- མདུན་ངོས།
- ཐོར་བུ།
ཐོར་བུ། (96)
སྟོན་པའི་རྣམ་ཐར་ཕྱོགས་བཏུས། [ཁ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ་སོགས།
བརྗོད་བྱ། སྟོན་པའི་མཛད་རྣམ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0114
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.4MB
བསྐྱར་སྒྲིག་པ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༦ ཚེས་ ༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་མཆོག་ཏུ་བཀུར་འོས་དད་ལྡན་དོན་གཉེར་ཅན་རྣམས་གཙོ་བྱས་ཏེ་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་རྣམ་ཤེས་འདོད་ཡོད་པ་དག་གི་ཆེད་དུ། འདི་ག་རྩོམ་སྒྲིག་ཁང་གིས་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་རྣམ་མི་འདྲ་བ་གང་ཡོད་ཕྱོགས་བཏུས་ཀྱིས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱ་འཆར་ཡོད་པ་ལྟར།
ཐེངས་འདིར་བུ་སྟོན་ཆོས་འབྱུང་ལས་འབྱུང་བའི་སྟོན་པའི་རྣམ་ཐར་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་སྟོན་པའི་རྣམ་ཐར། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་འབྱུང་བའི་སྟོན་པའི་རྣམ་ཐར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་འབྱུང་བའི་སྟོན་པའི་རྣམ་ཐར། རྗེ་བཙུན་ཡེ་ཤེས་རྒྱ་མཚོའི་སྟོན་པའི་རྣམ་ཐར། དུང་དཀར་གྲུབ་མཐའ་ལས་འབྱུང་བའི་སྟོན་པའི་རྣམ་ཐར་བཅས་ཕྱོགས་བསྒྲིགས་ཀྱིས་འཕྲུལ་དེབ་གཉིས་སུ་བགོས་ཏེ་རྩོམ་སྒྲིག་བྱས་ཡོད།
གསལ་བཤད་ཞུ་རྒྱུར། དུས་ཚོད་ཀྱི་རྐྱེན་གྱིས་མཛད་རྣམ་འདི་དག་ལ་ཞུས་དག་ཞིབ་ཚགས་ཤིག་གཏོང་ཁོམ་མ་བྱུང་བར་རྩོམ་སྒྲིག་བྱས་པ་ཡིན་པས། ཡིག་ནོར་གང་མང་ཞིག་ལྷག་འདུག་ན་ཀློག་པ་པོ་རྣམས་ལ་བཟོད་གསོལ་དང་འབྲེལ་རྗེས་སུ་བསྐྱར་ཞིབ་བྱས་ཏེ་རྩོམ་སྒྲིག་བྱ་རྒྱུ་ལགས་ན་དེའི་ལུགས་དགོངས་འཇགས་འཚལ།
PDF ཕབ་ལེན། |
---|
དེ་ལས་མང་བ།...
བཤེས་སྤྲིངས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ།
བརྗོད་བྱ། ངན་སོང་གི་སྡུག་བསྔལ་སོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0010
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 465KB
བསྐྱར་སྒྲིག་པ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༥ ཚེས་ ༢༧ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། རྒྱ་གར་ལྷོ་ཕྱོགས་སུ་སྐུ་འཁྲུངས། ནཱ་ལེནྡྲར་ཕེབས་ཏེ་ཆོས་མང་པོ་གསན། མཁན་པོ་སྒྲ་གཅན་འཛིན་བཟང་པོའི་དྲུང་དུ་དགེ་སློང་གི་སྡོམ་པ་ཞུས། མཚན་དགེ་སློང་དཔལ་ལྡན་ཞེས་གསོལ། དགེ་སློང་བདེ་བྱེད་ཅེས་པ་སུན་ཕྱུང་། སྐུ་ཚེའི་སྨད་ལ་ལྷོ་ཕྱོགས་དཔལ་གྱི་རིར་བཞུགས་ཤིང་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། ལྷག་པར་ཆོས་དབྱིངས་བསྟོད་པ་སོགས་མཛད་ནས་གདུལ་བྱ་མང་པོ་ཐེག་པ་ཆེན་པོའི་ལམ་དུ་ཁྲིད་པར་མཛད། རྒྱལ་པོ་བདེ་སྤྱོད་བཟང་པོའི་བུ་གཞོན་ནུ་ནུས་ལྡན་གྱིས་དབུ་བསླངས་པར། སློབ་དཔོན་གྱིས་སྟེར་བར་ཞལ་གྱིས་བཞེས་ཏེ། རྒྱལ་བུ་དེས་དབུ་བཅད་ནས་བཀྲོངས་སོ། །སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ། དབུ་མ་རིགས་ཚོགས་སོགས་མང་ཞིང་། སློབ་མའི་གཙོ་བོར་གྱུར་པ་ཤཱཀྱ་མི་ཏྲ་དང་སོགས་མང་དུ་བྱུང་ངོ་། །
ཕབ་ལེན། PDF ཕབ་ལེན།
བྱང་ཆུབ་ལམ་གྱི་སྒྲོན་མ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ
བརྗོད་བྱ། སྐྱེས་བུ་གསུམ་གྱི་ལམ་ལ་བློ་སྦྱོང་བའི་རིམ་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0222
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 664KB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༡ ཚེས་ ༢༠ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི། རྒྱ་གར་གྱི་རྒྱལ་པོ་དགེ་བའི་དཔལ་ཞེས་བྱ་བའི་སྲས་སུ་སྐུ་བལྟམས། ཡབ་ཡུམ་གཉིས་ལ་གནང་བ་ནན་གྱིས་ཞུས་ཏེ་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་སྤངས་ནས་བླ་མ་ཨ་ཝ་དྷུ་ཏི་པའི་ཞབས་ལ་གཏུགས། དགུང་ལོ་ཉེར་གཅིག་ནས་དགུང་ལོ་ཉེར་དགུའི་བར་དུ་རྒྱུད་སྡེ་བཞིའི་དབང་ལུང་མན་ངག་མཐའ་དག་ལ་སྦྱངས། བླ་མ་ཤཱི་ལ་རཀྴི་ཏ་ལས་རབ་ཏུ་བྱུང་། མཚན་དཱི་པཾ་ཀ་ར་ཤྲཱི་ཛྙ་ན་ཞེས་བཏགས། མངོན་པ་སྡེ་བདུན་གྱི་གནད་ཀུན་བསྡུས་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་བམ་པོ་བརྒྱད་བརྒྱ་ཙམ་ཡོད་པའི་བསྟན་བཅོས་དེ་ལ་ལོ་བཅུ་གཉིས་ཀྱི་བར་དུ་གསན་ནས་མཐའ་ཆོད་པར་སྦྱངས། བླ་མ་གསེར་གླིང་པ་ལས་ལོ་བཅུ་གཉིས་ཀྱི་རིང་དབུ་སྔས་སྦྲེལ་ཏེ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་ལུས་སྤྱི་དང་། ཁྱད་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བློ་སྦྱོང་བའི་གདམས་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན། བོད་ཀྱི་མངའ་རིས་ཆོས་རྒྱལ་ཡེ་ཤེས་འོད་ཁུ་དབོན་གྱིས་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་བོད་དུ་གདན་དྲངས་ཤིང་། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་ལ་གསོལ་བ་བཏབ་པར། བྱང་ཆུབ་ལམ་གྱི་སྒྲོན་མ་མཛད། འབྲོམ་གྱིས་བོད་དབུས་སུ་གདན་དྲངས་ཏེ། ཇོ་བོས་སྐལ་ལྡན་མང་པོ་ལ་ཆོས་འཁོར་རྒྱ་ཆེར་བསྐོར། ཇོ་བོ་བོད་དུ་བྱོན་ནས་མངའ་རིས་སུ་ལོ་གསུམ། སྙེ་ཐང་དུ་ལོ་དགུ། དབུས་གཙང་གཞན་དུ་ལོ་ལྔའི་བར་དུ་སྐལ་བ་དང་ལྡན་པ་རྣམས་ལ་མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་བསྟན་ནས་བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་བཙུགས། སྲོལ་ཅུང་ཟད་ཡོད་པ་རྣམས་འཕེལ་བར་མཛད། ལོག་པར་རྟོག་པའི་དྲི་མས་སྦགས་པ་རྣམས་ལེགས་པར་བསལ་ཏེ་བསྟན་པ་རིན་པོ་ཆེ་དྲི་མ་དང་བྲལ་བར་མཛད་དོ།། ཕྱི་ལོ་ ༡༠༥༤ སྐུ་གཤེགས། ཇོ་བོ་ལ་རྒྱ་བོད་གཉིས་ཀར་སློབ་མ་མང་དུ་ཡོད་ཅིང་། གཙོ་བོ་རྒྱ་གར་དུ། པཎྜིཏ་བི་ཏོ་པ། དྷརྨཱ་ཨ་ཀ་ར་མ་ཏི། དབུ་མ་སེངྒེ། སའི་སྙིང་པོ་སོགས་དང་། བོད་དུ། ལོ་ཙཱ་བ་རིན་ཆེན་བཟང་པོ། ནག་ཚོ་ལོ་ཙཱ་བ། ལྷ་བླ་མ་བྱང་ཆུབ་འོད། རྣལ་འབྱོར་པ་ཆེན་པོ། དགོན་པ་བ། ཁུ་རྔོག་འབྲོམ་གསུམ་སོགས་མཐའ་ཡས་སོ།།
རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ནི། མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས། རི་བོ་དགེ་ལྡན་པའི་ཆོས་བརྒྱུད་སྲོལ་གཏོད་མཁན་དང་། དགའ་ལྡན་ཁྲི་རབས་དང་པོ་ཡིན། དགུང་ལོ་གསུམ་པར་རྗེ་ཀརྨ་པ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་སྙིང་པོ་དང་། དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་གྲགས་པ་གསོལ། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ཏེ། རྗེ་བཙུན་རེད་མདའ་བ་སོགས་ལས་མདོ་སྔགས་རིག་གནས་དང་བཅས་པ་ལེགས་པར་སྦྱངས། དགུང་ལོ་ཉེར་བཞིའི་སྐབས་བསྙེན་པར་རྫོགས། དགུང་ལོ་སོ་དྲུག་གི་སྐབས་འཁོར་དག་པ་རྣམ་བརྒྱད་དང་བཅས་འོལ་ཁར་སྒྲུབ་པ་གཙོ་བོར་མཛད། དགུང་ལོ་སོ་བདུན་པར་རྗིང་ཕྱིའི་བྱམས་པ་ཞིག་གསོ་མཛད། དགུང་ལོ་སོ་དགུ་པར་གཉལ་གྱི་ལུང་རར་ཆོས་འཁོར་བསྐོར། དགུང་ལོ་ང་གཅིག་གི་སྐབས་རྒྱ་ནག་གི་རྒྱལ་པོས་ཕྱག་རྟེན་བཅས་ལན་གསུམ་དུ་རྒྱ་ནག་ཏུ་གདན་འདྲེན་ཞུས་ཀྱང་མ་ཕེབས། དགུང་ལོ་ང་གཉིས་ཀྱི་སྐབས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས། དགུང་ལོ་ང་གསུམ་གྱི་སྐབས་དགའ་ལྡན་དགོན་པ་བཏབ། དགུང་ལོ་ང་དགུའི་སྐབས། དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ། སློབ་མ་གྲགས་ཆེ་བ། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་མང་དུ་བྱུང་། ༡༤༡༩་ལོར་སྐུ་གཤེགས། གསུང་རྩོམ་ལ། བྱང་ཆུབ་ལམ་རིམ་སོགས་པོ་ཏི་བཅུ་དགུ་བཞུགས།
འཕྲུལ་དེབ་འདིར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ལས་གཞུང་ཐུང་ངུའི་སྐོར། བྱང་ཆུབ་ལམ་གྱི་སྒྲོན་མ། རྟོགས་བརྗོད་མདུན་ལེགས་མ། ལམ་རིམ་ཉམས་མགུར། ཡོན་ཏན་གཞིར་གྱུར་མ། ལམ་གྱི་གཙོ་བོ་རྣམ་པ་གསུམ། ལམ་རིམ་སྨོན་ལམ། བཅས་ཕྱོགས་སྒྲིག་བྱས་ཡོད།
PDF ཕབ་ལེན། |
---|
དམར་ཁྲིད་མྱུར་ལམ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། པཎ་ཆེན་བློ་བཟང་ཡེ་ཤེས།
བརྗོད་བྱ། སྐྱེས་བུ་གསུམ་གྱི་ལམ་ལ་བློ་སྦྱོང་བའི་རིམ་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0256
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.2MB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༡ ཚེས་ ༢༠ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
པཎ་ཆེན་བློ་བཟང་ཡེ་ཤེས་ནི། ཕྱི་ལོ་ ༡༦༦༣ ལོར་གཙང་ཐོབ་རྒྱལ་གྱི་ཡུལ་དུ་སྐུ་འཁྲུངས། དགུང་ལོ་བཞི་པར་རྒྱལ་དབང་ལྔ་པས་པཎ་ཆེན་སྐུ་ཕྲེང་བཞི་པའི་སྤྲུལ་སྐུར་ངོས་འཛིན་མཛད་དེ་བཀྲ་ཤིས་ལྷུན་པོའི་གསེར་ཁྲིར་མངའ་གསོལ། དགུང་ལོ་བརྒྱད་པར་རྒྱལ་དབང་ལྔ་པས་དགེ་ཚུལ་གྱི་སྡོམ་པ་སྩལ། དགུང་ལོ་ཉེར་གཉིས་པར་སྔགས་ཆེན་དཀོན་མཆོག་རྒྱལ་མཚན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་སོ་ལྔའི་སྐབས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལ་དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ་བཅས་ཀྱི་སྡོམ་པ་འབོགས་པར་མཛད། དགུང་ལོ་ང་བདུན་པར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ལ་དགེ་ཚུལ་གྱི་སྡོམ་པ་ཕུལ། བཀྲ་ཤིས་ལྷུན་པོའི་གདན་ས་ལོ་དྲུག་ཅུ་རེ་བརྒྱད་བསྐྱངས། རྒྱལ་བ་བསྐལ་བཟང་རྒྱ་མཚོར་བསྙེན་རྫོགས་ཀྱི་སྡོམ་པའང་ཕུལ། ཕྱི་ལོ་ ༡༧༣༧ ལོར་སྐུ་གཤེགས། སྐུ་གདུང་རིལ་པོ་བཞུགས་པའི་མཆོད་སྡོང་ཆེན་པོ་བཀྲ་ཤིས་ལྷུན་པོར་རབ་བྱུང་བཅུ་དྲུག་པའི་མེ་རྟ་ལོ་བར་བཞུགས། གསུང་རྩོམ་ལ་པོ་ཏི་བཞི་བཞུགས།
PDF ཕབ་ལེན། |
---|
ལམ་ཁྲིད་འཇམ་དཔལ་ཞལ་ལུང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ།
བརྗོད་བྱ། སྐྱེས་བུ་གསུམ་གྱི་ལམ་ལ་བློ་སྦྱོང་བའི་རིམ་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0200
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.3MB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༡ ཚེས་ ༢༠ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྒྱལ་དབང་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ནི། ལྷོ་ཁར་སྐུ་འཁྲུངས། རྒྱལ་བ་སྐུ་ཕྲེང་ལྔ་པ་ཡིན། དགུང་ལོ་དྲུག་གི་སྐབས་རྒྱལ་བ་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་བརྒྱད་པར་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་གཅིག་གི་སྐབས་མདོ་སྔགས་རིག་གནས་དང་བཅས་པར་སློབ་གཉེར་རིམ་བཞིན་གནང་། དགུང་ལོ་ཉེར་ལྔའི་སྐབས་གངས་ཅན་སཱ་ལའི་སྨན་ལྗོངས་ཀྱི་ལུགས་གཉིས་ཀྱི་ཁྲི་ལ་དབང་བསྒྱུར། དགུང་ལོ་སུམ་ཅུའི་སྐབས་པོ་ཏ་ལའི་ཕོ་བྲང་དཀར་པོ་བཞེངས། དགུང་ལོ་སོ་དྲུག་གི་སྐབས་རྒྱ་ནག་ཏུ་ཕེབས། ལུགས་གཉིས་ཆོས་སྲིད་ཀྱི་མཛད་བཟང་ཀུན་ཏུ་ཁྱབ་པའི་མཐུས་བོད་ཁམས་ལ་ཞི་བདེ་ཁྱབ་པ་བྱུང་། སློབ་མ་གྲགས་ཆེ་བ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་མང་དུ་བྱུང་། ༡༦༨༢ ལོར་སྐུ་གཤེགས། གསུང་རྩོམ་ལ། ཆོས་ཚན་ཉིས་བརྒྱ་དྲུག་ཅུ་རེ་གཉིས་བཞུགས།
AUDIO ཁྲིད་ཡོད། 1
PDF ཕབ་ལེན། |
---|
བྱང་ཆུབ་ལམ་རིམ་འབྲིང་བ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། རྗེ་བློ་བཟང་གྲགས་པ།
བརྗོད་བྱ། སྐྱེས་བུ་གསུམ་གྱི་ལམ་ལ་བློ་སྦྱོང་བའི་རིམ་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0047
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2.2MB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ཟླ་བཅུ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༡ ཚེས་ ༢༠ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་ནི། མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས། རི་བོ་དགེ་ལྡན་པའི་ཆོས་བརྒྱུད་སྲོལ་གཏོད་མཁན་དང་། དགའ་ལྡན་ཁྲི་པའི་ཁྲི་རབས་དང་པོ་ཡིན། དགུང་ལོ་གསུམ་པར་རྗེ་ཀརྨ་པ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་སྙིང་པོ་དང་། དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་གྲགས་པ་གསོལ། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ཏེ། རྗེ་བཙུན་རེད་མདའ་བ་སོགས་ལས་མདོ་སྔགས་རིག་གནས་དང་བཅས་པ་ལེགས་པར་སྦྱངས། དགུང་ལོ་ཉེང་བཞིའི་སྐབས་བསྙེན་པར་རྫོགས། དགུང་ལོ་སོ་དྲུག་གི་སྐབས་འཁོར་དག་པ་རྣམ་བརྒྱད་དང་བཅས་འོལ་ཁར་སྒྲུབ་པ་གཙོ་བོ་མཛད། དགུང་ལོ་སོ་བདུན་པར་རྗིང་ཕྱིའི་བྱམས་པ་ཞིག་གསོ་མཛད། དགུང་ལོ་སོ་དགུ་བར་གཉལ་གྱི་ལུང་རར་ཆོས་འཁོར་བསྐོར། དགུང་ལོ་ང་གཅིག་གི་སྐབས་རྒྱ་ནག་གི་རྒྱལ་པོས་ཕྱག་རྟེན་བཅས་ལན་གསུམ་དུ་རྒྱ་ནག་ཏུ་གདན་འདྲེན་ཞུས་ཀྱང་མ་ཕེབས། དགུང་ལོ་ང་གཉིས་ཀྱི་སྐབས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས། དགུང་ལོ་ང་གསུམ་གྱི་སྐབས་དགའ་ལྡན་དགོན་པ་བཏབ། དགུང་ལོ་ང་དགུའི་སྐབས། དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ། སློབ་མ་གྲགས་ཆེ་བ། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་མང་དུ་བྱུང་། ༡༤༡༩་ལོར་སྐུ་གཤེགས། གསུང་རྩོམ་ལ། བྱང་ཆུབ་ལམ་རིམ་སོགས་པོ་ཏི་བཅུ་དགུ་བཞུགས།
PDF ཕབ་ལེན། |
---|