དྲ་ཐོག་འཇུག་དུས། 2020 ལོའི་ཟླ་བ། Jul ཚེས། 20 རེས་གཟའ། Mon

ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་གི་ཁྲིད།

དྲ་འཇུག་པ།
ཚད་གཞི།
(3 འོས་འཕེན།)

sjrb 0275མཛད་པ་པོ། ཨ་ཁུ་ཤེས་རབ་རྒྱ་མཚོ།
བརྗོད་བྱ།
རིམ་གཉིས་ཀྱི་རྣམ་གཞག
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0275
ཆོས་ཚན་གྲངས།
གསུམ།
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
1.6 MB
གཤིབ་སྡུར་དང་བཟོ་སྒྲིག་པ།
སྐལ་བཟང་ཐར་འདོད།
༢༠༡༦ ལོའི་ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་༧ཚེས་༢༡ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཨ་ཁུ་ཤེས་རབ་རྒྱ་མཚོ་ནི། རྩེ་གཞུང་བྲག་དམར་མདོ་རུ་འཁྲུངས། དགུང་ལོ་དྲུག་གི་སྐབས་ཡི་གེ་འབྲི་ཀློག་སྦྱངས། ལོ་དེར་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་ཞུས། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཞུགས་ཏེ། མདོ་སྔགས་རིག་གནས་སོགས་ལ་སྦྱངས། དགུང་ལོ་བཅུ་བདུན་གྱི་སྐབས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་དཀོན་མཆོག་བསྟན་འཛིན་གསོལ། འཇམ་བཞད་སྐུ་ཕྲེང་གསུམ་པའི་དྲུང་ཡིག་གི་འགན་ཁུར། དགུང་ལོ་ཉེར་བརྒྱད་པར་དགེ་སློང་གི་སྡོམ་པ་བླངས། མཚན་ལ་ཤེས་རབ་རྒྱ་མཚོ་གསོལ། དུས་འཁོར་གྲྭ་ཚང་དུ་རྣམ་སྣང་མངོན་བྱང་གི་སྒྲུབ་མཆོད་ཆ་ལག་དང་བཅས་པ་གསར་དུ་བཙུགས། ༡༨༧༥ ལོར་སྐུ་གཤེགས། གསུང་རྩོམ་ལ། པོ་ཏི་བདུན་བཞུགས།

༡. གྲུབ་ཆེན་ལཱུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པའི་བསྐྱེད་རིམ་ཧེ་རུ་ཀའི་ཞལ་ལུང་། ༢. གྲུབ་མཆོག་ལཱུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པའི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་དམར་ཁྲིད་ཧེ་རུ་ཀའི་ཞལ་གྱི་བདུད་རྩི། ༣. བདེ་མཆོག་བསྐྱེད་རིམ་འདོད་འཇོ་དང་རྫོགས་རིམ་དངོས་གྲུབ་སྙེ་མའི་བསྡུས་དོན།
PDF       ཕབ་ལེན།
ཤོག་ངོས་འདི་ལ་ཐེངས་ 2612 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2020 ལོའི་ཟླ་བ། Oct ཚེས། 04 རེས་གཟའ། Sun
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com