སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2015 ལོའི་ཟླ་བ། Feb ཚེས། 20 རེས་གཟའ། Fri

བཀའ་འགྱུར། ཤེར་ཕྱིན། ཁྲི་པ། [ག]

དེབ་ཨང་། KGHSR624031 
བཀའ་བསྟན། [བཀའ་འགྱུར།]
སྤྱིའི་ཨང་། ༠༠༤
མཛད་པ་པོ། སྟོན་པ་བཅོམ་ལྡན་འདས། [སྤྱི་ལོ་སྔོན་གྱི། ༦༢༤ -༥༤༥]
ཆོས་ཚན། ཤེར་ཕྱིན།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
ཚོད་ལྟ། བསྐྱར་ཞིབ་བྱས་མེད།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

བཀའ་འགྱུར་ནི། སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་མདོ་སྔགས་ཀྱི་སྐོར་བོད་སྐད་དུ་བསྒྱུར་ཡོད་པ་རྣམས་ཡིན། བོད་ཀྱི་གོང་མ་ཁྲི་སྲོང་ལྡེ་བཙན་གྱི་སྐབས། ལོ་ཙཱ་བ་རྣམས་ཀྱིས་སྐབས་དེར་རྒྱ་གར་ན་བཞུགས་པའི་གསུང་རབ་ཕལ་ཆེ་བ་སྤྱན་དྲངས་ནས་བོད་སྐད་དུ་བསྒྱུར་བ་དང་རིམ་བཞིན། [དཀར་ཆག་འཕང་ཐང་མ།] [ལྡན་དཀར་མ།] [མཆིམས་ཕུ་མ།] བཅས་ལ་བཀོད་པར་མཛད། ༡༣༡༢ ལོར་བཅོམ་ལྡན་རལ་གྲི་དང་། དབུས་པ་བློ་གསལ་སོགས་ཀྱིས་བཀའ་འགྱུར་དང་བསྟན་འགྱུར་གྱི་མ་དཔེ་འཚོལ་བསྡུ་གནང་སྟེ། ཞུས་དག་དང་། སྡེ་ཚན་དབྱེ་བ། གོ་རིམ་བསྒྲིགས་པ་བཅས་བཀའ་འགྱུར་བསྟན་འགྱུར་ཆ་ཚང་བཞེངས་པ་ནི། བཀའ་བསྟན་འགྱུར་བྲིས་མ་ཆ་ཚང་བཞེངས་པའི་ཐོག་མ་ཡིན།

ཕབ་ལེན།   PDF  ཕབ་ལེན།    EPUB  ཕབ་ལེན།

མཆོག་ཉིད་ཀྱིས་གཟིགས་བཞིན་པའི་ཡིག་ཆ་འདི་གནས་སྐབས་སུ་རྩོམ་སྒྲིག་བྱེད་རྒྱུ་མ་བྱུང་ན་དགོངས་འགལ་མེད་པར་ཞུ་རྒྱུ་དང་། གལ་ཏེ་སྐུ་ཉིད་ལ་ཡིག་ཆ་འདི་ལག་སོན་བྱུང་ཚེ་མཁོ་སྤྲོད་གནང་རྒྱུ་མཁྱེན་མཁྱེན།

ངོ་ཤོག 677 ནས་ 683