རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2022 ལོའི་ཟླ་བ། Apr ཚེས། 20 རེས་གཟའ། Wed

མཁས་གྲུབ་རྗེའི་གསུང་འབུམ། [ཇ]

sjrb 0383མཛད་པ་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་།
པར་གཞི།
བཀྲས་ལྷུན་ཤིང་པར་ལ་གཞིར་བྱས།
ཆོས་ཚན།
དཔལ་གསང་བ་འདུས་པའི་བསྐྱེད་རིམ་སོགས།
རིག་མཛོད་དེབ་ཨང་།
SJRB-0383
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
5.4MB
༢༠༢༢ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
མཁས་གྲུབ་གསུང་འབུམ་པོད་ཇ་པ་འདིའི་ནང་དུ། ༡ སྡོམ་པ་གསུམ་གྱི་རྣམ་གཞག་ཐུབ་བསྟན་ཕྱི་དོར། ༢ རྒྱུད་སྡེ་སྤྱིའི་རྣམ་བཞག་རྒྱས་པར་བཤད་པ་། ༣ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་རྣམ་བཞག་གསལ་བའི་གཙུག་རྒྱན་རྗེ་བློ་ཆོས་སྐྱོང་གིས་མཛད་པ། ༤ དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་དཀའ་བའི་གནས་རྣམ་པར་འབྱེད་པ་འཕྲོ་ཅན། ༥ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཞི་རྒྱས་ཀྱི་སྦྱིན་སྲེག་གི་ཆོ་ག ༦ དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བསྐྱེད་རིམ་རྣམ་བཤད། ༧ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་རྣམ་གཞག་ལེགས་པ་ཞིག ༨ ས་ལམ་གྱི་རྣམ་གཞག་མཁས་པའི་ཡིད་འཕྲོག ༩ ཚད་མའི་ལམ་འཁྲིད། ༡༠ མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་གཏོར་ཆོག་བསྐང་གསོ་ཆ་ལག་དང་བཅས་པ། ༡༡ ལྟ་བའི་ཞལ་ཤེས་ཡིག་ཆུང་། ༡༢ ལྟ་ཁྲིད་མུན་སེལ་སྒྲོན་མེ་བཅས་ཆོས་ཙན་བཅུ་གཉིས་ལྷན་དུ་བཞུགས།

PDF       ཕབ་ལེན།
ངོ་ཤོག 127 ནས་ 899

༸གོང་ས་མཆོག་གི་སྒྲ་མཛོད།