ཀུན་གཞིའི་དཀའ་འགྲེལ་མཁས་པའི་འཇུག་ངོགས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། གུང་ཐང་བསྟན་པའི་སྒྲོན་མེ།
བརྗོད་བྱ། ཉོན་ཡིད་དང་ཀུན་གཞི་སོགས་ཀྱི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0217
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 928KB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༡༡ ཚེས་ ༧ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ། ༡༧༦༢ ལོར་མདོ་སྨད་མཛོད་དགེ་སྨད་དུ་འཁྲུངས། དགུང་ལོ་ལྔའི་སྐབས་གུང་ཐང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་ལོ་བདུན་གྱི་སྐབས་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་ཆོས་སྒོར་ཞུགས་ཤིང་། ལོ་ལྔའི་རིང་ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅུ་བདུན་གྱི་སྐབས་དབུས་སུ་སློབ་གཉེར་ལ་བྱོན་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་གསར་ནས་དབུ་ཚུགས་ཏེ། ལོ་དགུའི་རིང་གཞུང་ཆེན་སློབ་གཉེར་དང་གསན་སྦྱོང་མཛད། དགུང་ལོ་ཉེར་གཅིག་གི་སྐབས་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ལས་དགེ་སློང་གི་སྡོམ་པ་ཞུས། དབུས་སུ་བཞུགས་རིང་མདོ་སྔགས་ཀྱི་ཆོས་རྒྱུན་སྔར་མ་གསན་པ་མང་པོ་ཞིག་གསན། དགུང་ལོ་ཉེར་ལྔའི་སྐབས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མཛད། དགུང་ལོ་སོ་གཅིག་གི་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་གྱི་ཁྲིར་ཕེབས། མདོ་སྨད་ཀྱི་ཆོས་སྡེ་མང་པོར་ཆོས་རྒྱུན་འཆད་སྤེལ་སོགས་གནང་། སློབ་མ་ལ་སྐྱེས་ཆེན་དམ་པ་མང་པོ་བྱུང་། ༡༨༢༣ ལོར་སྐུ་གཤེགས། གསུང་རྩོམ་ལ། པོད་བརྒྱད་བཞུགས།
ཕབ་ལེན། PDF ཕབ་ལེན།
དྲང་ངེས་ཟིན་བྲིས་བློ་གསལ་སྒྲོན་མེ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཚན་བྱང་། དྲང་ངེས་ཟིན་བྲིས་བློ་གསལ་སྒྲོན་མེ།
མཛད་པ་པོ། མཁན་ཟུར་བློ་བཟང་དབང་ཕྱུག
བརྗོད་བྱ། དྲང་བ་དང་ངེས་པའི་དོན།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0268
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.3MB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༡༠ ཚེས་ ༧ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
གསལ་བཤད་མདོར་བསྡུས།
སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་ཕྱུག་ནི། ༡༩༠༡ ལོར་དཀར་མཛེས་སུ་སྐུ་འཁྲུངས། དགུང་གྲངས་བདུན་དུ་ཕེབས་པ་ན་དཀར་མཛེས་མཚན་ཉིད་གྲྭ་ཚང་དུ་སྒྲིག་ཞུགས་མཛད། དགུང་གྲངས་བཅོ་ལྔ་པར་དབུས་སུ་ཕེབས་ཏེ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས། གཞུང་ཆེན་ལ་ཐུགས་གཉེར་གནང་། དགུང་གྲངས་ཉེར་ལྔའི་སྐབས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ༡༩༣༩ ལོར་དགེ་འདུན་འདུས་པའི་དབུས་སུ་ལྷ་རམས་པའི་དམ་འཇོག་གནང་། དགུང་གྲངས་ང་བཞི་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོར་དམིགས་བསལ་གྱིས་བསྐོ་བཞག་སྩལ། ༡༩༥༩ ལོར་སྦག་ས་ཆོས་སྒར་དུ་མཁན་པོ་གསར་པ་མ་ཕེབས་བར་མཁན་པོའི་ལས་འཁུར་གནང་། ༡༩༧༩ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད།
ཕབ་ལེན། PDF ཕབ་ལེན།
མངོན་རྟོགས་རྒྱན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྗེ་བཙུན་བྱམས་པ་མགོན་པོ།
བརྗོད་བྱ། དངོས་བརྒྱད་དོན་བདུན་ཅུ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0083
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 583KB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༡༠ ཚེས་ ༡ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་བཙུན་བྱམས་པ་མགོན་པོ་ནི། སྟོན་པ་ཐུབ་པའི་དབང་པོ་དགའ་ལྡན་དུ་སྐྱེ་བ་སྤྲུལ་སྐུའི་ཚུལ་བཟུང་སྟེ། འཛམ་བུའི་གླིང་དུ་འབྱོན་པ་ལ་ཉེ་བར་ཕྱོགས་པའི་ཚེ། རྗེ་བཙུན་བྱམས་པ་མགོན་པོ་ལ་པྲོག་ཞུ་བསྐོན་ནས་རྒྱལ་ཚབ་ཏུ་དབང་བསྐུར་བས། དེ་ནས་བཟུང་རྒྱལ་ཚབ་བྱམས་པ་མགོན་པོ་ཞེས་གྲགས་པ་ཡིན་ནོ། །རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་དང་། མ་འོངས་པའི་ཚེ་ལོ་བརྒྱད་ཁྲི་པའི་དུས་གཉིས་ལུས་པར། རྗེ་བཙུན་བྱམས་པ་མགོན་པོས་ཐུགས་རྗེས་མ་བཟོད་ནས་ཐུགས་བསྐྱེད་དེ་ཚེ་ལོ་བརྒྱད་ཁྲི་པའི་དུས་ཀྱི་འགྲོ་བ་དེ་དག་ཡོངས་སུ་བཟུང་ངོ་། །སྟོན་པའི་བསྟན་པ་རྟགས་ཙམ་འཛིན་པ་འདི་ནུབ་པ་ཡན་ཆད་ཀྱིས་བསྐལ་པ་ཡ་ཐོག་རིང་མོ་རྫོགས་པ། བར་གྱི་ཁུག་པ་བཅོ་བརྒྱད་ཀྱི་འགོར་རྗེ་བཙུན་འབྱོན་པར་གསུངས་སོ། །འབྱོན་པའི་ཡུལ་ནི་གྲོང་ཁྱེར་རྩྭ་ཅན་ཞེས་པ་ཡིན་ཞིང་། ཡུལ་དེའི་རྒྱལ་པོ་དུང་ཞེས་བྱ་བའི་མདུན་ན་འདོན་བྲམ་ཟེ་ཚངས་རབ་ཅེས་བྱ་བའི་སྲས་སུ་འབྱོན་པར་འགྱུར་རོ། །རྗེ་བཙུན་གྱི་གདམས་ངག་གི་གཞུང་རྩ་བ་མངོན་རྟོགས་རྒྱན་སོགས་བྱམས་ཆོས་སྡེ་ལྔ་གསུངས་ཤིང་། ཤེར་ཕྱིན་གྱི་མདོའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་སྟོན་པའི་མངོན་རྟོགས་རྒྱན་གཙོ་བྱས་པའི་གཞུང་འདི་དག་ནི་འཕགས་པ་ཐོགས་མེད་དགའ་ལྡན་དུ་ཕེབས་ནས་རྗེ་བཙུན་གྱི་དྲུང་དུ་གསན་ཏེ། འཛམ་བུའི་གླིང་འདིར་གདན་དྲངས་པ་ཡིན་ནོ། །
ཕབ་ལེན། PDF ཕབ་ལེན།
རྗེ་བཙུན་པའི་མཛོད་ཀྱི་བཤད་པ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0064
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.9MB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༢༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། ཕྱི་ལོ་༡༤༦༩ ལོར་ཉང་སྟོད་དུ་སྐུ་འཁྲུངས། དགུང་ལོ་བདུན་པར་གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས་རིན་ཆེན་ལས་དགེ་བསྙེན་གྱི་སྡོམ་པ་ཞུས། པཎ་ཆེན་ཡེ་ཤེས་རྩེ་མོ་སོགས་བསྟེན་ནས་གཞུང་ཆེན་ལ་གསན་སྦྱོང་མཛད། དགུང་ལོ་ཉེར་གསུམ་པར་བཀྲ་ཤིས་ལྷུན་པོའི་དགེ་བསྐོས་མཛད། དཔལ་འཁོར་བདེ་ཆེན་སོགས་སུ་གྲྭ་སྐོར་གནང་། རྗེ་ཤེས་རབ་བཟང་པོ་སོགས་ལས་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་བདུན་པར་གཙང་དུ་མདོ་སྔགས་ཀྱི་ཆོས་འཁོར་བསྐོར། དགུང་ལོ་ཞེ་གསུམ་པར་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོ་མཛད། དགུང་ལོ་ང་ལྔ་པར་སྟག་རྩེ་རིན་ཆེན་སྒང་གི་མཁན་པོ་གནང་། དགུང་ལོ་རེ་དགུ་པར་སེ་རའི་མཁན་ཁྲིར་ཕེབས་ཏེ་འཆད་ཉན་ལེགས་པར་བསྐྱངས། ༡༥༤༤ ལོར་ཞི་བར་གཤེགས་སོ། །བཀའ་རྩོམ་གྱི་སྐོར་ལ། སེར་བྱེས་གྲྭ་ཚང་གི་རྗེ་བཙུན་པའི་གསུང་འབུམ་དཔེ་བསྡུར་མའི་རྩོམ་སྒྲིག་པས་ལེགས་བསྒྲིགས་བྱས་པའི་དཔེ་གཟུགས་གླེགས་བམ་བཅོ་ལྔ་བཞུགས།
ཕབ་ལེན། PDF |
རྗེ་བཙུན་པའི་འདུལ་བའི་སྤྱི་དོན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།
བརྗོད་བྱ། སོ་སོར་ཐར་པ་འདུལ་བའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0065
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.3 MB
གཤིབ་སྡུར་མཁན། སེར་བྱེས་གྲྭ་ཚང་གི་རྗེ་བཙུན་ཡིག་ཆ་དཔེ་སྡུར་པ་རྣམས།
བསྐྱར་སྒྲིག་པ། རིག་མཛད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ལོའི་ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༨ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། ཕྱི་ལོ་༡༤༦༩ ལོར་ཉང་སྟོད་དུ་སྐུ་འཁྲུངས། དགུང་ལོ་བདུན་པར་གནས་རྙིང་ཆོས་རྗེ་ཀུན་དགའ་བདེ་ལེགས་རིན་ཆེན་ལས་དགེ་བསྙེན་གྱི་སྡོམ་པ་ཞུས། པཎ་ཆེན་ཡེ་ཤེས་རྩེ་མོ་སོགས་བསྟེན་ནས་གཞུང་ཆེན་ལ་གསན་སྦྱོང་མཛད། དགུང་ལོ་ཉེར་གསུམ་པར་བཀྲ་ཤིས་ལྷུན་པོའི་དགེ་བསྐོས་མཛད། དཔལ་འཁོར་བདེ་ཆེན་སོགས་སུ་གྲྭ་སྐོར་གནང་། རྗེ་ཤེས་རབ་བཟང་པོ་སོགས་ལས་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་བདུན་པར་གཙང་དུ་མདོ་སྔགས་ཀྱི་ཆོས་འཁོར་བསྐོར། དགུང་ལོ་ཞེ་གསུམ་པར་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་པོ་མཛད། དགུང་ལོ་ང་ལྔ་པར་སྟག་རྩེ་རིན་ཆེན་སྒང་གི་མཁན་པོ་གནང་། དགུང་ལོ་རེ་དགུ་པར་སེ་རའི་མཁན་ཁྲིར་ཕེབས་ཏེ་འཆད་ཉན་ལེགས་པར་བསྐྱངས། ༡༥༤༤ ལོར་ཞི་བར་གཤེགས་སོ། །བཀའ་རྩོམ་གྱི་སྐོར་ལ། སེར་བྱེས་གྲྭ་ཚང་གི་རྗེ་བཙུན་པའི་གསུང་འབུམ་དཔེ་བསྡུར་མའི་རྩོམ་སྒྲིག་པས་ལེགས་བསྒྲིགས་བྱས་པའི་དཔེ་གཟུགས་གླེགས་བམ་བཅོ་ལྔ་བཞུགས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
ཁྲིད་ཀྱི་དཀར་ཆག 1. འཁྲིད་མཁན། སྐུ་ཕྱོགས་ཆོས་ལྡན་རིན་པོ་ཆེ། |
PDF ཕབ་ལེན། |
---|
སྔགས་ཀྱི་ས་ལམ་སྐལ་བཟང་འཇུག་ངོགས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། དབྱངས་ཅན་དགའ་བའི་བློ་གྲོས།
བརྗོད་བྱ། གསང་བ་སྔགས་ཀྱི་ས་ལམ་བགྲོད་ཚུལ་གྱི་རིམ་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0277
ཡིག་ཆའི་རྣམ་པ། PDF པར་རྩ། སྐུ་འབུམ་བྱམས་པ་གླིང་གི་ཤིང་པར།
ཤོག་གྲངས། 55 ལྗིད་ཚད། 677 KB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ཟླ་དྲུག་པར་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ནི། ཕྱི་ལོ་ ༡༧༤༠ ལོར་བོད་ཙོང་ཁའི་ཕྱོགས་སུ་ཕྱག་རྡོ་ཐང་གི་ཨ་ཀྱཱ་སྡེ་བར་སྐུ་འཁྲུངས། དགུང་ལོ་བདུན་པར་རབ་ཏུ་བྱུང་སྟེ་མཚན་ལ་བློ་བཟང་དོན་གྲུབ་གསོལ། དགུང་ལོ་བཅོ་ལྔ་ལ་བྱ་ཁྱུང་དགོན་དུ་ཆོས་ཞུགས་མཛད། དགུང་ལོ་ཉེར་བདུན་སྐབས་དབུས་སུ་ཕེབས་ཏེ་གཞུང་ཆེན་ལ་སློབ་གཉེར་གནང་། དགུང་ལོ་ཉེར་བརྒྱད་སྐབས་བསྙེན་པར་རྫོགས། ཀུན་མཁྱེན་འཇིགས་མེད་དབང་པོ་སོགས་ལས་མདོ་སྔགས་ཀྱི་ཆོས་མང་པོ་གསན། དགུང་ལོ་བཞི་བཅུ་པར་མགུར་རྣམ་རྒྱལ་གླིང་གི་ཁྲིར་ཕེབས། རྫོང་ནང་དགོན་པ་སོགས་ཕྱག་བཏབ། དགུང་ལོ་དྲུག་ཅུ་རེ་བཞི་ལ་བྱ་ཁྱུང་དགོན་གྱི་ཁྲིར་ཕེབས། སྐུ་འབུམ་བླ་མ་ཨ་ཀྱཱ་ཡེ་ཤེས་བསྐལ་བཟང་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་མཛད་པས་ཡོངས་གྲགས་སུ་ཨ་ཀྱཱ་ཡོངས་འཛིན་ཞེས་གསོལ། ཕྱི་ལོ་ ༡༨༢༧ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ་པོད་འབྲིང་གཉིས་ཙམ་བཞུགས།
ཁྲིད་ཀྱི་དཀར་ཆག 1. འཁྲིད་མཁན། མཁན་ཟུར་བློ་བཟང་བདེ་ལེགས་མཆོག 2. དགེ་བཤེས་བློ་བཟང་ཆོས་འཕེལ། 3. དགེ་བཤེས་བློ་བཟང་རྒྱལ་མཚན། 4. དགེ་བའི་བཤེས་གཉེན་བྱམས་པ་ཆོས་གྲགས། 6. དགེ་བཤེས་མཁས་གྲུབ་ནོར་བཟང་། 7. དགེ་བཤེས་མཁས་གྲུབ་ནོར་བཟང་། 8. དགེ་བཤེས་མཁས་གྲུབ་ནོར་བཟང་། |
PDF ཕབ་ལེན། |
---|
འཇིགས་བྱེད་བཅུ་གསུམ་མའི་བསྐྱེད་རིམ་ཁྲིད་ཟིན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ཨ་ཁུ་ཤེས་རབ་རྒྱ་མཚོ།
བརྗོད་བྱ། བསྐྱེད་རིམ་གྱི་རྣམ་གཞག
རིག་མཛོད་འཕྲུལ་དེབ་ཨང་། SJRB-0269
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 927 KB
གཤིབ་སྡུར་དང་བཟོ་སྒྲིག་པ། སྐལ་བཟང་ཐར་འདོད།
༢༠༡༥ ལོའི་ཟླ་བཅུ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་༧ཚེས་༢༡ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཨ་ཁུ་ཤེས་རབ་རྒྱ་མཚོ་ནི། རྩེ་གཞུང་བྲག་དམར་མདོ་རུ་འཁྲུངས། དགུང་ལོ་དྲུག་གི་སྐབས་ཡི་གེ་འབྲི་ཀློག་སྦྱངས། ལོ་དེར་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་ཞུས། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཞུགས་ཏེ། མདོ་སྔགས་རིག་གནས་སོགས་ལ་སྦྱངས། དགུང་ལོ་བཅུ་བདུན་གྱི་སྐབས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་དཀོན་མཆོག་བསྟན་འཛིན་གསོལ། འཇམ་བཞད་སྐུ་ཕྲེང་གསུམ་པའི་དྲུང་ཡིག་གི་འགན་ཁུར། དགུང་ལོ་ཉེར་བརྒྱད་པར་དགེ་སློང་གི་སྡོམ་པ་བླངས། མཚན་ལ་ཤེས་རབ་རྒྱ་མཚོ་གསོལ། དུས་འཁོར་གྲྭ་ཚང་དུ་རྣམ་སྣང་མངོན་བྱང་གི་སྒྲུབ་མཆོད་ཆ་ལག་དང་བཅས་པ་གསར་དུ་བཙུགས། ༡༨༧༥ ལོར་སྐུ་གཤེགས། གསུང་རྩོམ་ལ། པོ་ཏི་བདུན་བཞུགས།
PDF ཕབ་ལེན། |
---|
མཁས་གྲུབ་རྗེའི་རྒྱུད་སྡེ་སྤྱི་རྣམ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་།
བརྗོད་བྱ། རྒྱུད་སྡེ་སྤྱིའི་རྣམ་གཞག
རིག་མཛོད་འཕྲུལ་དེབ་ཨང་། SJRB-0052
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 201 ལྗིད་ཚད། 1.3 MB
གཤིབ་སྡུར་དང་བཟོ་སྒྲིག་པ། སྐལ་བཟང་ཐར་འདོད།
༢༠༡༥ ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་༧ཚེས་༢༡ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
མཁས་གྲུབ་དགེ་ལེགས་དཔལ་བཟང་ནི། མཁས་གྲུབ་དགེ་ལེགས་དཔལ་བཟང་། ༡༣༨༥ ལོར་ལ་སྟོད་བྱང་གི་ས་ཆའི་ལྡོག་གཞུང་དུ་འཁྲུངས། དགུང་ལོ་བདུན་གྱི་སྐབས་ཆོས་སྒོར་ཞུགས། མཚན་ལ་དགེ་ལེགས་དཔལ་བཟང་གསོལ། རྗེ་བཙུན་རེད་མདའ་བ་སོགས་ལས་གཞུང་ཆེན་ཁག་དང་གསང་སྔགས་ཀྱི་ཆོས་སྐོར་མང་པོ་གསན། དགུང་ལོ་ཉི་ཤུའི་སྐབས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གསུམ་གྱི་སྐབས་རྗེ་ཙོང་ཁ་པ་སེ་ར་ཆོས་སྡིངས་སུ་བཞུགས་པ་དང་མཇལ་ཞིང་། མདོ་སྔགས་ཀྱི་ཆོས་རྒྱུན་སྤྱི་དང་ཐུན་མོང་མ་ཡིན་པའི་གདམས་པ་ཡོངས་རྫོགས་གནང་། དགུང་ལོ་ཞེ་བདུན་གྱི་སྐབས་དགའ་ལྡན་གྱི་ཁྲིར་ཕེབས། སློབ་མ་གྲགས་ཆེན་མང་དུ་བྱུང་། ༡༤༣༨ ལོར་སྐུ་གཤེགས། གསུང་རྩོམ་ལ། པོད་ཆེན་བཅུ་གསུམ་ཙམ་བཞུགས།
1. འཁྲིད་མཁན། དགེ་བཤེས་མཁས་གྲུབ་ནོར་བཟང་། |
PDF ཕབ་ལེན། |
---|
འོད་གསལ་རྫོགས་པ་ཆེན་པོའི་རྣམ་གཞག
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། བྲག་དཀར་བློ་བཟང་སྙན་གྲགས།
བརྗོད་བྱ། རྫོགས་ཆེན་གཞི་ལམ་འབྲས་གསུམ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0237
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 696 KB
༢༠༡༥ ཟླ་ ༧ པར་རྩོམ་སྒྲིག་བྱས།
༢༠༢༠ ཟླ་༧ཚེས་༢༡ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས། ༡༨༦༦ལོར་འཁྲུངས། དགུང་ལོ་བཞིའི་སྐབས་བྲག་དཀར་བྱང་ཆུབ་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་ལྔའི་སྐབས་ནས་ཡི་གེ་འབྲི་ཀློག་སོགས་ལ་གསན་སྦྱོང་མཛད། དགུང་ལོ་བཅུ་གཅིག་གི་སྐབས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་བདུན་སྐབས་ལྷ་ལྡན་དུ་ཕེབས། འབྲས་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་ལ་ཐུགས་གཉེར་གནང་། དགུང་ལོ་ཉི་ཤུའི་སྐབས་བསྙེན་པར་རྫོགས། འཇམ་དབྱངས་མི་ཕམ་རྣམ་རྒྱལ་གྱི་མདུན་དུ་རྩོད་ལན་ཕུལ། དགུང་ལོ་ཉེར་གསུམ་གྱི་སྐབས་རང་ཡུལ་དུ་ཕེབས་ཤིང་རིས་མེད་ཀྱི་མཁས་གྲུབ་དུ་མ་བསྟེན་ཏེ་ལུང་ཁྲིད་མན་ངག་དབང་སོགས་མནོས། གུང་ལོ་ཉེར་བདུན་ནས་བཟུང་བཀའ་ཆོས་རྒྱ་ཆེར་གསུངས་ནས་རིས་སུ་མ་ཆད་པའི་གདུལ་བྱ་བསྐྱངས། སློབ་མའི་གཙོ་བོ། དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་སོགས་བྱུང་། ༡༩༢༩ལོར་སྐུ་གཤེགས། གསུང་རྩོམ་ལ། རྩོམ་སྒྲིག་པར་ལག་སོན་བྱུང་བ་པོ་ཏི་བཅུ་དགུ་བཞུགས།
PDF ཕབ་ལེན། |
---|
དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ། [ཀ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། SBG200001
གསུང་འབུམ། [དུས་རབས། ༢༠]
སྤྱིའི་ཨང་། ༡༠
མཚན་བྱང་། དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ། [ཀ]
མཛད་པ་པོ། དགེ་འདུན་ཆོས་འཕེལ། [༡༩༠༣ - ༡༩༥༡ ]
ཆོས་ཚན། རྒྱལ་རབས་དེབ་ཐེར་དཀར་པོ་སོགས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དགེ་འདུན་ཆོས་འཕེལ་ནི། མདོ་སྨད་རེབ་གོང་ཞོ་འཕོང་དུ་སྐུ་འཁྲུངས། གཡའ་མ་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་བྱས། དེར་སུམ་རྟགས་དང་སྙན་ངག་སོགས་སྦྱངས། དགུང་ལོ་བཅོ་ལྔ་ནས་ལྡི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཞུགས་ཏེ་གཞུང་ལ་སློབ་གཉེར་གནང་། དགུང་ལོ་བཅུ་དགུའི་སྐབས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་དགེ་འདུན་ཆོས་འཕེལ་གསོལ། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཚད་མ་དང་ཕར་ཕྱིན་ལ་སྦྱངས་པ་མཛད། དགུང་ལོ་ཉེར་ལྔའི་སྐབས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། དགུང་ལོ་སུམ་ཅུའི་སྐབས་པཎྜི་ཏ་ར་ཧུ་ལས་གདན་ཞུས་ལྟར་རྒྱ་གར་དུ་ཕེབས། དགུང་ལོ་ཞེ་གཉིས་པར་ཁྲི་བྱང་རིན་པོ་ཆེ་དང་ཀ་ཤོད་པ་གཉིས་ཀས་གདན་འདྲེན་ཞུས་པ་ལྟ་བོད་དུ་ཕྱིར་ཕེབས། དགུང་ལོ་ཞེ་བཞི་པར་བཙོན་དུ་བཅུག །༡༩༥༡ སྐུ་གཤེགས་སོ། །ད་ལྟ་ཁོང་གི་གསུང་རྩོམ་ལག་སོན་བྱུང་བ་ཆོས་ཚན་ཉེར་བཞི་བཞུགས་ལ། བསྒྱུར་རྩོམ་ལ་ཆོས་ཚན་དགུ་བཞུགས།
ཁྱེད་ཀྱིས་འཚོལ་བཞིན་པའི་གནད་དོན་གྱི་ལས་རིམ་དེ་ད་ལྟ་ཆ་ཚང་བ་ཞིག་གྲུབ་མེད་པས་དགོངས་སེལ་ཞུ། སླད་མར་གང་མགྱོགས་ཁྱེད་ཀྱི་ཐུགས་རེ་བཞིན་འགྲུབ་ཐུབ་པའི་རེ་བ་ཡོད། ཁྱེད་ཀྱིས་ང་ཚོའི་དྲ་རྒྱར་ཕེབས་ནས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ།
དེ་ལས་མང་བ།...
དབྲ་སྟོན་བསྐལ་བཟང་བསྟན་རྒྱན་གྱི་གསུང་འབུམ། [ཀ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། SBB199001
གསུང་འབུམ། [དུས་རབས། ༡༩]
སྤྱིའི་ཨང་། ༡༧༩
མཚན་བྱང་། དབྲ་སྟོན་བསྐལ་བཟང་བསྟན་རྒྱན་གྱི་གསུང་འབུམ། [ཀ]
མཛད་པ་པོ། དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན།
ཆོས་ཚན། དབུ་མའི་ལྟ་ཁྲིད་བསྡུས་པ་སོགས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་ནི། ཕྱི་ལོ་ ༡༨༩༧ ལོར་སྐུ་འཁྲུངས། དགུང་ལོ་ཆུང་ངུ་ནས་ཡི་གེའི་འབྲི་ཀློག་བསླབས་པས་ལེགས་པར་མཁྱེན། གླག་བྲག་རྫོང་དགོན་དུ་ཕེབས་ཏེ་གཞུང་ལུགས་གསན་ནས་མཁས་པའི་གྲགས་པ་ཐོབ། ཡེ་ཤེས་དགོན་གྱི་མཁན་པོ་དྲང་སྲོང་དམ་པ་ཚུལ་ཁྲིམས་མཆོག་རྒྱལ་ལས་བསྙེན་པར་རྫོགས། རིས་མེད་ཀྱི་བླ་མ་དམ་པ་དུ་མ་བསྟེན། ཁྱད་པར་དུ་གྲུབ་དབང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་བསྟེན་ནས་འཕྲུལ་ངག་གཡུང་དྲུང་བོན་གྱི་རིང་ལུགས་གཙང་མའི་མདོ་རྒྱུད་ཀྱི་གཞུང་བཤད་དང་། རྫོགས་ཆེན་གྱི་མན་ངག་དབང་ཁྲིད་དང་བཅས་པ་གསན། ༡༩༥༩ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་པོ་ཏི་ལྔ་ཙམ་བཞུགས།
ཁྱེད་ཀྱིས་འཚོལ་བཞིན་པའི་གནད་དོན་གྱི་ལས་རིམ་དེ་ད་ལྟ་ཆ་ཚང་བ་ཞིག་གྲུབ་མེད་པས་དགོངས་སེལ་ཞུ། སླད་མར་གང་མགྱོགས་ཁྱེད་ཀྱི་ཐུགས་རེ་བཞིན་འགྲུབ་ཐུབ་པའི་རེ་བ་ཡོད། ཁྱེད་ཀྱིས་ང་ཚོའི་དྲ་རྒྱར་ཕེབས་ནས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ།
རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གསུང་འབུམ། [ཀ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། SBG180001
གསུང་འབུམ། [དུས་རབས། ༡༨]
སྤྱིའི་ཨང་། ༤༢
མཚན་བྱང་། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གསུང་འབུམ། [ཀ]
མཛད་པ་པོ། རྒྱལ་བ་བསྐལ་བཟང་རྒྱ་མཚོ། [༡༧༠༨ - ༡༧༥༧ ]
ཆོས་ཚན། ལྟ་ཁྲིད་དྲན་པ་བཞི་ལྡན་སོགས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
ངོ་སྤྲོད་མདོར་བསྡུས།
རྒྱལ་བ་བསྐལ་བཟང་རྒྱ་མཚོ་ནི། ༡༧༠༨ ལོར་ལི་ཐང་དུ་སྐུ་འཁྲུངས། རྒྱལ་བའི་ཡང་སྲིད་དུ་ངོས་འཛིན་ཞུས། དགུང་ལོ་བརྒྱད་པར་སྐུ་འབུམ་དུ་ཕེབས་ཏེ་དགེ་བསྙེན་གྱི་སྡོམ་པ་མནོས། ཆ་གན་ནོ་མིན་ཧན་སོགས་ལས་གཞུང་ཆེན་གསན་བསམ་མཛད། མེ་སྤྲེལ་ལོར་རབ་ཏུ་བྱུང་། དགུང་ལོ་བཅུ་གསུམ་གྱི་སྐབས་དབུས་སུ་ཕེབས། ལྕགས་བྱི་ལོར་པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་བློ་བཟང་བསྐལ་བཟང་རྒྱ་མཚོར་གསོལ། ༡༧༥༡ ལོར་ཆབ་སྲིད་ཀྱི་ཐུགས་འགན་བཞེས། བཀའ་ཤག་ཐོག་མར་བཙུགས། དགུང་ལོ་ཞེ་ལྔ་པར་རྩེ་སློབ་གྲྭ་གསར་འཛུགས་མཛད། དགུང་ལོ་ཞེ་བདུན་པར་སྐལ་བཟང་ཕོ་བྲང་གསར་བསྐྲུན་དང་བཟོ་གྲྭ་ཞོལ་འདོད་དཔལ་གསར་འཛུགས་མཛད། ༡༧༥༧ ལོར་སྐུ་གཤེགས། གསུང་རྩོམ་པོད་བདུན་བཞུགས།
ཁྱེད་ཀྱིས་འཚོལ་བཞིན་པའི་གནད་དོན་གྱི་ལས་རིམ་དེ་ད་ལྟ་ཆ་ཚང་བ་ཞིག་གྲུབ་མེད་པས་དགོངས་སེལ་ཞུ། སླད་མར་གང་མགྱོགས་ཁྱེད་ཀྱི་ཐུགས་རེ་བཞིན་འགྲུབ་ཐུབ་པའི་རེ་བ་ཡོད། ཁྱེད་ཀྱིས་ང་ཚོའི་དྲ་རྒྱར་ཕེབས་ནས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ།
ལོ་ཆེན་དྷརྨ་ཤྲཱིའི་གསུང་འབུམ། [ཅ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། SBN175001
གསུང་འབུམ། [དུས་རབས། ༡༧]
སྤྱིའི་ཨང་། ༣༤
མཚན་བྱང་། ལོ་ཆེན་དྷརྨ་ཤྲཱིའི་གསུང་འབུམ། [ཅ]
མཛད་པ་པོ། ལོ་ཆེན་དྷརྨ་ཤྲཱི། [༡༦༥༤ - ༡༧༡༨ ]
ཆོས་ཚན། འབྱུང་རྩིས་ཟླ་བའི་འོད་ཟེར་སོགས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ལོ་ཆེན་དྷརྨ་ཤྲཱི། གཡོར་པོ་གྲྭ་ནང་གི་དར་རྒྱས་ཆོས་གླིང་དུ་འཁྲུངས། དགུང་ལོ་བཅུ་གསུམ་པར་གཙུག་ཕུད་ཕུལ། དགུང་ལོ་བཅོ་ལྔའི་སྐབས་རྒྱལ་དབང་ལྔ་པ་ལས་རབ་ཏུ་བྱུང་། སློབ་དཔོན་དོན་གྲུབ་དབང་རྒྱལ་སོགས་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་རྣམས་ལ་སྦྱངས་པ་དཔྱིས་ཕྱིན་པ་གནང་། སློབ་མ་གྲགས་ཆེ་བ། ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས་སོགས་མང་ངོ་། ༡༧༡༨ ལོར་ཇུན་གར་པས་སྐྱིད་ཆུའི་འགྲམ་དུ་བཀྲོངས། གསུང་རྩོམ་ལ། གསང་བདག་དགོངས་རྒྱན་སོགས་ཆོས་ཚན་བདུན་ཅུ་ལྷག་ཙམ་བཞུགས།
ཁྱེད་ཀྱིས་འཚོལ་བཞིན་པའི་གནད་དོན་གྱི་ལས་རིམ་དེ་ད་ལྟ་ཆ་ཚང་བ་ཞིག་གྲུབ་མེད་པས་དགོངས་སེལ་ཞུ། སླད་མར་གང་མགྱོགས་ཁྱེད་ཀྱི་ཐུགས་རེ་བཞིན་འགྲུབ་ཐུབ་པའི་རེ་བ་ཡོད། ཁྱེད་ཀྱིས་ང་ཚོའི་དྲ་རྒྱར་ཕེབས་ནས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ།
རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། [ཙ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། SBJ167001
གསུང་འབུམ། [དུས་རབས། ༡༦]
སྤྱིའི་ཨང་། ༡༦༩
མཚན་བྱང་། རྗེ་ཏཱ་ར་ནཱ་ཐའི་གསུང་འབུམ། [ཙ]
མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ། [༡༥༧༥ - ༡༦༣༤ ]
ཆོས་ཚན། བཀའ་བབས་བདུན་ལྡན་གྱི་བརྒྱུད་པ་སོགས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་བཙུན་ཏཱ་ར་ནཱ་ཐ་ནི། ཕྱི་ལོ་༡༥༧༥ལོར་དབུས་ཀྱི་ཇོ་མོ་ཁ་རག་དང་ཉེ་བར་སྐུ་འཁྲུངས། དགུང་ལོ་བཞི་པར་ཇོ་ནང་བླ་མ་ཀུན་དགའ་གྲོལ་མཆོག་གི་ཡང་སྤྲུལ་དུ་ངོས་འཛིན་མཛད། སྟག་ལུང་པ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་གྱི་དྲུང་ནས་བཀའ་གདམས་གླེགས་བམ་གྱི་ལུང་ཞུས་པ་དང་སྦྲགས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པའང་མནོས། རྗེ་གྲུབ་པའི་དབང་ཕྱུག་ལས་རས་ཆུང་སྙན་བརྒྱུད་ཀྱི་ཆོས་རྫོགས་པར་ཞུས། དགུང་ལོ་བཅུ་བདུན་པར་བསྙེན་པར་རྫོགས། དབུས་སུ་ཕེབས་ཏེ་རིས་མེད་ཀྱི་བླ་མ་མང་པོ་ལས་ཆོས་མང་དུ་གསན། དགུང་ལོ་སོ་གཅིག་ནས་རིས་མེད་ཀྱི་བླ་སློབ་མང་པོར་མདོ་སྔགས་འཆད་མཉན་མཛད། དགུང་ལོ་ཞེ་གཅིག་པར་རྟག་བརྟན་དམ་ཆོས་གླིང་གི་གནས་གཞི་གསར་དུ་བཙུགས། ༡༦༣༤ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ་པོ་ཏི་ཀ་ནས་ཙའི་བར་བཅུ་བདུན་བཞུགས།
ཁྱེད་ཀྱིས་འཚོལ་བཞིན་པའི་གནད་དོན་གྱི་ལས་རིམ་དེ་ད་ལྟ་ཆ་ཚང་བ་ཞིག་གྲུབ་མེད་པས་དགོངས་སེལ་ཞུ། སླད་མར་གང་མགྱོགས་ཁྱེད་ཀྱི་ཐུགས་རེ་བཞིན་འགྲུབ་ཐུབ་པའི་རེ་བ་ཡོད། ཁྱེད་ཀྱིས་ང་ཚོའི་དྲ་རྒྱར་ཕེབས་ནས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ།