རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2021 ལོའི་ཟླ་བ། Jan ཚེས། 20 རེས་གཟའ། Wed

ལམ་རིམ་བདུད་རྩི་སྙིང་པོ།

sjrb-0257མཛད་པ་པོ། ཀོང་པོ་ཡེ་ཤེས་བརྩོན་འགྲུས།
བརྗོད་བྱ།
སྐྱེས་བུ་གསུམ་གྱི་ལམ་ལ་བློ་སྦྱོང་བའི་རིམ་པ།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0257
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
3.2MB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༡ ཚེས་ ༢༠ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཀོང་པོ་ཡེ་ཤེས་བརྩོན་འགྲུས་ནི། ཕྱི་ལོ་ ༡༧༦༡ ལོར་ཀོང་པོའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་ཡབ་ཡུམ་གཉིས་ཀྱིས་ཡི་གེའི་འབྲི་ཀློག་བསླབས། ལོ་དེར་ཀོང་པོ་ཆབ་ནག་རི་བོ་དགའ་ལྡན་དུ་ཕྱག་བྲིས་སློབ་གཉེར་དུ་ལོ་གཅིག་ཙམ་བཞུགས། དགུང་ལོ་དགུ་པར་ལྷ་ལྡན་སྤྲོ་བདེ་ཁང་གསར་དུ་ཕྱག་བྲིས་དང་། རྩིས། ཆོས་སྤྱོད་སོགས་བསླབས་ནས་དགུང་ལོ་བཅོ་ལྔ་བར་བཞུགས། དགུང་ལོ་བཅུ་བདུན་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་བཅོ་བརྒྱད་པར་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་པོད་ལྔར་གསན་སྦྱོང་མཛད། དགུང་ལོ་ཉེར་གསུམ་པར་གཙང་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་ལས་བསྙེན་རྫོགས་བསྒྲུབས། དེ་ནས་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་ཞབས་ལ་གཏུགས་ཏེ་དབེན་གནས་ཁག་ལ་སྒྲུབ་པ་རྩེ་གཅིག་ཏུ་གཞོལ། དགུང་ལོ་ང་གཅིག་པར་ཀོང་པོ་དགའ་ལྡན་བསམ་གཏན་གླིང་གསར་དུ་ཕྱག་བཏབ་ཅིང་རྒྱུན་དུ་བྱང་ཆུབ་ལམ་རིམ་བཤད་ཁྲིད་གནང་། དགུང་ལོ་ང་གསུམ་པར་ལྷ་སར་ཚེ་ཆོག་གླིང་སྤྲུལ་སྐུར་སྐུ་ཡོན་སྒྲོན་འབུལ་དུ་ལོ་གཅིག་བཞུགས། རྒྱུན་དུ་དབུས་དང་ཀོང་པོ་ཁུལ་དུ་བྱང་ཆུབ་ལམ་རིམ་བཤད་ཁྲིད་དང་སྐུ་མཚམས་ཁོ་ནར་བརྩོན་པ་མཛད། ཕྱི་ལོ་ ༡༨༡༦ ལོར་སྐུ་གཤེགས། གསུང་རྩོམ་ལ། རྟེན་འབྲེལ་བསྟོད་པའི་ཊཱིཀ་དང་། དཀོན་མཆོག་རྗེས་དྲན་གྱི་མདོ་འགྲེལ་སོགས་ཆོས་ཚན་བཅུ་དྲུག་ལོངས་པའི་པོད་གཅིག་བཞུགས།

PDF       ཕབ་ལེན།
ངོ་ཤོག 856 ནས་ 904

༸གོང་ས་མཆོག་གི་སྒྲ་མཛོད།