- མདུན་ངོས།
- གཞུང་ཆེན་ཁག
གཞུང་ཆེན་ཁག (161)
དགེ་སློང་ཕའི་སོ་སོར་ཐར་པའི་མདོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། སྟོན་པ་ཤཱཀྱ་ཐུབ་པ།
བརྗོད་བྱ། སོ་སོར་ཐར་པ་འདུལ་བའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0266
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 797 KB
བསྐྱར་སྒྲིག་པ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༧ ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༡༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སྟོན་པ་མཉམ་མེད་སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ནི། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་སོགས་མཛད་པ་བསམ་གྱིས་མི་ཁྱབ་པ་སངས་རྒྱས་ཁོ་ན་ལས་སོ་སྐྱེ་ལྟ་ཅི་སྨོས་འཕགས་པ་གཞན་གྱི་སྤྱོད་ཡུལ་དུའང་མ་གྱུར་པ་ཞིག་ཡིན་ན་ཡང་གསུང་རབ་རྣམས་སུ་མཛད་པ་གཙོ་བོ་དག་བསྡུས་ཏེ་ཡོངས་གྲགས་སུ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སྟོན་པའི་རྣམ་པར་ཐར་པ་འཆད་པའི་སྲོལ་ཡོད་པ་ལྟར་དེ་དག་ནི། རྒྱུད་བླ་མ་ལས། སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །གསུངས་པ་ལྟར་རོ། །
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
PDF ཕབ་ལེན། |
---|
དེ་ལས་མང་བ།...
འདུལ་བ་མདོ་རྩ་བ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། སློབ་དཔོན་ཡོན་ཏན་འོད།
བརྗོད་བྱ། སོ་སོར་ཐར་པ་འདུལ་བའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0103
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.5 MB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༧ ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༡༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སློབ་དཔོན་ཡོན་ཏན་འོད་ནི། ཡུལ་བཅོམ་བརླག་ཏུ་བྲམ་ཟེའི་རིགས་སུ་འཁྲུངས། ཆུང་དུས་མུ་སྟེགས་ཀྱི་གྲུབ་མཐའ་དང་རིག་གནས་རྣམས་ལ་མཁས་པར་སྦྱངས། ཕྱིས་སུ་ཡུལ་དེར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་མཁས་མཆོག་དབྱིག་གཉེན་གྱི་དྲུང་དུ་ཕེབས་ཏེ་སྡེ་སྣོད་གསུམ་ལ་སོགས་པར་སྦྱངས། ཡུལ་བཅོམ་བརླག་གི་གཙུག་ལག་ཁང་ཨ་གྲ་པུ་རི་ཞེས་བྱ་བར་བཞུགས་ཤིང་། ལྷན་ཅིག་གནས་པའི་སློབ་མ་དགེ་སློང་སྟོང་ཕྲག་ལྔ་རེ་ཙམ་ཡོད་པར་བཤད། རྒྱལ་པོ་ཤྲཱི་ཧརྴའི་བླ་མར་གྱུར། མཐར་སློབ་དཔོན་རང་ཉིད་ཀྱི་འཁྲུངས་ཡུལ་དུ་མྱ་ངན་ལས་འདས་ཤིང་། དགུང་ལོ་བཞི་བརྒྱ་བཞུགས་པར་གྲགས་སོ། །སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ་བྱང་སའི་སྦྱིན་པའི་རིམ་པར་ཕྱེ་བ་དགུ་པ་ཡན་གྱི་འགྲེལ་པ་དང་། འདུལ་མདོ་རྩ་བ། འདུལ་བའི་ལག་ལེན་ལས་བརྒྱ་རྩ་གཅིག་གི་ཆོ་ག་ཀརྨ་ཤ་ཏམ་དུ་གྲགས་པ། འདུལ་བའི་མདོའི་འགྲེལ་པ་ཉིད་ཀྱི་རྣམ་བཤད་སོགས་ཡོད།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
PDF ཕབ་ལེན། |
---|
དགེ་ཚུལ་གྱི་ཚིག་ལེའུར་བྱས་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། སློབ་དཔོན་ཤཱཀྱ་འོད།
བརྗོད་བྱ། སོ་སོར་ཐར་པ་འདུལ་བའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0102
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 595 KB
བསྐྱར་སྒྲིག་པ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༧ ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༡༩ ཟླ་ ༨ ཚེས་ ༡༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སློབ་དཔོན་ཤཱཀྱ་འོད་ནི། རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་དང་། འདུལ་བ་ལ་ཤིན་ཏུ་མཁས་ཤིང་འདུལ་བའི་བསྟན་པ་ལ་ཧ་ཅང་བཀའ་དྲིན་ཆེ་བ་ཞིག་ཡིན། ལོ་རྒྱུས་ཁ་ཤས་སུ་རྒྱ་གར་འཕགས་པའི་ཡུལ་གྱི་ནུབ་ཕྱོགས་སུ་སྐུ་འཁྲུངས་པར་བཤད། ཇོ་ནང་ཀུན་མཁྱེན་གྱི་ཆོས་འབྱུང་དུ། རྒྱལ་པོ་གཽ་པཱ་ལས་རྒྱལ་སྲིད་ལོ་བཞི་བཅུ་ཞེ་ལྔ་བྱས། རྒྱལ་པོ་འདིའི་སྐུ་ཚེའི་རིང་ལ་ཞི་བ་འོད་དང༌། བསོད་ནམས་གྲགས་ཀྱི་སློབ་མ། སློབ་དཔོན་ཤཱཀྱ་འོད་ནུབ་ཕྱོགས་སུ་འཁྲུངས་ནས་ཁ་ཆེའི་ཡུལ་དུ་འགྲོ་དོན་མཛད་པར་བཤད། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལས་བོད་དུ་བསྒྱུར་ཞིང་གྲགས་ཆེ་བ་ནི། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་དང་། དེའི་རང་འགྲེལ་འོད་ལྡན་བམ་པོ་བརྒྱད་པ་གཉིས་དུས་རབས་བརྒྱད་པའི་མཇུག་ཏུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ལོ་ཙཱ་བ་རྩངས་དེ་ཝནྡྲ་རཀྵི་ཏ་སྟེ་ལྷའི་དབང་པོ་བསྲུང་བས་བོད་སྐད་དུ་བསྒྱུར་བ། བསྟན་འགྱུར་མདོ་ཕྱོགས་པོད་[ཧུ]པར་ཡོད།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
PDF ཕབ་ལེན། |
---|
ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་འགྲེལ་པ་འོད་ལྡན།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། སློབ་དཔོན་ཤཱཀྱ་འོད།
བརྗོད་བྱ། སོ་སོར་ཐར་པ་འདུལ་བའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0101
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.4 MB
བསྐྱར་སྒྲིག་པ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༧ ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༡༩ ཟླ་ ༨ ཚེས་ ༡༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སློབ་དཔོན་ཤཱཀྱ་འོད་ནི། རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་དང་། འདུལ་བ་ལ་ཤིན་ཏུ་མཁས་ཤིང་འདུལ་བའི་བསྟན་པ་ལ་ཧ་ཅང་བཀའ་དྲིན་ཆེ་བ་ཞིག་ཡིན། ལོ་རྒྱུས་ཁ་ཤས་སུ་རྒྱ་གར་འཕགས་པའི་ཡུལ་གྱི་ནུབ་ཕྱོགས་སུ་སྐུ་འཁྲུངས་པར་བཤད། ཇོ་ནང་ཀུན་མཁྱེན་གྱི་ཆོས་འབྱུང་དུ། རྒྱལ་པོ་གཽ་པཱ་ལས་རྒྱལ་སྲིད་ལོ་བཞི་བཅུ་ཞེ་ལྔ་བྱས། རྒྱལ་པོ་འདིའི་སྐུ་ཚེའི་རིང་ལ་ཞི་བ་འོད་དང༌། བསོད་ནམས་གྲགས་ཀྱི་སློབ་མ། སློབ་དཔོན་ཤཱཀྱ་འོད་ནུབ་ཕྱོགས་སུ་འཁྲུངས་ནས་ཁ་ཆེའི་ཡུལ་དུ་འགྲོ་དོན་མཛད་པར་བཤད། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལས་བོད་དུ་བསྒྱུར་ཞིང་གྲགས་ཆེ་བ་ནི། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་དང་། དེའི་རང་འགྲེལ་འོད་ལྡན་བམ་པོ་བརྒྱད་པ་གཉིས་དུས་རབས་བརྒྱད་པའི་མཇུག་ཏུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ལོ་ཙཱ་བ་རྩངས་དེ་ཝནྡྲ་རཀྵི་ཏ་སྟེ་ལྷའི་དབང་པོ་བསྲུང་བས་བོད་སྐད་དུ་བསྒྱུར་བ། བསྟན་འགྱུར་མདོ་ཕྱོགས་པོད་[ཧུ]པར་ཡོད།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
PDF ཕབ་ལེན། |
---|
དགེ་སྦྱོང་གི་ཀཱ་རི་ཀཱ་ལྔ་བཅུ་པའི་བརྗེད་བྱང་།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཚན་བྱང་། དགེ་སྦྱོང་གི་ཀཱ་རི་ཀཱ་ལྔ་བཅུ་པའི་ཚིག་གི་བརྗེད་བྱང་དུ་བྱས་པ།
མཛད་པ་པོ། སློབ་དཔོན་ཀ་མ་ལ་ཤཱི་ལ།
བརྗོད་བྱ། སོ་སོར་ཐར་པ་འདུལ་བའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0109
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 761 KB
བསྐྱར་སྒྲིག་པ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༨ ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༡༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སློབ་དཔོན་ཀ་མ་ལ་ཤཱི་ལ་ནི། མཁན་ཆེན་ཞི་བ་འཚོའི་དངོས་སློབ་ཡིན་ཞིང་། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་རང་ལུགས་འཛིན་པའི་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཞིག་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་སྐུ་གཤེགས་ཁའི་ཞལ་ཆེམས་ལྟར། བལ་ཡུལ་ནས་བསམ་ཡས་སུ་གདན་དྲངས། སློབ་དཔོན་གྱིས་ཧྭ་ཤང་མ་ཧཱ་ཡ་ན་དང་རྩོད་པ་མཛད་དེ་ཧྭ་ཤང་ཕམ་པར་བྱས་ཤིང་བོད་ནས་ཕར་བསྐྲད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསྐུལ་བ་ལྟར། བསྒོམ་རིམ་དང་པོ་དང་། བར་པ། ཐ་མ་བཅས་ཆེད་དུ་རྩོམ་པར་མཛད། སླར་ཡང་སྒོམ་རིམ་གསུམ་གྱི་དོན་འགྲེལ་དུ་དབུ་མ་སྣང་བ་བརྩམས། གཞན་ཁོང་གིས་མཛད་པའི་ཤེར་ཕྱིན་བདུན་བརྒྱ་པའི་རྒྱ་ཆེར་བཤད་པ་སོགས་ཡོད། འཁྲུངས་འདས་ཀྱི་ལོ་ཚིགས་སོགས་གསལ་པོ་ཞིག་ལོ་རྒྱུས་རྣམས་སུ་མཐོང་མ་སོང་ལ། གཤེགས་རྐྱེན་ལའང་མི་མཐུན་པ་ཁ་ཤས་ཤིག་འབྱུང་བ་ནི་འདིར་མ་བཀོད་དོ། །
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
PDF ཕབ་ལེན། |
---|
ཐམས་ཅད་ཡོད་སྨྲའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། མགོན་པོ་ཀླུ་སྒྲུབ།
བརྗོད་བྱ། སོ་སོར་ཐར་པ་འདུལ་བའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0009
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 504 KB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༨ ཟླ་ དང་པོར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༡༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
མགོན་པོ་ཀླུ་སྒྲུབ་ནི། རྒྱ་གར་ལྷོ་ཕྱོགས་སུ་སྐུ་འཁྲུངས། ནཱ་ལེནྡྲར་ཕེབས་ཏེ་ཆོས་མང་པོ་གསན། མཁན་པོ་སྒྲ་གཅན་འཛིན་བཟང་པོའི་དྲུང་དུ་དགེ་སློང་གི་སྡོམ་པ་ཞུས། མཚན་དགེ་སློང་དཔལ་ལྡན་ཞེས་གསོལ། དགེ་སློང་བདེ་བྱེད་ཅེས་པ་སུན་ཕྱུང་། སྐུ་ཚེའི་སྨད་ལ་ལྷོ་ཕྱོགས་དཔལ་གྱི་རིར་བཞུགས་ཤིང་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། ལྷག་པར་ཆོས་དབྱིངས་བསྟོད་པ་སོགས་མཛད་ནས་གདུལ་བྱ་མང་པོ་ཐེག་པ་ཆེན་པོའི་ལམ་དུ་ཁྲིད་པར་མཛད། རྒྱལ་པོ་བདེ་སྤྱོད་བཟང་པོའི་བུ་གཞོན་ནུ་ནུས་ལྡན་གྱིས་དབུ་བསླངས་པར། སློབ་དཔོན་གྱིས་སྟེར་བར་ཞལ་གྱིས་བཞེས་ཏེ། རྒྱལ་བུ་དེས་དབུ་བཅད་ནས་བཀྲོངས་སོ། །སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ། དབུ་མ་རིགས་ཚོགས་སོགས་མང་ཞིང་། སློབ་མའི་གཙོ་བོར་གྱུར་པ་ཤཱཀྱ་མི་ཏྲ་དང་སོགས་མང་དུ་བྱུང་ངོ་། །གཞུང་འདི་ལ་བུ་སྟོན་དང་སྡེ་དགེ །སྣར་ཐང་། པེ་ཅིན་བཅས་ཀྱི་དཀར་ཆག་ཏུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཀྱང་ཟེར། ཁ་ཆེ་དགེ་འདུན་བཟང་པོས་མཛད་ཀྱང་ཟེར་ཞེས་འབྱུང་།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
PDF ཕབ་ལེན། |
---|