སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2024 ལོའི་ཟླ་བ། Nov ཚེས། 15 རེས་གཟའ། Fri

༢༠༢༤ ལོའི་སྟོན་ཆོས་གསུམ་པའི་མཛད་རིམ།

གསལ་བཤད། གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་མཆོག་གིས་ཆོས་རའི་མཛད་རིམ་གསལ་བསྒྲགས་བསྐྱངས་པ་གཞི་བཟུང་ནས། སློབ་གཉེར་བ་རྣམས་ཀྱིས་དྲ་ཐོག་ནས་གཟིགས་བདེ་བའི་ཆེད་དུ་བཟོ་སྒྲིག་བྱེད་བཞིན་ཡོད། གལ་ཏེ་ལས་སྣེ་གོང་མས་གསལ་བསྒྲགས་མ་གནང་ཚེ་འདི་ནས་ཀྱང་བཟོ་སྒྲིག་བྱེད་ཀྱི་མེད་པས་དེ་ལུགས་དགོངས་འཇགས་ཞུ།

སེར་བྱེས་མཁས་སྙན་གྲྭ་ཚང་གི་སྟོན་ཆོས་གསུམ་པའི་ཆོས་རའི་མཛད་རིམ།
བོད་ཟླ།བོད་ཚེས།ཕྱི་ཟླ།ཕྱི་ཚེས།རེས་གཟའ།ཉིན་རེའི་མཛད་རིམ།
༠༩ ༡༦ 11 16 སྤེན་པ། ཆོས་རྒྱུགས།  གསོ་སྦྱོང་།
༠༩ ༡༧ 11 17 ཉི་མ། ཆོས་ར་ཡར་ཚོགས། 
༠༩ ༡༨ 11 18 ཟླ་བ། གུང་སེང་།
༠༩ ༡༩ 11 19 མིག་དམར། གུང་སེང་།
༠༩ ༢༠ 11 20 ལྷག་པ། དགུན་གླིང་དགེ་བཤེས།
༠༩ ༢༡ 11 21 ཕུར་བུ། དགུན་གླིང་དགེ་བཤེས།
༠༩ ༢༢ 11 22 པ་སངས། དགུན་གླིང་དགེ་བཤེས།
༠༩ ༢༣ 11 23 སྤེན་པ། སྔ་དྲོ་དགེ་བཤེས་མཛད་སྒོ། དགོང་མོར་ཆོས་ར།
༠༩ ༢༤ 11 24 ཉི་མ། ཆོས་འདོན།
༠༩ ༢༥ 11 25 ཟླ་བ། ཆོས་འདོན།
༠༩ ༢༦ 11 26 མིག་དམར། གུང་སེང་།
༠༩ ༢༧ 11 27 ལྷག་པ། དགོང་མོར་ཆོས་ར།
༠༩ ༢༨ 11 28 ཕུར་བུ། དགོང་མོར་ཆོས་ར།
༠༩ ༢༩ 11 29 པ་སངས། སྔ་དགོང་ཆོས་ར།
༠༩ ༣༠ 11 30 སྤེན་པ། སྔ་དགོང་ཆོས་ར། གསོ་སྦྱོང་།
༠༩ ༣༠ 12 01 ཉི་མ། སྔ་དགོང་ཆོས་ར།
༡༠ ༠༡ 12 02 ཟླ་བ། སྔ་དགོང་ཆོས་ར།
༡༠ ༠༢ 12 03 མིག་དམར། གུང་སེང་།
༡༠ ༠༣ 12 04 ལྷག་པ། ལྷ་རམས་དགེ་བཤེས།
༡༠ ༠༤ 12 05 ཕུར་བུ། ལྷ་རམས་དགེ་བཤེས།
༡༠ ༠༥ 12 06 པ་སངས། ལྷ་རམས་དགེ་བཤེས།
༡༠ ༠༦ 12 07 སྤེན་པ། ལྷ་རམས་དགེ་བཤེས།
༡༠ ༠༨ 12 08 ཉི་མ། ལྷ་རམས་དགེ་བཤེས།
༡༠ ༠༩ 12 09 ཟླ་བ། ལྷ་རམས་དགེ་བཤེས།
༡༠ ༡༠ 12 10 མིག་དམར། གུང་སེང་། དགེ་བཤེས་མཛད་སྒོ། ཞི་བདེའི་གཟེངས་རྟགས་དུས་དྲན།
༡༠ ༡༡ 12 11 ལྷག་པ། སྔ་དགོང་ཆོས་ར།
༡༠ ༡༢ 12 12 ཕུར་བུ། ཞོགས་ཆོས་སྒྲོལ་འདོན།
༡༠ ༡༣ 12 13 པ་སངས། ཞོགས་ཆོས་སྒྲོལ་འདོན།
༡༠ ༡༤ 12 14 སྤེན་པ། ཞོགས་ཆོས་སྒྲོལ་འདོན།
༡༠ ༡༥ 12 15 ཉི་མ། དུས་བཟང་ཆེན་མོ། གསོ་སྦྱོང་།
༡༠ ༡༦ 12 16 ཟླ་བ། ཆོས་ར་མར་གྲོལ།
༢༠༢༤-༡༡-༡༥ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། སྒྲིག་བཟོ་བ། དགེ་བཤེས་སྐལ་བཟང་ཐར་འདོད།
ངོ་ཤོག 7 ནས་ 689