- མདུན་ངོས།
- བཀའ་སློབ།
བཀའ་སློབ། (27)
ནང་ཆོས་ངོ་སྤྲོད་སྙིང་བསྡུས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ། བོད་རིགས་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་བ། (༢༠༠༧)
ཕབ་སྒྱུར་བ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
པར་གཞིའི་ཡོང་ཁུངས། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས།
རིག་མཛོད་དེབ་ཨང་། SJRB-0131
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2MB
༢༠༡༥ ཟླ་ ༤ པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༥ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདི་ནི། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས། ཕྱི་ལོ་ ༢༠༠༧ ཟླ་ ༦ ཚེས་ ༡ ནས་ཉིན་གསུམ་རིང་བཞུགས་སྒར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེར་བོད་རིགས་ན་གཞོན་སློབ་གཉེར་བ་གཙོར་གྱུར་གྱི་དོན་གཉེར་ཅན་སྟོང་ཕྲག་བརྒལ་བར་ནང་ཆོས་ངོ་སྤྲོད་མཛད་པ་ཞིག་ཡིན། དེབ་འདིར་ནང་ཆོས་ཞེས་པ་ནི་མིའི་རྣམ་དཔྱོད་ཀྱི་ནུས་པ་ཚད་མཐོན་པོའི་ཐོག་ནས་བེད་སྤྱོད་བྱས་ཏེ་གཏན་གྱི་བདེ་བ་བསྒྲུབ་རྒྱུའི་རྒྱ་ཆེ་གཏིང་ཟབ་ཀྱི་རིག་གཞུང་ཞིག་དང་། སྒེར་དང་སྤྱི་ཚོགས་ཀྱི་ཕན་བདེ་བསྒྲུབ་པ་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེ་བའི་སྐོར་སོགས་ལས་བརྩམས་ཏེ་ཁ་གསལ་གོ་བདེའི་ངོ་སྤྲོད་མཛད་པ་དང་། ཉིན་རེའི་ནང་ཆོས་ངོ་སྤྲོད་ཀྱི་མཇུག་ཏུ་དྲི་བར་བཀའ་ལན་གནང་བའང་མཉམ་སྦྱར་གྱིས་གྲུབ་པ་ཞིག་ཡིན།
ཕབ་ལེན། PDF ཕབ་ལེན།
དེ་ལས་མང་བ།...
ནང་ཆོས་ངོ་སྤྲོད་སེམས་ཀྱི་དཔལ་ཡོན།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།གསུང་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ། བོད་རིགས་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་བ། (༢༠༡༣)
ཡིག་འབེབས་པ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
པར་གཞིའི་ཡོང་ཁུངས། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས།
རིག་མཛོད་དེབ་ཨང་། SJRB-0136
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.2MB
༢༠༡༥ ཟླ་ ༥ པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༥ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདི་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༧ དང་ ༢༨ ཉིན་གཉིས་རིང་རྡ་སྟེང་བོད་ཕྲུག་ཁྱིམ་སྡེར། རྒྱ་གར་དང་ཕྱི་རྒྱལ་ཁག་གི་མཐོ་སློབ་ཁག་༧༠ནས་ཆེད་ཕེབས་གནང་བའི་མཐོ་སློབ་སློབ་ཕྲུག་༦༠༠ལྷག་གཙོ་བོར་གྱུར་པའི་སློབ་ཕྲུག་དང་གཞོན་སྐྱེས་༢༦༠༠བརྒལ་བར་༧གོང་ས་མཆོག་ཉིད་ཀྱིས་ཕྱི་ལོ་ ༡༩༦༠ ནང་མཛད་པའི་ལྗགས་རྩོམ་ལེགས་བཤད་བློ་གསར་མིག་འབྱེད་ཁྲིད་གཞིར་བཟུང་སྟེ་ནང་ཆོས་ངོ་སྤྲོད་མཛད་པ་ཞིག་ཡིན་ཞིང་། ཉིན་རེའི་ཆོས་ཐུན་གྱི་མཇུག་ཏུ་དྲི་བར་བཀའ་ལན་གནང་བ་ཁག་དང་བཅས་ལྷན་དུ་བཞུགས་ཡོད།
ཕབ་ལེན། PDF ཕབ་ལེན།
ནང་ཆོས་ངོ་སྤྲོད་སེམས་ཀྱི་གསང་བ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ། བོད་རིགས་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་བ། (༢༠༡༡)
ཡིག་འབེབས་པ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
རིག་མཛོད་དེབ་ཨང་། SJRB-0135
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.1MB
༢༠༡༥ ཟླ་ ༥ པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༥ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདི་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༤ དང་ ༥ ཉིན་གཉིས་རིང་རྒྱ་བལ་འབྲུག་གསུམ་གཙོ་བོར་གྱུར་པའི་ཡུལ་ལུང་འདྲ་མིན་གྱི་མཐོ་སློབ་ནས་ཕེབས་པའི་བོད་རིགས་ན་གཞོན་རྣམས་དང་དོན་གཉེར་ཅན་དུ་མར། མགོན་པོ་ཀླུ་སྒྲུབ་ཀྱི་གསུང་འཇིག་རྟེན་ལས་འདས་པར་བསྟོད་པ་དང་། རྗེ་ཙོང་ཁ་པའི་གསུང་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་ཀྱི་ཆོས་འབྲེལ་སྩལ་པ་ལས་སྤྲོས་ཏེ་ནང་ཆོས་ཀྱི་ཚན་རིག་དང་། ལྟ་གྲུབ། ནང་ཆོས་ཀྱི་ཉམས་ལེན་བཅས་ཀྱི་ཐོག་ལ་བཀའ་སློབ་རིན་ཐང་བྲལ་བ་སྩལ་ཡོད་ཅིང་། ཉིན་རེའི་ཆོས་ཐུན་གྱི་མཇུག་ཏུ་དྲི་བར་བཀའ་ལན་གནང་བ་ཁག་བཅས་ལྷན་དུ་བཞུགས་ཡོད།
ཕབ་ལེན། PDF ཕབ་ལེན།
ནང་ཆོས་ངོ་སྤྲོད་སྙིང་ཏིག
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ། བོད་རིགས་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་བ། (༢༠༠༩)
ཡིག་འབེབ་པ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
པར་གཞིའི་ཡོང་ཁུངས། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས།
རིག་མཛོད་དེབ་ཨང་། SJRB-0133
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.1MB
༢༠༡༥ ཟླ་ ༥ པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༥ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདི་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༢༤ དང་ ༢༥ ཉིན་གཉིས་རིང་བཞུགས་སྒར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེར་རྒྱ་བལ་འབྲུག་གསུམ་དང་། ཨ་རི། ཁེ་ན་ཌ་སོགས་རྒྱལ་ཁབ་དང་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་བོད་རིགས་མཐོ་རིམ་སློབ་གཉེར་བ་གཙོར་གྱུར་གྱི་དོན་གཉེར་ཅན་སྟོང་ཕྲག་བརྒལ་བར་ནང་ཆོས་ངོ་སྤྲོད་མཛད་པ་ཞིག་ཡིན། འདིར་ནང་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ངོ་སྤྲོད་མདོར་བསྡུས་དང་འབྲེལ་རྒྱལ་སྲས་ལག་ལེན་སོ་བདུན་མའི་སྟེང་ནས་ནང་ཆོས་ཉམས་ལེན་གྱི་རིམ་པ་རྒྱ་ཆེ་ལ་གཏིང་ཟབ་པ་ཁ་གསལ་ཞིང་གོ་བདེ་བའི་སྒོ་ནས་ངོ་སྤྲོད་མཛད་ཅིང་། མཇུག་ཏུ་དྲི་བར་བཀའ་ལན་གནང་བ་ཁག་ཀྱང་མཉམ་སྦྱར་གྱིས་གྲུབ་པ་ཞིག་ཡིན།
ཕབ་ལེན། PDF ཕབ་ལེན།
ནང་ཆོས་ངོ་སྤྲོད་སྙིང་བཅུད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ། བོད་རིགས་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་བ། (༢༠༡༠)
ཡིག་འབེབ་པ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
པར་གཞིའི་ཡོང་ཁུངས། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས།
རིག་མཛོད་དེབ་ཨང་། SJRB-0134
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1MB
༢༠༡༥ ཟླ་ ༥ པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༥ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདི་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡ དང་ ༢ ཉིན་གཉིས་རིང་རྒྱ་བལ་འབྲུག་གསུམ་གཙོ་བོར་གྱུར་པའི་ཡུལ་ལུང་འདྲ་མིན་གྱི་མཐོ་སློབ་ནས་ཕེབས་པའི་བོད་རིགས་ན་གཞོན་རྣམས་དང་དོན་གཉེར་ཅན་ལྔ་སྟོང་ལྷག་ལ་ནང་ཆོས་ངོ་སྤྲོད་མཛད་པ་ཞིག་ཡིན། འདིར་རིགས་ལམ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་ཆོས་དང་ཚན་རིག་སོགས་གང་ལ་ཡང་བློ་གཟུ་བོར་གནས་པའི་སྒོ་ནས་སློབ་སྦྱོང་དང་ལག་ལེན་དགོས་པ་དང་། ནང་ཆོས་ཀྱི་ལྟ་གྲུབ་དང་ཉམས་ལེན་གྱི་སྐོར་སོགས་ཁ་གསལ་ངོ་སྤྲོད་མཛད་པ་དང་། ཉིན་རེའི་ཆོས་ཐུན་གྱི་མཇུག་ཏུ་དྲི་བར་བཀའ་ལན་གནང་བ་ཁག་བཅས་ལྷན་དུ་བཞུགས།
ཕབ་ལེན། PDF ཕབ་ལེན།
ཐར་ལམ་གསལ་བའི་སྒྲོན་མེ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེབ་མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
བརྗོད་བྱ། སྐྱབས་འགྲོ་ལས་འབྲས་བདེན་བཞི་བདག་མེད་སོགས།
ཡིག་འབེབ་པ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
པར་གཞིའི་ཡོང་ཁུངས། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས།
རིག་མཛོད་དེབ་ཨང་། SJRB-0124
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 811 KB
༢༠༡༥ ཟླ་ ༥ པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༥ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདི་ནི། ཕྱི་ལོ་ ༢༠༠༤ ཟླ་ ༣ ཚེས་ ༧ ནས་ ༢༡ བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔྱིད་ཆོས་ཆེན་མོར་རྫ་དཔལ་སྤྲུལ་གྱི་གསུང་ཀུན་བཟང་བླ་མའི་ཞལ་ལུང་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ། རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེའི་རྣམ་མགུར་བཅས་གསུང་ཆོས་བཀའ་དྲིན་བསྐྱངས་པའི་སྐབས་ཀྱི་ཉིན་རེའི་སྔོན་འགྲོའི་གསུང་ཆོས་རྣམས་དང་། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༢ ཚེས་ ༢༡ ཉིན་ཏེ་ཆོ་འཕྲུལ་དུས་ཆེན་ཉིན་གྱི་འཁྲུངས་རབས་གསུང་ཆོས་སྐབས་དགེ་སྡིག་བླང་དོར་སྐོར་གྱི་བཀའ་ཆོས་སྩལ་བ་བཅས་ཕྱོགས་བསྒྲིགས་ཞུས་པ་ཞིག་ཡིན། །
ཕབ་ལེན། PDF ཕབ་ལེན།