སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2019 ལོའི་ཟླ་བ། Apr ཚེས། 14 རེས་གཟའ། Sun

མཉམ་ལས་ཆེད་གསལ་བསྒྲགས།

 

༄༅། །མཁྱེན་སྤྱན་རབ་ཡངས་ལྷག་བསམ་གྱིས་ཕྱུག་པ་དག་དང་དོན་གཉེར་གྱིས་ཐུགས་རྒྱུད་གཏམས་པ་དག་གི་སྙན་ལམ་དུ།

                           རེ་སྐུལ་ཞུ་རྒྱུར། དགོངས་མངའ་ལྟར་བརྡ་འཕྲིན་གྱི་དུས་རབས་འདིར་སྔོན་ཐོན་གྱི་མི་རིགས་དག་གིས་སོ་སོའི་སྐད་དང་ཡི་གེ །རིག་གཞུང་རྣམས་བརྡ་འཕྲིན་གྱི་ལམ་དུ་བསྐྱལ་ཏེ་དར་སྤེལ་དང་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་ལྟར་འདི་ག་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་ཀྱང་བོད་མི་རིགས་ཀྱི་སྐད་དང་ཡི་གེ །

 ཤེས་རིག་ལ་ཞབས་འདེགས་ཕྲན་ཙམ་ཞུ་སླད་གསུང་རབ་སོགས་འཕྲུལ་དེབ་ཏུ་རྩོམ་སྒྲིག་དང་། འཆད་ཁྲིད་སྣ་མང་དྲ་ངོས་སུ་བཞག་སྟེ་རིན་མེད་དུ་དོན་གཉེར་ཅན་དག་ལ་མཁོ་སྤྲོད་དང་འདོན་སྤེལ་བྱེད་པ་སོགས་སྤྱི་ཕན་གྱི་ལས་གཞི་གང་མང་ཞིག་སྒྲུབ་ཀྱིན་ཡོད་ནའང་། ལས་གཞི་འགའ་ཤས་ཤིག་ནི་ང་ཚོས་བསྐྱར་བསྒྲུབས་ཡང་བསྒྲུབས་བྱེད་ཀྱིན་ཡོད་པ་མཐོང་ཞིང་། དེས་ལས་དུས་དོན་མེད་ཆུད་ཟོས་དང་། སྤྱི་ཕན་གྱི་ནུས་པ་དང་དགོས་པ་ཆུང་ལ། ལས་རྒྱ་བསྐྱེད་པ་ལ་ཕན་ཐོགས་གང་ཡང་མེད་པ་སོགས་ཀྱིས་ལས་གཞི་གང་མང་ཞིག་ང་ཚོ་མཉམ་འབྲེལ་གྱིས་བསྒྲུབ་རྒྱུ་གལ་ཆེ་བར་མཐོང་སྟེ། འདི་ག་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གིས་ལས་གཞི་གང་ཡང་སྤྱི་སྒེར་ཚང་མ་མཉམ་འབྲེལ་བྱེད་དགོས་པ་གཙོ་གནད་དུ་བཟུང་ཡོད་ན་མཉམ་འབྲེལ་གྱི་ཕྱོགས་ལ་དཀྱེལ་ཆེའི་དགོངས་ཡངས་གནང་རྒྱུར་བརྩེ་བས་གཟིགས་གནང་ཡོང་བ་མཁྱེན་མཁྱེན་ཞེས་དང་། 

              གཞན་སྔོན་བྱོན་མཁས་པའི་དབང་པོ་དག་གི་བཀའ་དྲིན་ལས། ཤེས་རིག་གི་ཉིང་བཅུད་དང་། བསམ་བློའི་རྒྱགས་ཕྱེ་རུ་གྱུར་པའི་གསུང་རབ་ཀྱི་གླེགས་བམ་ཁྲི་ཕྲག་མང་པོ་ཞིག་བྱུང་ཡོད་ཅིང་། དེ་དག་ལས་ཉུང་ཤས་ཤིག་ལག་བྲིས་སུ་བཞུགས་པ་ཕུད། གཞན་མང་ཆེ་བ་ཤིང་པར་དུ་བརྐོས་ཏེ་པར་སྐྲུན་དང་འགྲེམས་སྤེལ་སོགས་ཀྱིས་ཉར་ཚགས་དང་སྲུང་སྐྱོབ་བྱས་ཡོད་ན་ཡང་། དུས་ཀྱི་འཕེལ་འགྲིབ་སོགས་ཀྱིས་ད་ལྟའི་དུས་སུ་མང་པོ་ཞིག་དོན་མེད་ཆུད་ཟོས་སུ་འགྲོ་དང་འགྲོ་བཞིན་ཡོད་ལ། ཚན་རྩལ་རབ་ཏུ་དར་བའི་དེང་གི་ཆར་གསུང་རབ་དེ་དག་དེབ་གཟུགས་སུ་པར་སྐྲུན་འགྲེམས་སྤེལ་དང་། འཕྲུལ་དེབ་ཏུའང་གང་མང་ཞིག་ཐོན་བཞིན་ཡོད་པ་སོགས་ཀྱིས་ཀྱང་དཔེ་རིང་དག་གི་སྤྱོད་སྒོ་ཆུང་ནས་ཆུང་དུ་འགྲོ་བཞིན་པ་འདིས་མ་འོངས་པར་དཔེ་རིང་དེ་དག་རྩ་ཡལ་དུ་འགྲོ་བའི་ཉེན་ཁ་ཆེ་བར་བརྟེན། དེ་དག་གཏན་ཡལ་དུ་མི་འགྲོ་བའི་ཆེད་དུ་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེ་བར་མཐོང་སྟེ་འདི་ག་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་བཀའ་བསྟན་སོགས་ཀྱིས་མཚོན་ཆོས་བརྒྱུད་རིས་མེད་ཀྱི་བོད་ཀྱི་མཁས་པ་དང་བོད་རིག་པའི་མཁས་པ་སྔ་མ་དག་གིས་མཛད་པའི་གསུང་རྩོམ་གྱི་པར་རྙིང་དག་དང་དཔེ་ཆ་དཀོན་རིགས་རྣམས་འཚོལ་བསྡུ་བྱས་ཏེ་རྩིས་འཁོར་དུ་པར་བཤུས་ཀྱིས་གཏན་ཚགས་ཡིག་ཆ་(PDF)བཟོས་ནས་ཉར་ཚགས་བྱེད་ཀྱིན་ཡོད་ལགས་ན། མཁས་པ་སྔ་མའི་གསུང་དཔེ་རིང་རྙིང་པ་དང་དཔེ་ཆ་དཀོན་རིགས་སོགས་ཀྱི་པར་བཤུས་སྐུ་ཉིད་ལ་མཆིས་ཚེ་འདི་ག་རྩོམ་སྒྲིག་ཁང་ལ་གནང་སྐྱོང་ཡོང་བ་མཁྱེན་མཁྱེན་ཞེས་དང་གཞན་རིས་མེད་མཁས་པའི་གསུང་འབུམ་སོགས་ཀྱི་པར་རྩ་( word ནང་དུ་ཡོད་པའམ། བསྒྱུར་བཟོ་བྱེད་ཆོག་པའི་ཡིག་རིས་སུ་གཏོགས་པ། )དང་། འཕྲུལ་དེབ་[འཕྲུལ་དེབ་ཚད་ལྡན་ཏུ་རྩོམ་སྒྲིག་བྱས་པ་]ང་ཚོར་ཞལ་འདེབས་གནང་ཚེ། འདི་ག་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་པ་སོགས་དོ་བདག་གི་མཚན་དང་ཡོང་ཁུངས་ཁ་གསལ་[རྒྱབ་ཤ་སོགས་ལ་སྒྲིག་བཀོད་ཀྱི་དགོངས་འཆར་གང་ཡོད་ཐུགས་བཞེད་ལྟར་བསྒྲུབ་ངེས་ཡིན་ལ། པར་གཞིའི་བདག་དབང་ལའང་འདི་ནས་སྤྱི་འགྲོས་ལྟར་བརྩི་བཀུར་ཞུ་ངེས་ལགས།]གྱིས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཏེ་དྲ་ངོས་སུ་འཇོག་རྒྱུ་ཡིན་ན། འཕྲུལ་དེབ་ཏུ་བཟོས་ཆོག་པའི་པར་རྩ་གང་མང་གནང་སྐྱོང་ཡོང་བ་མཁྱེན་མཁྱེན་ཞེས་

༢༠༡༩ ལོའི་ཟླ་༠༤ ཚེས་ ༢༨ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།

ངོ་ཤོག 45 ནས་ 689