རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2021 ལོའི་ཟླ་བ། Feb ཚེས། 03 རེས་གཟའ། Wed

དཔྱི་ས་དྲུང་ཆེན་གསུང་འབུམ། [ཀ]

sjrb-0356མཛད་པ་པོ། དཔྱི་ས་དྲུང་ཆེན་དཀོན་མཆོག་བློ་གྲོས་རྒྱ་མཚོ། [༡༨༩༠-༡༩༥༩]
ཆོས་ཚན།
མཎྜལ་བཤད་པ་སོགས་ཆོས་ཚན་དྲུག
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0356
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
1.2MB
༢༠༡༨ ལོའི་ཟླ་དགུ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༢ ཚེས་ ༣ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དཔྱི་ས་ཞབས་དྲུང་ཆེན་མོ་དཀོན་མཆོག་བློ་གྲོས་རྒྱ་མཚོ་མཆོག་ནི། ཕྱི་ལོ་༡༨༩༠ ལོར་རྩེ་གཞུང་དཔྱི་སར་སྐུ་འཁྲུངས། དགུང་ལོ་ཆུང་ངུ་ནས་ཀློག་དང་འདོན་ཆ་ཆོས་སྤྱོད། གཟབ་བཤར་གྱི་བྲིས་དང་། སུམ་རྟགས་དག་གསུམ་སོགས་སྦྱངས། ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་ནས་གཞུང་ཆེན་ཁག་ལ་ཐུགས་གཉེར་གནང་། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཞབས་དྲུང་གི་ཐུགས་འགན་བཞེས། ཕྱི་ལོ་༡༩༤༩ལོར་བཀའ་གདམས་དགེ་བྱེད་གླིང་དགོན་པ་ཕྱག་བཏབ། གསར་རྙིང་རིས་སུ་མ་ཆད་པའི་གདུལ་བྱ་མང་དུ་བསྐྱངས། ཕྱི་ལོ་༡༩༥༩ལོར་རྒྱའི་བཙོན་འོག་ཏུ་སྐུ་གཤེགས། གསུང་རྩོམ་ལ་ལམ་རིམ་སྙིང་པོ་བསྟན་འཛིན་བྱེ་བའི་འབྱུང་གནས་ཀྱི་ས་བཅད། རྣམ་འགྲེལ་ལེའུ་གཉིས་པའི་སྦྱོར་ཊིཀ །སྤྱོད་འཇུག་ཤེར་ལེའུའི་འབྲུ་འགྲེལ། བརྒལ་ལན་གསང་འཛིན་མཚོན་ཆའི་འཁོར་ལོ་སོགས་མང་།

PDF       ཕབ་ལེན།
ངོ་ཤོག 360 ནས་ 900

༸གོང་ས་མཆོག་གི་སྒྲ་མཛོད།