཔེ་རིང་།
ཤོག་གྲངས། 160 ལྗིད་ཚད། 1.5MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདི་རུ། ཇོ་ནང་ཀུན་མཁྱེན་ཏཱ་ར་ནཱ་ཐས་མཛད་པའི་རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ། ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་བསྟེན་པ་དང་། དལ་འབྱོར་རྙེད་དཀའ་བ་སོགས་ནས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་སྒོམ་པའི་བར་དམིགས་སྐོར་དྲུག་ཅུ་རེ་བཞི་དང་། རྒྱུན་གྱི་ཉམས་ལེན་དང་དེ་དག་གི་གེགས་སེལ་བོགས་འདོན་དུ་ཐུན་བཞི། དེ་ལས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་འགྲུབ་ཚུལ་བཅས་ཚིག་ཉུང་དོན་འདུས་གོ་སླ་བ་གཙོ་བོར་མཛད་དེ་བསྟན་ཅིང་། ཡང་སེམས་བསྐྱེད་ཀྱི་ཆོ་ག་དང་བྱང་སྡོམ་ལེན་པའི་ཆོ་ག །ལམ་རིམ་བླ་མ་བརྒྱུད་པའི་གསོལ་འདེབས་དང་ཆོས་ཀྱི་ཁུངས་བསྟན་པ་བཅས་དང་། ཡང་ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་ཏཱ་ར་ནཱ་ཐ་ཉིད་ཀྱིས་མཛད་པ་བཅས་མཉམ་དུ་བཞུགས།
གཞུང་ཆེན་པོད་ལྔའི་བསྡུས་དོན།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། རྒྱལ་ཚབ་རིན་པོ་ཆེ་དང་གུང་ཐང་བསྟན་པའི་སྒྲོན་མེ།
བརྗོད་བྱ། གཞུང་ཆེན་ལྔའི་དོན་བསྡུས་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0437
ཡིག་ཆའི་རྣམ་པ། PDF
མ་ཕྱིའི་པར་རྩ། བཀྲིས་ལྷུན་དང་ཞོལ་པར་མ།
ཤོག་གྲངས། 509 ལྗིད་ཚད། 3MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདིར་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་བསྡུས་དོན་ཐར་ལམ་གྱི་ཉིན་བྱེད་དང་། མངོན་པར་རྟོགས་པའི་རྒྱན་གྱི་བསྡུས་དོན་རིན་པོ་ཆེའི་ཕྲེང་བ། དབུ་མ་ལ་འཇུག་པའི་བསྡུས་དོན་བཅས་དང་། ཁྲི་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པའི་ཆོས་མངོན་པ་མཛོད་ཀྱི་བསྡུས་དོན་ཆོས་མངོན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་དང་འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་པ་ནོར་བུའི་ཕྲེང་བ་བཅས་ལྷན་དུ་བཞུགས།
འཕྲུལ་དེབ་ཀྱི་དཀར་ཆག
དཔེ་མཛོད་ཀྱི་རེའུ་མིག
བཞི་པ། ྋགོང་ས་མཆོག་གི་རེའུ་མིག
སྡེ་ཚན། : ༧གོང་ས་མཆོག | ཀློག་གྲངས། 11177
དྲུག་པ། ཚན་རིག་གི་རེའུ་མིག
སྡེ་ཚན། : ཚན་རིག | ཀློག་གྲངས། 9806
བརྒྱད་པ། དེང་རྩོམ་གྱི་རེའུ་མིག
སྡེ་ཚན། : དེང་རྩོམ། | ཀློག་གྲངས། 10888
བདུན་པ། ཐོར་བུའི་རེའུ་མིག
སྡེ་ཚན། : ཐོར་བུ། | ཀློག་གྲངས། 15975
གསུམ་པ། གཞུང་ཆེན་ཁག་གི་རེའུ་མིག
སྡེ་ཚན། : གཞུང་ཆེན་ཁག | ཀློག་གྲངས། 17957
ལྔ་པ། རིག་གནས་ཀྱི་རེའུ་མིག
སྡེ་ཚན། : རིག་གནས། | ཀློག་གྲངས། 13831
གཉིས་པ། གསུང་འབུམ་གྱི་རེའུ་མིག
སྡེ་ཚན། : གསུང་འབུམ། | ཀློག་གྲངས། 15115
དང་པོ། བཀའ་བསྟན་གྱི་རེའུ་མིག
སྡེ་ཚན། : བཀའ་བསྟན། | ཀློག་གྲངས། 11215