- མདུན་ངོས།
- འཕྲུལ་དེབ་གསར་ཤོས།
འཕྲུལ་དེབ་གསར་ཤོས། (505)
ཚད་མ་རྣམ་འགྲེལ་ལེགས་པར་བཤད་པ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ྋརྒྱལ་བ་དགེ་འདུན་གྲུབ་པ།
བརྗོད་བྱ། ཚད་མའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0090
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 389 ལྗིད་ཚད། 2,1MB
གསར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༣ ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ྋརྒྱལ་བ་དགེ་འདུན་གྲུབ་པ་མཆོག་ནི། རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་དང་པོ། ཕྱི་ལོ་༡༣༩༡ ལོར་གཙང་དུ་ས་སྐྱའི་ཉེ་འདབས་སུ་སྐུ་འཁྲུངས། སྣར་ཐང་གི་མཁན་རབས་བཅུ་བཞི་པ་རྗེ་གྲུབ་པ་ཤེས་རབ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་བཅོ་ལྔ་པར་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ལ་དགེ་འདུན་གྲུབ་པ་དཔལ་དུ་གསོལ། དགུང་ལོ་ཉི་ཤུ་པར་དགེ་སློང་གི་སྡོམ་པ་མནོས། སྣང་ཐང་སངྒྷ་ཤྲཱི་ལས་སྙན་ངག་མེ་ལོང་སོགས་དང་། ཆོས་བཀའ་དུ་མ་གསན། དགུང་ལོ་ཉེར་ལྔ་པར་དབུས་སུ་ཕེབས་ཏེ་རྗེ་ཙོང་ཁ་པ་དང་མཇལ། དགུང་ལོ་སོ་དྲུག་པར་སྣར་ཐང་སོགས་སུ་ལོ་བཅུ་གཉིས་ཀྱི་བར་འཆད་ཉན་མཛད། དགུང་ལོ་ཞེ་གཉིས་པར་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་མཇལ་ཏེ་ཆོས་མང་པོ་གསན། དགུང་ལོ་ཞེ་དྲུག་ལ་བྱང་ཆེན་དུ་ཐེག་ཆེན་ཕོ་བྲང་ཆེན་མོ་བཏབ། དགུང་ལོ་ང་བདུན་པ་༡༤༤༧ ལོར་བཀྲ་ཤིས་ལྷུན་པོ་བཏབ་ཅིང་། དེར་ལོ་ཉི་ཤུ་རྩ་བརྒྱད་ཀྱི་བར་འཆད་ཉན་རྒྱུན་མ་ཆད་པར་གནང་། སློབ་མ་གྲགས་ཆེ་བ་ནི་འདུལ་འཛིན་དཔལ་ལྡན་བཟང་པོ་སོགས་མང་དུ་བྱུང་། ཕྱི་ལོ་ ༡༤༧༤ ལོར་སྐུ་གཤེགས། གསུང་རྩོམ་ལ། འདུལ་བའི་གླེང་འབུམ་སོགས་པོ་ཏི་བདུན་ཙམ་བཞུགས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
དེ་ལས་མང་བ།...
ལཉྫའི་མ་ཕྱི།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ཚེ་ཏན་ཞབས་དྲུང་། (༡༩༡༠-༡༩༨༥)
བརྗོད་བྱ། ལཉྫ་དང་ཝརྟུའི་ཡིག་གཟུགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0261
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 48 ལྗིད་ཚད། 8.2MB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་བསྒྲིགས།
༢༠༢༣ ལོའི་ཟླ་གཉིས་པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འདིའི་མཛད་པ་པོ་ནི། དུས་རབས་ཉི་ཤུ་པའི་ནང་རིག་གནས་གསར་བརྗེ་ཆེན་པོའི་གོད་ཆག་གིས་བོད་ཀྱི་སྣོད་བཅུད་གཉིས་ཆར་ཐེག་དཀའ་བའི་གཏོར་བཅོམ་བཏང་བའི་སྔ་གཞུག་ཏུ་བོད་ཀྱི་རིག་གནས་འཛིན་སྐྱོང་དང་སླར་གསོའི་བྱ་གཞག་ལ་སྐུ་དྲིན་ཤིན་ཏུ་ཆེ་བའི་མཁས་པ་ཨ་ལགས་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་ཡིན་ཞིང་། ལཉྫ་དང་ཝརྟུའི་ཡིག་གཟུགས་ཀྱི་བྲིས་རྒྱུན་ལ་དཔང་ལོ་ཙཱ་པ་ནས་བརྒྱུད་པ་དང་སྣར་ཐང་ལོ་ཙཱ་པ་ནས་བརྒྱུད་པ་གཉིས་མདོ་སྨད་ཕྱོགས་སུ་བཞུགས་པ་ལས་འཕྲུལ་དེབ་འདིར་སྣར་ཐང་ལོ་ཙཱ་པ་ནས་བརྒྱུད་པའི་ལཉྫ་དང་ཝརྟུའི་ཡིག་གཟུགས་ཀྱི་བྲིས་རྒྱུན་ཇི་ལྟ་བ་བཞིན་ཨ་ལགས་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་ཁོང་རང་ཉིད་ནས་ཕྱག་བྲིས་མཛད་པ་དང་། བྲིས་རྒྱུན་འདིའི་ལཉྫའི་ཐིག་རྩ། ཧོར་ཡིག་སོགས་ཡིག་གཟུགས་གཞན་གསུམ་ཡང་ལྷན་དུ་བཞུགས་ལ། དཔེ་འདི་ལས་ཨ་ལགས་ཚེ་ཏན་ཞབས་དྲུང་ཁོང་གི་ཁྱད་དུ་འཕགས་པའི་དབུ་ཅན་ཡིག་གཟུགས་ཀྱང་མཇལ་ཐུབ་པས་ཡིག་གཟུགས་སྦྱོང་མཁན་དག་ལ་ཕན་ཆེ་བར་སྙམ་མོ།།
གསང་སྔགས་ལས་བྱུང་བའི་མིང་གི་རྣམ་གྲངས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ཀློང་རྡོལ་ངག་དབང་བློ་བཟང་།
བརྗོད་བྱ། གསང་སྔགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0014
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 93 ལྗིད་ཚད། 927KB
གསར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༣ ཟླ་ ༢ ཚེས་ ༣ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཀློང་རྡོལ་ངག་དབང་བློ་བཟང་མཆོག་ནི། མདོ་སྟོད་ཆབ་མདོའི་ཡུལ་གྱི་བྱེ་བྲག་དབེན་ཕུའམ་ཕུ་མདོ་ཞེས་པའི་ས་ཆར་བྲག་རྩ་དཔོན་གྱི་བརྒྱུད་པ་ཡབ་སྔགས་འཆང་དབང་འབུམ་དང༌། ཡུམ་འཇང་བཟའ་བུམ་སྐྱིད་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༧༡༩ ལོར་སྐུ་བལྟམས། དགུང་ལོ་བདུན་གྱི་ཐོག་བློ་གླིང་དགེ་སློང་བློ་བཟང་དགེ་འདུན་ནས་གཙུག་ཕུད་བཞེས། དགུང་ལོ་བཅུ་གཉིས་པར་ཕུར་ལྕོག་ངག་དབང་བྱམས་པའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་བདུན་བར་དུ་ཡབ་ཀྱི་དྲུང་ནས་ཡི་གེའི་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅོ་བརྒྱད་པར་ཚ་བ་རོང་སོགས་སུ་ཡབ་ཡུམ་དང་ལྷན་དུ་ལོ་གསུམ་ཙམ་ཕེབས། དགུང་ལོ་ཉི་ཤུའི་ཐོག་ཆབ་མདོར་གླིང་སྟོད་གྲྭ་ཚང་གི་སྔགས་གྲྭའི་ལག་ལེན་ཞིབ་ཕྲ་མཛད། ཁམས་ལི་ཐང་དགོན་དུ་ནང་དོན་རིག་པ་སྦྱངས། དགུང་ལོ་ཉེར་བཞི་པར་ལྷ་གདན་དུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས། སྒོམ་སྡེ་བརྩོན་འགྲུས་སོགས་བསྟེན་ནས་གསན་སྦྱོང་དབུ་བཙུགས། དགུང་ལོ་སུམ་ཅུའི་ཐོག་ཕུར་ལྕོག་ངག་དབང་བྱམས་པའི་དྲུང་དུ་བསྙེན་པར་རྫོགས་ཅིང་ལམ་རིམ་སོགས་ཆོས་བཀའ་མང་པོ་གསན། དགུང་ལོ་སོ་གསུམ་པར་གསང་ཕུར་བཀའ་བཅུའི་མཚན་བཏགས་མཛད། དགུང་ལོ་སོ་དགུའི་ཐོག་ངག་དབང་ཆོས་གྲགས་ཀྱི་དྲུང་ནས་རྒྱུད་འགྲེལ་སོགས་གསན། རྒྱལ་བ་བསྐལ་བཟང་རྒྱ་མཚོ་སོགས་མཁས་གྲུབ་ཀྱི་བླ་མ་བཅུ་གསུམ་ཙམ་བསྟེན་ནས་མདོ་སྔགས་རིག་གནས་ཡོངས་ལ་མཁས་པའི་གྲགས་པ་ཐོབ། ལོ་ངོ་ཉེར་གཅིག་ཙམ་རི་ཁྲོད་ཁོ་ན་བསྟེན་པར་མཛད་ནས་ཉམས་ལེན་གྱི་བྱ་བ་ཁོ་ནས་དུས་འདའ་བ་མཛད་ཅིང་། མཐར་ཕྱི་ལོ་ ༡༧༩༤ ལོར་དགོངས་པ་གཞན་དོན་དུ་གཤེགས།
ཁོང་གི་གསུང་རྩོམ་ནི། རིག་གནས་ཆེ་ཆུང་ཡོངས་ཀྱི་མིང་གི་རྣམ་གྲངས་སོགས་མངོན་བརྗོད་སྣ་ཚོགས་དང་། རྟེན་ཁྱད་འཕགས་འགའི་དཀར་ཆག །རྣམ་ཐར། དགེ་ལུགས་ཀྱི་དགོན་སྡེ་བླ་སྤྲུལ་རྣམས་ཀྱི་མཚན་ཐོ། ཆབ་ཤོག །སྙན་ཚིག་སོགས་བསྟན་བཅོས་དགུ་བཅུ་གོ་དྲུག་ཡོད་པ་དེ་པོ་ཏི་གསུམ་དུ་བསྡུས་ཏེ། ཀུན་བདེ་གླིང་ལྷུན་གྲུབ་སྡེ་ཆེན་དུ་ཤིང་པར་བརྐོས་ཡོད། ད་ལྟའི་ཆར་བཞུགས་ཡོད་མེད་ཆ་མ་འཚལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ་གླེགས་བམ་གཉིས་ཡོད། དཔེ་དེབ་དེ་སྟོད་སྨད་གཉིས་སུ་དབྱེ་ཞིང་། སྟོད་ཆར་ཆོས་ཚན་༡༦དང་། སྨད་ཆར་ཆོས་ཚན་ ༡༦བཅས་ཡོད།
གསང་སྔགས་ལམ་གྱི་བསྡུས་དོན་བདུད་རྩིའི་སྙིང་པོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས།
བརྗོད་བྱ། གསང་སྔགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0015
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 75 ལྗིད་ཚད། 807KB
གསར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༣ ཟླ་ ༢ ཚེས་ ༤ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་དཀོན་མཆོག་བསྟན་པ་རྒྱ་མཚོ་མཆོག་ནི། ཕྱི་ལོ་༡༨༤༩ལོར་ཡབ་གཏེར་སྟོན་སྔགས་འཆང་བདེ་ཆེན་རྡོ་རྗེ་དང་ཡུམ་ཇོ་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་བལྟམས། ༡༨༥༣ལོར་འཇམ་བཞད་སྐུ་ཕྲེང་གསུམ་པ་འཇིགས་མེད་རྒྱ་མཚོ་མཆོག་ནས་ཀིརྟི་སྐུ་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་མཛད་དེ་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་ཞེས་པའི་མཚན་གསོལ། ༡༨༥༤ལོར་རྗེ་དཀོན་མཆོག་སྨོན་ལམ་གྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། ལོ་དེའི་བོད་ཟླ་ལྔ་པའི་ནང་སྟག་ཚང་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་ཆེན་མོར་ཁྲི་འཕང་མཐོན་པོར་ཞབས་ཟུང་བཀོད། ༡༨༥༦ལོར་༧རྗེ་དཀོན་མཆོག་སྨོན་ལམ་གྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། ཚ་ཁོའི་མ་དགོན་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་དུ་གོང་མ་རིམ་བྱོན་གྱི་ཆོས་ཁྲིར་ཞབས་ཟུང་བཀོད། ཧོར་ཚང་ཀིརྟི་དགོན་དུ་ཆོ་འཕྲུལ་སྨོན་ལམ་གསར་འཛུགས་གནང་། དབུ་ཚད་ཕར་ཕྱིན་སོགས་གཞུང་ལུགས་མཐའ་ཡས་པར་ཐོས་བསམ་སྒོམ་གསུམ་མཛད། ༡༨༧༢ལོར་རྗེ་བཙུན་ངག་དབང་ཆོས་འཕེལ་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རྔ་བ་ཀིརྟིའི་དགོན་དགེ་ལྡན་ལེགས་བཤད་གླིང་དུ་གསང་སྔགས་རྒྱུད་པ་གྲྭ་ཚང་དང་སྟག་ཚང་ལྷ་མོར་དུས་འཁོར་གྲྭ་ཚང་གསར་འཛུགས་གནང་། མཐར་རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་སྟེ་ཕྱི་ལོ་༡༩༠༥ལོར་ཕྱི་ལུགས་དགུང་ལོ་ང་བདུན་བཞེས་པའི་ཐོག་གཟུགས་སྐུའི་བཀོད་པ་གཞན་དོན་དུ་གཤེགས།
ཁོང་གི་བརྩམས་ཆོས་ནི། གཞུང་ཆེན་མོ་རྣམས་ཀྱི་སྡོམ་ཚིག་དང་། དཀའ་འགྲེལ། མཐའ་དཔྱོད། དོགས་སློང་། དྲིས་ལན། སྙན་རྩོམ། བསྟོད་ཚོགས། བསླབ་བྱ། བསང་ཆོག །སྒྲུབ་ཆོག་བཅས་བཀའ་རྩོམ་པོད་ཆེན་བཅུ་གཉིས་བཞུགས།
སློབ་དཔོན་ཀ་མ་ལ་ཤཱི་ལའི་བསྒོམ་རིམ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ཀ་མ་ལ་ཤཱི་ལ།
བརྗོད་བྱ། བློ་སྦྱོང་བའི་རིམ་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0108
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 138 ལྗིད་ཚད། 999KB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༣ ཟླ་ ༡ ཚེས་ ༢༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སློབ་དཔོན་ཀ་མ་ལ་ཤཱི་ལ་ནི། མཁན་ཆེན་ཞི་བ་འཚོའི་དངོས་སློབ་ཡིན་ཞིང་། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་རང་ལུགས་འཛིན་པའི་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཞིག་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་སྐུ་གཤེགས་ཁའི་ཞལ་ཆེམས་ལྟར། བལ་ཡུལ་ནས་བསམ་ཡས་སུ་གདན་དྲངས། སློབ་དཔོན་གྱིས་ཧཱ་ཤང་མ་ཧཱ་ཡ་ན་དང་རྩོད་པ་མཛད་དེ་ཧཱ་ཤང་ཕམ་པར་བྱས་ཤིང་བོད་ནས་ཕར་བསྐྲད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསྐུལ་བ་ལྟར། བསྒོམ་རིམ་དང་པོ་དང་། བར་པ། ཐ་མ་བཅས་ཆེད་དུ་རྩོམ་པར་མཛད། སླར་ཡང་སྒོམ་རིམ་གསུམ་གྱི་དོན་འགྲེལ་དུ་དབུ་མ་སྣང་བ་བརྩམས། གཞན་ཁོང་གིས་མཛད་པའི་ཤེར་ཕྱིན་བདུན་བརྒྱ་པའི་རྒྱ་ཆེར་བཤད་པ་སོགས་ཡོད། འཁྲུངས་འདས་ཀྱི་ལོ་ཚིགས་སོགས་གསལ་པོ་ཞིག་ལོ་རྒྱུས་རྣམས་སུ་མཐོང་མ་སོང་ལ། གཤེགས་རྐྱེན་ལའང་མི་མཐུན་པ་ཁ་ཤས་ཤིག་འབྱུང་བ་ནི་འདིར་མ་བཀོད་དོ། །
སྙན་ངག་དཎྜིའི་དགོངས་རྒྱན།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།
བརྗོད་བྱ། སྙན་ངག་མེ་ལོང་མའི་འགྲེལ་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0347
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 347 ལྗིད་ཚད། 2.1MB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༢ ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་མཆོག་ནི། རབ་བྱུང་བཅུ་པའི་ས་རྟ་ཕྱི་ལོ་ ༡༦༡༨ ལོར་སྐུ་འཁྲུངས། འབྲུག་པ་སངས་རྒྱས་རྡོ་རྗེ་སོགས་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། ཕྱི་ནང་རིག་བྱེད་གང་ལའང་མཁས་པའི་སྙན་གྲགས་གང་སར་ཁྱབ་པས་བོད་མཁས་པའི་མཚན་སྙན་ཐོབ།
ཁོང་གི་བརྩམས་ཆོས། [སྨན་གྱི་རོ་ནུས་བཤད་པ་བེེ་ཌཱུརྱའི་མེ་ལོང་།] ཟུར་མཁར་བློ་གྲོས་རྒྱལ་པོས་གསོ་བ་རིག་པའི་གཞི་ལམ་འབྲས་བུའི་རྣམ་གཞག་སྐོར་གྱི་དྲི་ལན་དུ་[དྲིས་ལན་ལེགས་བཤད་རིན་པོ་ཆེའི་སྣང་བ་གསར་པ།] [སྙན་ངག་འགྲེལ་པ་དཎྜིའི་དགོངས་རྒྱན།] [ལུས་ཐིག་ཟླ་བ་ནོར་བུ་] གསོ་བ་རིག་པའི་སྐོར་སོགས་གསུང་རྩོམ་མང་། འདས་ལོ་མི་གསལ།
འཕྲུལ་དེབ་ཀྱི་དཀར་ཆག
དཔེ་མཛོད་ཀྱི་རེའུ་མིག
བཞི་པ། ྋགོང་ས་མཆོག་གི་རེའུ་མིག
སྡེ་ཚན། : ༧གོང་ས་མཆོག | ཀློག་གྲངས། 9990
དྲུག་པ། ཚན་རིག་གི་རེའུ་མིག
སྡེ་ཚན། : ཚན་རིག | ཀློག་གྲངས། 8780
བརྒྱད་པ། དེང་རྩོམ་གྱི་རེའུ་མིག
སྡེ་ཚན། : དེང་རྩོམ། | ཀློག་གྲངས། 9799
བདུན་པ། ཐོར་བུའི་རེའུ་མིག
སྡེ་ཚན། : ཐོར་བུ། | ཀློག་གྲངས། 14524
གསུམ་པ། གཞུང་ཆེན་ཁག་གི་རེའུ་མིག
སྡེ་ཚན། : གཞུང་ཆེན་ཁག | ཀློག་གྲངས། 16241
ལྔ་པ། རིག་གནས་ཀྱི་རེའུ་མིག
སྡེ་ཚན། : རིག་གནས། | ཀློག་གྲངས། 12527
གཉིས་པ། གསུང་འབུམ་གྱི་རེའུ་མིག
སྡེ་ཚན། : གསུང་འབུམ། | ཀློག་གྲངས། 13853
དང་པོ། བཀའ་བསྟན་གྱི་རེའུ་མིག
སྡེ་ཚན། : བཀའ་བསྟན། | ཀློག་གྲངས། 10208