རིག་མཛོད་རྩོམ་སྒྲིག་པ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com
ཁྲིད་གཞུང་། སྤྱོད་འཇུག་ཆེན་མོ་དང་སྒོམ་རིམ་བར་པ། [ཀ]
སྒྲ་ཨང་། H-ADLO203009
སྟོན་པ་འཇིག་རྟེན་དབང་ཕྱུག [ལམ་རིམ་བློ་སྦྱོང་།] སྤྱིའི་ཨང་། ༧༠
རྣམ་པ། MP3 རྣམ་གྲངས། 38 ཆེ་ཆུང་། 506.5 MB
ཁྲིད་གཞུང་། སྤྱོད་འཇུག་ཆེན་མོ་དང་སྒོམ་རིམ་བར་པ།
མཛད་པ་པོ། རྒྱལ་སྲས་ཆེན་པོ་ཞི་བ་ལྷ།
མཛད་པ་པོ། སློབ་དཔོན་ཀ་མ་ལ་ཤཱི་ལ།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༢༥ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་ལྔ་ལ་བསྐྱར་སྒྲིག་བྱས།
གདམས་པ་རིན་ཆེན་དང་པོ། ཡང་མི་དང་མི་མིན་གྱི་གནོད་བྱེད་ཀྱི་རིགས་ལ་སྙིང་རྗེ་བསྒོམ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན། གནོད་བྱེད་ལ་ཆེད་དུ་དམིགས་ཏེ་སྙིང་རྗེ་བསྒོམས་པས་གནོད་པ་རང་བཞིན་གྱིས་བཟློག་པར་འགྱུར་བས་སྙིང་རྗེ་སྒོམ་པ་གནོད་པ་ཟློག་པའི་ཐབས་ལེགས་ཤོས་དེ་ཡིན། སྔར་འབྲུག་པ་ཀུན་ལེགས་ཀྱིས་རྒྱལ་དབང་ཆོས་རྗེ་ཡིན་ནམ་གཅིག་གི་སྐུ་རིམ་བསྒྲུབས་ཏེ། གཏོར་མ་འཕེན་པའི་སྐབས་གཏོར་མ་ཕྱི་རོལ་དུ་མ་འཕངས་པར་གང་གི་ཆེད་དུ་སྐུ་རིམ་བསྒྲུབ་སའི་བླ་མའི་པང་ཁར་འཕངས་ཏེ། ཁྱེད་རང་ལ་བཀྲ་མི་ཤིས་པ་འབྱུང་བའི་རྐྱེན་གཙོ་བོ་ཁྱེད་རང་གི་རྒྱུད་ཀྱི་བདག་འཛིན་ལ་ཐུག་འདུག །ངས་གཏོར་མ་ཁྱེད་རང་གི་བདག་འཛིན་གྱི་མགོ་ལ་འཕེན་གྱི་ཡོད་ཅེས་གསུངས་པའི་ལོ་རྒྱུས་ཡོད། གསུངས་ཏེ་བཞད། འདི་དངོས་ཡོད་གནས་ཚུལ་དང་མཐུན་པ་ཡིན། |