རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2022 ལོའི་ཟླ་བ། Jan ཚེས། 31 རེས་གཟའ། Mon

རྒྱལ་ཚབ་རྗེའི་གསུང་འབུམ། [ཅ]

sjrb-0372མཛད་པ་པོ། རྒྱལ་ཚབ་དར་མ་རིན་ཆེན།
པར་གཞི།
བཀྲ་ཤིས་ལྷུན་པོའི་ཤིང་པར་ལ་གཞི་བྱས།
ཆོས་ཚན།
མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་ཉམས་སུ་ལེན་ཚུལ་སོགས།
རིག་མཛོད་དེབ་ཨང་།
SJRB-0372
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
3.3MB
༢༠༢༢ ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམ་པོད་ཅ་པ་འདིའི་ནང་དུ། ༡ མངོན་པར་རྟོགས་པའི་རིམ་པ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ཐེག་མཆོག་སྒོ་འབྱེད། ༢ མངོན་པར་རྟོགས་པ་བརྒྱད་དོན་བདུན་ཅུ་དང་བཅས་པའི་འགྲེལ་པ་ཉམས་སུ་ལེན་ཚུལ། ༣ མངོན་པར་རྟོགས་པའི་རྒྱན་གྱི་བསྡུས་དོན་རིན་པོ་ཆེའི་ཕྲེང་བ། ༤ ཚད་མ་རྣམ་འགྲེལ་གྱི་བསྡུས་དོན་ཐར་ལམ་གྱི་དེ་ཉིད་གསལ་བྱེད། ༥ བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་པ་དྲུག་ཅུ་པའི་ཊཱིཀྐ་མུ་ཅོར་སྨྲ་བ་རྣམ་པར་འཐག་པ། ༦ རིགས་པ་དྲུག་ཅུ་པའི་ཟིན་བྲིས་རྗེའི་གསུང་བཞིན་རྒྱལ་ཚབ་ཆོས་རྗེས་བཀོད་པ། ༧ འབྲེལ་པ་བརྟག་པའི་རྣམ་བཤད་ཉི་མའི་སྙིང་པོ། ༨ ཚད་མ་རྣམ་འགྲེལ་གྱི་ལམ་གྱི་རིམ་པ་མདོ་ཙམ་བྱས་པ་ཚད་མའི་ལམ་ཁྲིད་དུ་གྲགས་པ། ༩ འགལ་འབྲེལ་གྱི་རྣམ་གཞག ༡༠ རྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་རྣམ་འགྲེལ་མངོན་སུམ་ལེའུའི་བརྗེད་བྱང་བཅས་ཆོས་ཚན་བཅུ་ལྷན་དུ་བཞུགས།

PDF       ཕབ་ལེན།
ངོ་ཤོག 144 ནས་ 904

༸གོང་ས་མཆོག་གི་སྒྲ་མཛོད།