རིག་མཛོད་རྩོམ་སྒྲིག་པ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com
ཁྲིད་གཞུང་། སྤྱོད་འཇུག་ཆེན་མོ་དང་ལམ་རིམ་གསེར་ཞུན་མ།
སྒྲ་ཨང་། H-ADLO203010
སྟོན་པ་འཇིག་རྟེན་དབང་ཕྱུག [ལམ་རིམ་བློ་སྦྱོང་།] སྤྱིའི་ཨང་། ༧༡
རྣམ་པ། MP3 རྣམ་གྲངས། 115 ཆེ་ཆུང་། 1.26 GB
ཁྲིད་གཞུང་། སྤྱོད་འཇུག་ཆེན་མོ་དང་ལམ་རིམ་གསེར་ཞུན་མ།
མཛད་པ་པོ། རྒྱལ་སྲས་ཆེན་པོ་ཞི་བ་ལྷ།
མཛད་པ་པོ། རྒྱལ་མཆོག་བསོད་ནམས་རྒྱ་མཚོ། [༡༥༤༣-༡༥༨༨]
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༢༥ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་ལྔ་ལ་བསྐྱར་སྒྲིག་བྱས།
གདམས་པ་རིན་ཆེན་དང་པོ། གཞན་ལ་འཚེ་བ་མེད་པ་ཞིག་དགོས་པ་ཧ་ཅང་གལ་ཆེ། ཁོང་ཁྲོ་ཟ་བར་ཐོག་མར་ཁོང་ཁྲོ་སྐྱེ་སའི་ཡུལ་ཞིག་ཡོད་དགོས་པ་ལ། དེ་ཡང་རང་དང་ཉེ་བ་དག་ལས་འཇིག་རྟེན་གྱི་ཁམས་གཞན་གྱི་སྲོག་ཆགས་ལ་ཁྲོ་སེམས་སྐྱེ་བ་མེད་པར་རང་ཉིད་ཀྱི་ཉེ་གམ་ན་ཡོད་པ་རྣམས་ལ་ཁྲོ་བ་ཡིན། དཔེར་ན། རང་ལ་ཁྱིམ་མཚེས་ཡག་པོ་ཞིག་ཡོད་ནའང་ད་དུང་དེའི་སྐྱོན་མཐོང་བ་ལྟ་བུ་དང་། གྲྭ་ས་གྲྭ་ཚང་གི་ནང་དུ་ཡོད་པ་རྣམས་ལའང་རྣ་བ་ཀྲོང་ནས་ཉན་ན་མ་འགྲིག་མ་འཐུས་པ་མང་པོ་གོ་རྒྱུ་ཡོད། འདི་དག་མིའི་ཆོས་ཉིད་རེད། སྤྱིར་དེ་ལྟར་ཡིན་ནའང་ཚང་མས་གཟབ་དགོས་པ་གལ་ཆེ། ཉེས་པ་ཧ་ཅང་འབྱུང་ཉེ་བ་དང་། དེ་བྱུང་ན་ཉེན་ཁ་ཆེ་བ། བསྟན་པ་སྤྱི་ལ་གནོད་པ་དང་། རང་ཉིད་སྒེར་ལའང་ཚེ་འདི་དང་ཕྱི་མ་རྣམས་སུ་མ་སྐྱིད་པ། ཕྱི་མ་བཀྲ་མ་ཤིས་པ། ནང་དོན་མ་འགྲུབ་པ་སོགས་འོང་བས་ཁོང་ཁྲོ་ལ་ཉེས་དམིགས་ཆེན་པོར་བལྟས་ཏེ། བག་ཟོན་བྱ་དགོས་པ་ལས་ཁོང་ཁྲོ་དང་དུ་ལེན་ཐུབ་ན་དཔའ་དང་བློ་ཁོག་ཡོད་པའི་ཁུལ་དུ་བརྩིས་ནས་དང་དོད་བྱེད་མི་ཉན། ང་ཚོས་ཞེ་ཐག་པ་ནས་ཁོང་ཁྲོ་ཞེས་པ་མ་རུང་བ་ཞིག་ཡིན་སྙམ་པའི་ངོས་འཛིན་གསལ་པོ་བྱུང་བའི་དུས་དེ་ནས་ཁོང་ཁྲོ་ལ་བག་ཟོན་བྱེད་པ་དང་། དེ་དང་དུ་ལེན་མི་འོས་སྙམ་པའི་བློ་ཞིག་ཤུགས་མ་ཐུབ་ཀྱིས་ཡོང་བས་རིམ་གྱིས་ཁོང་ཁྲོ་ཇེ་ཆུང་དུ་གཏོང་ཐུབ་པ་འོང་། |