- མདུན་ངོས།
- ལམ་རིམ་བློ་སྦྱོང་།
- ལམ་རིམ།
ལམ་རིམ། (31)
ཁྲིད་གཞུང་། ལམ་རིམ་གླང་སྨྱོན་འདུལ་བའི་ལྕགས་ཀྱུ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADLL2030405
མཁས་པ་གཞན། [ལམ་རིམ་བློ་སྦྱོང་།] སྤྱིའི་ཨང་། ༥༣༣
རྣམ་པ། MP3 རྣམ་གྲངས། 4 ཆེ་ཆུང་། 234.9 MB
ཁྲིད་གཞུང་། ལམ་རིམ་གྱི་གདམས་པ་གླང་སྨྱོན་འདུལ་བའི་ལྕགས་ཀྱུ།
མཛད་པ་པོ། ཞང་སྟོན་བསྟན་པ་རྒྱ་མཚོ། [༡༨༢༥-༡༨༩༧]
འཁྲིད་མཁན། དགེ་བའི་བཤེས་གཉེན་དགེ་འདུན་རྒྱ་མཚོ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་བཞི་པའི་ཚེས་བཞིའི་ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་དགེ་འདུན་རྒྱ་མཚོ་མཆོག་ནི། ཕྱི་ལོ་༡༩༣༢ ལོར་སྐུ་འཁྲུངས། དགུང་ལོ་དྲུག་གི་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ལས་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། དགེ་བའི་བཤེས་གཉེན་སངས་རྒྱས་རྒྱ་མཚོ་གནས་དང་ཀློག་གི་སློབ་དཔོན་དུ་བསྟེན། གཞན་རྗེ་འཇིགས་མེད་རྒྱ་མཚོ་སོགས་ལས་རྣམ་འགྲེལ་ནས་བཟུང་དབུ་ཕར་མཛོད་འདུལ་བཅས་པོ་ཏི་ལྔས་མཚོན་མདོ་སྔགས་རིག་གནས་ལ་གསན་བསམ་གནང་། བདེ་ཐང་མཁན་ཆེན་ཆོས་ཀྱི་ཉི་མའི་དྲུང་ནས་ལྔ་ཚོགས་ཀྱི་བསྙེན་པར་རྫོགས། ༧གོང་ས་རྒྱལ་བའི་དབང་པོ་དང་། ༧ པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་དགུ་པ་དང་བཅུ་པ་སོགས་བཅུ་ཕྲག་གསུམ་ལ་ཉེ་བའི་བཤེས་གཉེན་བསྟེན་ནས་དབང་ཁྲིད་མན་ངག་སོགས་ཟབ་ཆོས་གང་མང་གསན། རྒྱལ་བསྟན་ཡང་དར་གྱི་སྐབས་སུ་གདུལ་བྱ་གང་མང་ལ་དཔེ་ཁྲིད་དང་བཤད་ལུང་དབང་རྗེས་གནང་སོགས་ཟབ་ཆོས་གནང་བཞིན་དུས་འདའ་བར་མཛད།
དེ་ལས་མང་བ།...
ཁྲིད་གཞུང་། ཀུན་བཟང་བླ་མའི་ཞལ་ལུང་། [ཁ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADLL2050425
མཁས་པ་གཞན། [ལམ་རིམ་བློ་སྦྱོང་།] སྤྱིའི་ཨང་། ༥༥༣
རྣམ་པ། MP3 རྣམ་གྲངས། 163 ཆེ་ཆུང་། 4.05 GB
ཁྲིད་གཞུང་། ཀུན་བཟང་བླ་མའི་ཞལ་ལུང་།
བརྗོད་བྱ། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་སྔོན་འགྲོ།
མཛད་པ་པོ། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། [ ༡༣༠༨-༡༣༦༣]
འཁྲིད་མཁན། མཁན་པོ་རྣམ་གྲོལ་མཆོག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་ ༡༡།༡༢ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བདུན་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
མཁན་པོ་རྣམ་གྲོལ་མཆོག་ནི། ཕྱི་ལོ་ ༡༩༥༣ ལོར་སྡེ་དགེར་སྐུ་འཁྲུངས། དགུང་གྲངས་བདུན་པ་ ༡༩༥༩ ལོར་འཕགས་ཡུལ་དུ་ཕེབས་ཏེ་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་བཞུགས། ༡༩༦༨ ལོར་ཟླ་དྲུག་རིང་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་གནང་། སྨྱོ་ཤུལ་མཁན་རིན་པོ་ཆེ་དང་། མཁན་པོ་བརྩོན་འགྲུས་སོགས་ལས་སྟོང་ཐུན་སེངྒེའི་ང་རོ། རྩ་ཤེའི་མཆན་འགྲེལ། རིགས་ཚོགས་གཞན་རྣམས་དང་། ཤེར་ཕྱིན་དང་། དབུ་མ་སོགས་མདོ་ཕྱོགས་དང་། རང་གྲོལ་སྐོར་གསུམ། གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེ་མིག་སོགས་གསན། དགུང་གྲངས་ཉེར་ལྔ་པ་ ༡༩༧༧ ལོར་༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་བཀའ་དགོངས་ལྟར་མཁན་པོ་བརྩོན་འགྲུས་དང་ལྷན་རྣམ་གྲོལ་གླིང་དགོན་པར་ཕེབས། ༡༩༧༨ ལོར་མཐོ་སློབ་དབུ་བརྙེས་ནས་བཟུང་བཤད་གྲྭའི་སྒྲིག་གཞི་གཟིགས་རྟོག་དང་དཔེ་ཁྲིད་སོགས་ཀྱིས་འཛིན་སྐྱོང་གནང་། ༡༩༨༣ ལོར་༧སྐྱབས་རྗེ་པད་ནོར་རིན་པོ་ཆེས་མཁན་པོའི་མཚན་གནས་སྩལ། ༡༩༨༨ ལོར་༧མཁན་ཆེན་འཇིགས་མེད་ཕུན་ཚོགས་ལས་མདོ་སྔགས་སྤྱི་དང་། ཁྱད་པར་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་སོགས་དང་། ༡༩༩༢ ལོར་ཚིག་དོན་རིན་པོ་ཆེའི་མཛོད་སོགས་གསན། དེ་རྗེས་བཤད་གྲྭར་དབུ་མ་འཇུག་པ། སྤྱི་དོན་མཛོད་ཀྱི་ལྡེ་མིག་སོགས་རྒྱ་བོད་ཀྱི་གཞུང་ཆེན་རྣམས་ཀྱི་བཤད་ཁྲིད་གནང་། ༡༩༩༨ ལོར་༧སྐྱབས་རྗེ་པད་ནོར་རིན་པོ་ཆེའི་བཀའ་དགོངས་བཞིན་བལ་ཡུལ་ཡང་ལེ་ཤོད་དུ་སྒྲུབ་ཁང་བསམ་གཏན་འོད་གསལ་གླིང་རྟེན་བརྟེན་པ་བཅས་གསར་འཛུགས་ཀྱིས་དབང་ཁྲིད་སོགས་གནང་དང་གནང་སུ་བཞུགས་པ་ལགས་སོ། །
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ། [ཐ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADLL2030419
མཁས་པ་གཞན། [ལམ་རིམ་བློ་སྦྱོང་།] སྤྱིའི་ཨང་། ༥༤༧
རྣམ་པ། MP3 རྣམ་གྲངས། 77 ཆེ་ཆུང་། 4.36 GB
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
བརྗོད་བྱ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ།
འཁྲིད་མཁན། དགེ་བའི་བཤེས་གཉེན་འཇམ་དབྱངས་རྒྱ་མཚོ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་ ༠༦།༠༧ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བདུན་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་འཇམ་དབྱངས་རྒྱ་མཚོ་མཆོག་ནི། ཕྱི་ལོ་༡༩༣༣བོད་ཁུ་འདུས་གསེར་གཞུང་ཞེས་པར་སྐུ་འཁྲུངས། ༡༩༤༠ ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལྔ་སྔགས་བཅས་གསན་བསམ་དང་། རིག་གནས་གཞན་ལའང་སྦྱངས་པ་གནང་། དགུང་ལོ་ཉེར་གསུམ་པར་ཕར་ཕྱིན་དམ་བཅའ་བཞག །དགུང་ལོ་ཉེར་དྲུག་པ་ཕྱི་ལོ ༡༩༥༨ ལོར་དུས་ཟིང་གི་དབང་གིས་ཕྱི་ལོགས་སུ་བཞུགས། ༡༩༦༢ ལོར་ཕྱིར་དགོན་པར་ཕེབས་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་སོ་གཅིག་པར་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་བཞེས། དགུང་ལོ་ཞེ་གཉིས་པར་ཕྱག་ཡུལ་དུ་ནད་པ་མང་པོ་ནད་ལས་གྲོལ་བར་མཛད། ༡༩༦༨ ལོར་ཕྱིར་བླ་བྲང་དུ་ཕེབས་ནས་སྔར་འཕྲོའི་དཔེ་ཁྲིད་ཀྱི་རྒྱུན་བསྐྱངས། ༡༩༨༢ ལོ་ནས་བཟུང་སློབ་གཉེར་པ་སོགས་ལ་གཞུང་ཆེན་དཔེ་ཁྲིད་དང་ལུང་མན་ངག་སོགས་ཆག་མེད་གནང་། ༢༠༠༨ ལོར་གུང་ཐང་སྐུ་ཕྲེང་བདུན་པར་དགེ་ཚུལ་གྱི་སྡོམ་པ་ཕུལ། སྔ་གཞུག་ཏུ་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་སློབ་དཔོན་ཆེན་མོ་སོགས་ཀྱི་འགན་བཞེས། གསུང་རྩོམ་ལ། ཕར་ཕྱིན་གྱི་དོགས་སློང་སོགས་མང་།
1. ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ། |
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ། [ཏ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADLL2070262
མཁས་པ་གཞན།[ལམ་རིམ་བློ་སྦྱོང་།]སྤྱིའི་ཨང་། ༣༨༥
རྣམ་པ། MP3 རྣམ་གྲངས། 102 ཆེ་ཆུང་། 1.52 GB
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
ཁྲིད་མཚམས། ལྷག་མཐོང་ཆེན་མོ།
འཁྲིད་མཁན། ཟིལ་དཀར་རིན་པོ་ཆེ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༧ ལོའི་ཟླ་ ༠༤།༢༧ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བདུན་པའི་ཚེས་ཉེར་དྲུག་ལ་དྲ་ངོས་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ཟིལ་དཀར་རིན་པོ་ཆེ་ནི། ཕྱི་ལོ་༡༩༧༡ལོར་འཕགས་ཡུལ་དུ་འཁྲུངས། དགུང་གྲངས་བདུན་གྱི་སྐབས་སེ་ར་ཆོས་སྒར་དུ་ཕེབས། དེར་ཟིལ་དཀར་ཆོས་སྡེའི་མཁན་རབས་དང་པོའི་ཡང་སྲིད་དུ་ཐུགས་ཐག་བཅད། དགུང་ལོ་བརྒྱད་པར་རབ་ཏུ་བྱུང་། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་སློབ་གཉེར་མཛད། དགུང་ལོ་ཉེར་གཅིག་གི་སྐབས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། སློབ་གཉེར་གྱི་སྐབས་ནས་སློབ་བུ་གང་མང་ལ་དཔེ་ཁྲིད་གནང་། ༡༩༩༧ ལོར་ལྷ་རམས་པའི་དམ་འཇོག་དང་། དེ་ནས་ཕྱི་རྒྱལ་ཡུལ་གྲུ་རྣམས་སུ་ནང་ཆོས་འཆད་ཁྲིད་དང་། དེང་སྐབས་བོད་དུ་དོན་གཉེར་ཅན་རྣམས་ལ་གཞུང་ཆེན་སོགས་འཆད་ཁྲིད་གནང་བཞིན་བཞུགས་པ་ལགས་སོ། །
1. ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ། |
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ། [ཇ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་།KADLL2050252
མཁས་པ་གཞན།[ལམ་རིམ་བློ་སྦྱོང་།]སྤྱིའི་ཨང་། ༣༧༤
རྣམ་པ། MP3 རྣམ་གྲངས། 20 ཆེ་ཆུང་། 509.7 MB
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
འཁྲིད་མཁན། སྒོམ་སྡེ་ལྷ་རམས་པ།
འཁྲིད་དུས། ༢༠༡༤
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༡༠།༢༠ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བདུན་པའི་ཚེས་ཉེར་དྲུག་ལ་དྲ་ངོས་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ཐུབ་བསྟན་བསམ་འགྲུབ་བམ་སྒོམ་སྡེ་ལྷ་རམས་པ་ནི། ཕྱི་ལོ་༡༩༥༨ལོར་བོད་དུ་འཁྲུངས་ཤིང་། ༥༩ ལོར་འཕགས་ཡུལ་དུ་འབྱོར། ༡༩༧༢ ལོར་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། རིགས་ཆེ་ཆུང་གི་ཚོགས་ལངས་དང་། སློབ་གཉེར་གྱི་སྐབས་ནས་སློབ་བུ་གང་མང་ལ་དཔེ་ཁྲིད་གནང་། ༡༩༩༣ ལོར་ལྷ་རམས་པའི་གྲྭ་སྐོར་དང་དམ་འཇོག །དེ་རྗེས་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལ་ཐོས་བསམ་གནང་། སེར་བྱེས་གྲྭ་ཚང་གི་སློབ་གཉེར་དགེ་རྒན་ཡང་གནང་། བརྩམས་ཆོས་ཀྱང་སྒོམ་སྡེ་ཚིག་མཛོད་ཆེན་མོས་གཙོས་གང་མང་ཞིག་ཡོད། དེང་སྐབས་ཕྱི་རྒྱལ་དུ་དོན་གཉེར་ཅན་རྣམས་ལ་སློབ་ཁྲིད་བྱེད་མུས་སུ་མཆིས་སོ། །
1. ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ། |
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ།[ཆ] སྐྱེས་བུ་ཆེན་པོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་།KADLL2050251
མཁས་པ་གཞན།[ལམ་རིམ་བློ་སྦྱོང་།]སྤྱིའི་ཨང་། ༣༧༣
རྣམ་པ། MP3 རྣམ་གྲངས། 93 ཆེ་ཆུང་། 3.18 GB
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
འཁྲིད་མཁན། སྒོམ་སྡེ་ལྷ་རམས་པ།
ཁྲིད་མཚམས། སྐྱེས་བུ་ཆེན་པོ། འཁྲིད་དུས། ༢༠༡༢.༢༠༡༣
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༡༠།༢༠ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བདུན་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ཐུབ་བསྟན་བསམ་འགྲུབ་བམ་སྒོམ་སྡེ་ལྷ་རམས་པ་ནི། ཕྱི་ལོ་༡༩༥༨ལོར་བོད་དུ་འཁྲུངས་ཤིང་། ༥༩ ལོར་འཕགས་ཡུལ་དུ་འབྱོར། ༡༩༧༢ ལོར་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། རིགས་ཆེ་ཆུང་གི་ཚོགས་ལངས་དང་། སློབ་གཉེར་གྱི་སྐབས་ནས་སློབ་བུ་གང་མང་ལ་དཔེ་ཁྲིད་གནང་། ༡༩༩༣ ལོར་ལྷ་རམས་པའི་གྲྭ་སྐོར་དང་དམ་འཇོག །དེ་རྗེས་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལ་ཐོས་བསམ་གནང་། སེར་བྱེས་གྲྭ་ཚང་གི་སློབ་གཉེར་དགེ་རྒན་ཡང་གནང་། བརྩམས་ཆོས་ཀྱང་སྒོམ་སྡེ་ཚིག་མཛོད་ཆེན་མོས་གཙོས་གང་མང་ཞིག་ཡོད། དེང་སྐབས་ཕྱི་རྒྱལ་དུ་དོན་གཉེར་ཅན་རྣམས་ལ་སློབ་ཁྲིད་བྱེད་མུས་སུ་མཆིས་སོ། །
1. ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ། |