རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2020 ལོའི་ཟླ་བ། Aug ཚེས། 22 རེས་གཟའ། Sat

འདུལ་བ་མཚོ་ཊཱིཀ །སྨད་ཆ།

sjrb-0166མཛད་པ་པོ། ཀུན་མཁྱེན་མཚོ་སྣ་བ།
བརྗོད་བྱ།
སོ་སོར་ཐར་པ་འདུལ་བའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0166
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
3.8MB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༩ ལོའི་ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༢༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།
མཚོ་སྣ་བ་ཤེས་རབ་བཟང་པོ་ནི། དུས་རབས་བཅུ་གསུམ་པའི་དུས་འགོ་ཙམ་ལ་མོན་མཚོ་སྣ་སྟོད་དུ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་ཟངས་ཆེན་དར་མ་བསོད་ནམས་ལས་རབ་ཏུ་བྱུང་། མཚན་ལ་ཤེས་རབ་བཟང་པོ་བཏགས། ཟངས་ཆེན་པ་བསྟེན་ཏེ་བཀའ་གདམས་གཞུང་དྲུག་དང་། འདུལ་བ་ལུང་སྡེ་བཞི་བཅས་སྦྱངས་ཤིང་བསྙེན་པར་རྫོགས། ཟངས་ཆེན་དགོན་གྱི་གདན་སའི་ཁྲི་ལ་བཞུགས་ནས་གཙོ་བོར་འདུལ་བའི་འཆད་ཉན་བསྐྱངས། དགུང་ལོ་དོན་གཉིས་པར་སྐུ་གཤེགས། [ལ་ལར་དགུང་ལོ་བཞི་བཅུའི་ནང་དུ་སྐུ་གཤེགས་པར་བཤད།]ཁོང་གི་སློབ་མའི་གཙོ་བོ། མོན་གྲ་པ་ཚུལ་ཁྲིམས་བཀྲ་ཤིས་ཡིན། གསུང་རྩོམ་ལ། འདུལ་བ་མདོ་རྩའི་འགྲེལ་པ་ལེགས་བཤད་ཉི་མའི་འོད་ཟེར་སོགས་བཞུགས། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ཉི་ཤུ་པ་ཡིན།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

ཁྲིད་ཀྱི་དཀར་ཆག 1. འཁྲིད་མཁན།  དགེ་བཤེས་འཇམ་དཔལ་བློ་ཤེས།
PDF       ཕབ་ལེན།
ངོ་ཤོག 308 ནས་ 899