དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Apr ཚེས། 12 རེས་གཟའ། Fri

སེར་བྱེས་ཡི་དམ་རྟ་མགྲིན་གྱི་ལོ་རྒྱུས།

དྲ་འཇུག་པ།

དཔལ་ཆེན་རྟ་མཆོག་རོལ་པའམ་ཡི་དམ་རྟ་མགྲིན་ནི། དེ་ཡང་བྱུང་རིམ་གྱི་དབང་དུ་བྱས་ན། སྔོན་འཕགས་ཡུལ་དུ་བཀའ་བརྒྱད་བདེ་གཤེགས་སྤྱི་དྲིལ་གྱི་ཆོས་སྐོར་རྣམས། རིན་ཆེན་སྣ་བརྒྱད་ཀྱི་སྒྲོམ་བུར་བཅུག་སྟེ། ཊཱ་ཀི་མ་དབང་མོས་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ་གཏེར་སྲུང་གཉན་པོ་རྣམས་ཀྱིས་རིག་འཛིན་མཆོག་བརྒྱད་སོ་སོར་གཏད་པ་ཉམས་བཞེས་ཀྱིས་ཡང་གཏེར་དུ་སྦས་པ་རྣམས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མ་ཚང་བ་མེད་པར་བཞེས་ནས་གྲུབ་པ་ཐོབ། ཁ་བ་ཅན་གྱི་མ་འོངས་ལས་ཅན་གྱི་གདུལ་བྱ་དང་བསྟན་པའི་ཆེད་དུ་སྩལ་བྱང་གཏད་རྒྱ་དང་བཅས་པ་གནས་བྲག་རྣམས་སུ་རྫུ་འཕྲུལ་གྱི་བཀོད་པ་དུ་མས་གཏེར་རྒྱས་བཏབ་པ་ལས། རིག་འཛིན་ཀླུ་སྒྲུབ་ལ་གཏད་པའི་ཟངས་སྒྲོམ་རྟ་མགྲིན་གྱི་ཆོས་སྡེར་གཏོགས་པ། དབང་ཆེན་ཡང་གསང་ལྷ་དགུའི་ཤོག་སེར་ཞིག་སུམ་པ་དབང་ཚུལ་དང་། འབྲེ་ཤེས་རབ་བླ་མ། རྒྱང་པོ་གྲགས་པ་དབང་ཕྱུག་སྡེ། གཏེར་སྟོན་ཚད་མ་གསུམ་གྱིས་ཡེར་བའི་བྲག་ནས་བཞེས་པ་རིམ་གྱིས་གྲུབ་པའི་དབང་ཕྱུག་མདའ་འཕྱར་བའི་ཕྱག་ཏུ་སོན་པ་སློབ་དཔོན་ཆེན་པོའི་ཡང་སྤྲུལ་གྱིས་དབང་ལུང་མན་ངག་རྣམས་ལེགས་པར་གནང་བ་ལས་རིམ་པར་བརྒྱུད་པ། སྔ་འགྱུར་ཐེག་པ་རིམ་དགུའི་ཡ་གྱལ། བསྐྱེད་པ་མ་ཧཱ་ཡོ་གའི་ཆོས་སྡེར་བཀའ་གཏེར་ཟུང་འཇུག་གི་རིམ་པ་འདི་ལ། ༸གོང་ས་ལྔ་བ་ཆེན་པོས་འཕྲིན་ལས་ཀྱི་བྱང་བུ་རྒྱས་བསྡུས་སྨད་ལས་དང་བཅས་པ། ལོ་རྒྱུས། བསྙེན་ཡིག །སྦྱིན་སྲེག་གི་ཆོས་སྐོར་རྣམས་མཛད་ནས་ཚད་མར་གྱུར་བ་ལགས། དེ་ཡང་༸གོང་ས་ལྔ་བ་ཆེན་པོས་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་བླ་མར་བསྟེན་ནས་ཡང་གསང་གི་སྒྲུབ་པ་མཛད་པའི་དག་སྣང་དུ་རྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་སྐུ་བརྙན་ཞིག་བྱེས་གྲྭ་ཚང་གི་ཐོག་ཁར་བཞུགས་སུ་གསོལ་ཞིང་། ཡང་གསང་གི་ལས་བྱང་གྱེར་སྒོམ་རྡོ་རྗེ་སྒྲ་དབྱངས་ཞེས་བྱ་བ་མཛད་ནས་གནང་། སེར་བྱེས་གྲྭ་ཚང་དང་ཡི་དམ་འདིའི་འབྲེལ་བ་བྱུང་ཚུལ་ནི། མུས་སྲད་པ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེས་དབུས་ཕྱོགས་སུ་འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་ཞབས་ལ་གཏུགས་ནས་སྐུ་དྲུང་དུ་ཕེབས་པ་ན་མོས་གུས་དང་དད་པ་བརྗོད་མི་ཤེས་པ་སྐྱེས་ཤིང་། ཚེ་རབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་། ཁྱད་པར་དུ་ངེད་ཀྱི་ཕ་མེས་ཀྱིས་ཡི་དམ་རྟ་མགྲིན་ཡང་གསང་འདི་ལ་བྱེད་ཀྱི་ཡོད་པས་དེ་རང་ཆོག་གམ་ཞུས་པ་ན། ཡི་ཞལ་ནས་ཡི་དམ་འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱི་གསང་བའི་ཡི་དམ་ཁྱད་པར་དུ་འཕགས་པ་ཞིག་ཡིན་པས། ཅི་ནས་ཀྱང་བསྟེན་ཆོག ཁྱེད་ཀྱི་མ་འོངས་པའི་གྲྭ་ཚང་དེ་ཡང་ཀླུ་སྒྲུབ་ཀྱི་ལྟ་བ་ལ་འཆད་ཉན་བྱེད་པའི་དབུ་མའི་གྲྭ་ཚང་ཕུལ་དུ་བྱུང་བ་ཞིག་ཡོང་བར་འདུག་ཅེས་ལུང་བསྟན་ཅིང་། ཐུགས་དགྱེས་ཉམས་ཆེན་པོའི་ངང་ནས་ཕྱག་དབུ་ཐོག་ཏུ་བཞག་སྟེ། སྒོ་གསུམ་བྱིན་གྱིས་བརླབས་པས། དབུ་ལ་ཡང་ཕྱག་རྗེས་གསལ་བར་བབས་པ་བྱུང་། ཡི་དམ་འདིའི་སྐུ་གཟུགས་དངོས་སུ་བསྟན་ནས། ང་ལ་བསྟེན་ན་ཁྱེད་ཡབ་སྲས་སློབ་བརྒྱུད་དང་བཅས་པའི་བསྟན་པ་ཚུལ་བཞིན་འཛིན་པ་རྣམས་སྐྱོང་བའི་ཞལ་བཞེས་མཛད། ཡབ་རྟོགས་ལྡན་མགོན་པོས་ཀྱང་ཡི་དམ་འདི་དང་མི་འབྲལ་བར་གྱིས་ཞེས་རྟ་མགྲིན་གྱི་ཆོས་སྐོར་ཆ་ལག་དང་བཅས་པ་ཆེད་གཉེར་གྱིས་འབུལ་མི་གནང་བ་ཕྱག་ཏུ་སོན་པ་སོགས་རྟེན་འབྲེལ་སྒོ་དུ་མ་ནས་འགྲིགས་ཤིང་། ཀུན་མཁྱེན་པ་སེ་རར་ཞབས་སྐོར་ལ་ཕེབས་རེས་བཞིན། ན་བཟའ་ཚེར་མའི་ཕུང་བོ་ཞིག་ལ་ཐོགས་པ་བྱུང་བ་དང་། ཡང་དུས་གཞན་ཞིག་ལ་ཤིང་སེ་བའི་ཕུང་བོར་བྱ་རོག་དམར་པོ་ཞིག་ཐིམ་པའི་ཉམས་སྣང་ངོ་མཚར་ཅན་བྱུང་བས། དེ་ལ་ནན་གྱིས་གཟིགས་པའི་ཚེ་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་ཡུམ་བཅས་རྟ་སྐད་ལྷང་ལྷང་འཚེར་བས། ས་གཞི་ཐམས་ཅད་ཡོམ་ཡོམ་གཡོ་བའི་ཐུགས་སྣང་བྱུང་བ་བཞིན་གནས་དེར་ཡི་དམ་གྱི་ཞལ་གཟིགས། དེ་ནས་སེ་ཤིང་སྐུའི་སྲོག་ཤིང་དུ་མཛད་ནས་ཀུན་མཁྱེན་པ་རང་ཉིད་ཀྱི་ཆོས་གོས་གཡོགས་ནས་རྟ་མགྲིན་པདྨ་ཡང་གསང་ཁྲོས་པའི་སྣང་བརྙན་ངོ་མཚར་བྱིན་རླབས་ཀྱི་ཕུང་བོར་གྱུར་བ་དེ་ཉིད་ལེགས་པར་བཞེངས་ཏེ་སྨོན་ལམ་དང་རབ་གནས་ཀྱིས་ཡི་དམ་དངོས་དང་དབྱེར་མེད་དུ་བསྐྲུན་པར་མཛད། གྲྭ་ཚང་འདིའི་ལེགས་ཉེས་ཀྱི་རྟགས་སུ་སྐབས་རེར་སའི་གཏིང་ནས་གྲགས་པ་ལྟ་བུའི་རྟ་སྐད་ཐོས་པའང་མང་དུ་བྱུང་ཚུལ་ཞལ་རྒྱུན་ལས་བྱུང་ངོ་། །དེ་ནས་གྲྭ་ཚང་འདིར་སྒྲུབ་མཆོད་བཙུགས་ཐོག །འདིའི་དབང་བཞིའི་མཚོན་མན་ངག་ལས་ཚོགས་དང་བཅས་པའི་རྒྱུན་རིམ་པར་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ །དེས་ཕ་བོང་ཁ་བ་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། དེས་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། དེས་པཎ་ཆེན་བདེ་ལེགས་ཉི་མ། དེས་ཤར་ཆེན་ནམ་མཁའ་རྒྱལ་མཚན། དེས་ཆོས་རྗེ་རིན་ཆེན་བཤེས་གཉེན། དེས་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། དེས་༸གོང་ས་ལྔ་བ་ཆེན་པོ། དེས་ཆོས་རྗེ་འཇམ་དབྱངས་གྲགས་པ། དེས་ཆོས་རྗེ་ངག་དབང་དཀོན་མཆོག །དེས་བྱེས་བླ་བློ་བཟང་ནོར་བུ། དེས་བློ་བཟང་ཚུལ་ཁྲིམས། དེས་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་། དེ་ནས་དམ་པ་བར་མ་ཆད་པར་རིམ་པར་བརྒྱུད་དེ་འཕགས་ཡུལ་སེར་བྱེས་འདིར་དམ་འདིའི་བསྙེན་སྒྲུབ་མཆོད་གཏོར་གྱི་ཕྱག་བཞེས་བརྒྱུད་ལྡན་བླ་མ་དམ་པ་ཚོའི་ཕྱག་བཞེས་ངོས་གཙང་བསྟན་འགྲོའི་རྒྱན་དུ་ཆེ་བ་འགྲོ་བཞིན་པར་མ་ཟད། ལྷག་དོན༸གོང་སྋསྐྱབས་མགོན༸རྒྱལ་བའི་དབང་པོ་བཅུ་བཞི་བ་ཆེན་པོས་ཡི་དམ་འདིའི་དབང་ཆེན་ལན་གྲངས་དུ་མར་གནང་བའི་བཀའ་དྲིན་དང་། ཡི་དམ་འདི་གྲྭ་ཚང་འདིའི་དམ་པ་བར་མ་ཆད་པའི་ཐུན་མོང་མ་ཡིན་པའི་ཡི་དམ་ཡིན་པས་འདུས་པ་རྒྱ་མཚོས་གཏོར་འབུལ་བཟླས་བརྗོད་ལ་བརྩོན་པ་ལས་ཆོས་མཐུན་གྱི་ལས་དོན་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱི་མཚན་མ་ཤིན་ཏུ་གསལ་བ་དེ་ལྟར་ལགས།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༢༤ ཟླ་ ༤ ཚེས་ ༡༢ ལ། [དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།]

དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Apr ཚེས། 03 རེས་གཟའ། Wed

གཞུང་ཆེན་པོད་ལྔའི་བསྡུས་དོན།

དྲ་འཇུག་པ།

sjrb-0437མཛད་པ་པོ། རྒྱལ་ཚབ་རིན་པོ་ཆེ་དང་གུང་ཐང་བསྟན་པའི་སྒྲོན་མེ།
བརྗོད་བྱ། གཞུང་ཆེན་ལྔའི་དོན་བསྡུས་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0437
ཡིག་ཆའི་རྣམ་པ། PDF
མ་ཕྱིའི་པར་རྩ། བཀྲིས་ལྷུན་དང་ཞོལ་པར་མ།
ཤོག་གྲངས། 509 ལྗིད་ཚད། 3MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདིར་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་བསྡུས་དོན་ཐར་ལམ་གྱི་ཉིན་བྱེད་དང་། མངོན་པར་རྟོགས་པའི་རྒྱན་གྱི་བསྡུས་དོན་རིན་པོ་ཆེའི་ཕྲེང་བ། དབུ་མ་ལ་འཇུག་པའི་བསྡུས་དོན་བཅས་དང་། ཁྲི་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པའི་ཆོས་མངོན་པ་མཛོད་ཀྱི་བསྡུས་དོན་ཆོས་མངོན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་དང་འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་པ་ནོར་བུའི་ཕྲེང་བ་བཅས་ལྷན་དུ་བཞུགས།

བརྗོད་བྱ། བརྗོད་བྱ། དོན་མངོན་པར་རྟོགས་པ་བརྒྱད།
འཁྲིད་མཁན། དགེ་བཤེས་བློ་བཟང་ལེགས་བཤད།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0765
སྒྲའི་རྣམ་པ། MP3 གྲངས་ཀ 40 ལྗིད་ཚད། 1.07GB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ཟླ་ ༥ ཚེས་ ༡༠ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་བློ་བཟང་ལེགས་བཤད་ནི། ཕྱི་ལོ་༡༩༦༩ ལོར་གཙང་ངམ་རིང་དུ་འཁྲུངས། ༡༩༩༢ ལོར་བཙན་བྱོལ་དུ་འབྱོར། ༡༩༩༣ ལོར་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་། ༢༠༠༨ ལོར་དགེ་ལུགས་རྒྱུགས་སྤྲོད་ཕེབས་ནས་ ༢༠༡༤ ལོར་དགེ་བཤེས་ལྷ་རམས་ཀྱི་དམ་འཇོག་གནང་། ༢༠༡༥ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཆོས་ཐོག་འགྲིམས་ནས་གསང་སྔགས་ཀྱི་སློབ་གཉེར་གནང་། ད་ལྟར་སེར་བྱེས་མཁས་སྙན་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་བྱེད་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་༢༠༢༡ཟླ་༦ཚེས་༢༤ཉིན།

ཁྲིད་མཚམས་ཀྱི་དཀར་ཆག 1. དུམ་བུ་༠༡ ནས་ དུམ་བུ་༢༧ བར། རྣམ་བཤད་སྙིང་པོའི་རྒྱན་སྐབས་བཞི་པ།  2.  དུམ་བུ་༢༨ ནས་ དུམ་བུ་༣༩ བར། རྣམ་བཤད་སྙིང་པོའི་རྒྱན་སྐབས་ལྔ་པ།  3. དུམ་བུ་༤༠  རྣམ་བཤད་སྙིང་པོའི་རྒྱན་སྐབས་དྲུག་པ
དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Mar ཚེས། 30 རེས་གཟའ། Sat

ཁྲིད་གཞུང་། རྣམ་འགྲེལ་ཐར་ལམ་གསལ་བྱེད། [བ] ལེའུ་གཉིས་པ།

དྲ་འཇུག་པ།

བརྗོད་བྱ། རྟོག་གེའི་ཚིག་དོན་སྐོར།
འཁྲིད་མཁན། དགེ་བཤེས་ཐབས་མཁས་བློ་གྲོས།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0764
སྒྲའི་རྣམ་པ། MP3 གྲངས་ཀ 18 ལྗིད་ཚད། 687.8MB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་ ༣ ཚེས་ ༣༠ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ལྷ་རམས་པ་ཐབས་མཁས་བློ་གྲོས་མཆོག་ནི། ཕྱི་ལོ་ ༡༩༧༩ ལོར་བོད་དབུས་ཕྱོགས་འཕན་པོའི་ཡུལ་དུ་འཁྲུངས། དགུང་ལོ་དྲུག་གི་ཐོག་སློབ་ཆུང་འགྲིམས། དགུང་ལོ་བཅུ་ནས་བོད་སེ་ར་དགོན་པར་ཆོས་ཞུགས་གནང་ནས་གསན་བསམ་སློབ་གཉེར་གནང་། ཕྱི་ལོ་ ༡༩༩༧ ལོ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་ལྷོད་མེད་གནང་ཞིང་འཛིན་གྲྭའི་ནང་ནས་ཨང་དང་པོ་ཤ་སྟག་བཞེས། རིགས་ཆེ་ཆུང་གི་ཚོགས་ལངས་བཞེངས་གནང་བ་མ་ཟད། ཕར་ཕྱིན་དང་དབུ་མ་རབ་འབྱམས་པའི་ཨང་རིམ་དང་པོའི་དང་པོ་སོན་པའི་ཕྱག་ཁྱེར་བཞེས། གདན་ས་གསུམ་ཚོགས་པའི་དབུས་སུ་འཇང་དགུན་ཆོས་ཆེན་མོའི་མཚན་ཕུད་དམ་བཅའ་བཞུགས།
ཕྱི་ལོ་ ༢༠༠༤ ལོ་ནས་བཟུང་དེང་དུས་ཚན་རིག་སློབ་སྦྱོང་བྱེད་མགོ་བཙུགས་ཏེ། ཕྱི་ལོ་ ༢༠༡༠ ནས་ལོ་གསུམ་རིང་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་ནས་དེང་དུས་ནུབ་ཕྱོགས་ཚན་རིག་ཐོག་ཆེད་དུ་སློབ་གཉེར་གནང་།
ཕྱི་ལོ་ ༢༠༡༣ ནས་ལོ་ངོ་དྲུག་གི་རིང་དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས་ཏེ་ལོ་ལྟར་ཨང་རིམ་དང་པོའི་དང་པོ་ཤ་སྟག་ཀྱི་མཚན་གནས་བླངས་ཏེ། རི་བོ་དགེ་ལྡན་པའི་ལྷ་རམས་པ་ཨང་དང་པོའི་མཚན་གནས་ཕུལ་བྱུང་གཟེངས་བསྟོད་ཀྱི་ཕྱག་ཁྱེར་ཡང་ཐོབ།
དེང་གི་ཆར་སེར་མཁས་སྙན་གྲྭ་ཚང་གི་དེང་དུས་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་དང་འབྲེལ་ལས་ཁུར་གནང་བཞིན་པ་བཅས་ཡིན།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༣༠ ལ།

དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Mar ཚེས། 30 རེས་གཟའ། Sat

ཁྲིད་གཞུང་། ལེགས་བཤད་གསེར་ཕྲེང་།[ཕ] སྐབས་བཞི་པ།

དྲ་འཇུག་པ།

བརྗོད་བྱ། སྦས་དོན་མངོན་རྟོགས་ཀྱི་རིམ་པ།
འཁྲིད་མཁན། དགེ་བཤེས་ཐབས་མཁས་བློ་གྲོས།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0763
སྒྲའི་རྣམ་པ། MP3 གྲངས་ཀ 30 ལྗིད་ཚད། 870.7MB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་ ༣ ཚེས་ ༣༠ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ལྷ་རམས་པ་ཐབས་མཁས་བློ་གྲོས་མཆོག་ནི། ཕྱི་ལོ་ ༡༩༧༩ ལོར་བོད་དབུས་ཕྱོགས་འཕན་པོའི་ཡུལ་དུ་འཁྲུངས། དགུང་ལོ་དྲུག་གི་ཐོག་སློབ་ཆུང་འགྲིམས། དགུང་ལོ་བཅུ་ནས་བོད་སེ་ར་དགོན་པར་ཆོས་ཞུགས་གནང་ནས་གསན་བསམ་སློབ་གཉེར་གནང་། ཕྱི་ལོ་ ༡༩༩༧ ལོ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་ལྷོད་མེད་གནང་ཞིང་འཛིན་གྲྭའི་ནང་ནས་ཨང་དང་པོ་ཤ་སྟག་བཞེས། རིགས་ཆེ་ཆུང་གི་ཚོགས་ལངས་བཞེངས་གནང་བ་མ་ཟད། ཕར་ཕྱིན་དང་དབུ་མ་རབ་འབྱམས་པའི་ཨང་རིམ་དང་པོའི་དང་པོ་སོན་པའི་ཕྱག་ཁྱེར་བཞེས། གདན་ས་གསུམ་ཚོགས་པའི་དབུས་སུ་འཇང་དགུན་ཆོས་ཆེན་མོའི་མཚན་ཕུད་དམ་བཅའ་བཞུགས།
ཕྱི་ལོ་ ༢༠༠༤ ལོ་ནས་བཟུང་དེང་དུས་ཚན་རིག་སློབ་སྦྱོང་བྱེད་མགོ་བཙུགས་ཏེ། ཕྱི་ལོ་ ༢༠༡༠ ནས་ལོ་གསུམ་རིང་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་ནས་དེང་དུས་ནུབ་ཕྱོགས་ཚན་རིག་ཐོག་ཆེད་དུ་སློབ་གཉེར་གནང་།
ཕྱི་ལོ་ ༢༠༡༣ ནས་ལོ་ངོ་དྲུག་གི་རིང་དགེ་ལུགས་རྒྱུགས་སྤྲོད་དུ་ཞུགས་ཏེ་ལོ་ལྟར་ཨང་རིམ་དང་པོའི་དང་པོ་ཤ་སྟག་ཀྱི་མཚན་གནས་བླངས་ཏེ། རི་བོ་དགེ་ལྡན་པའི་ལྷ་རམས་པ་ཨང་དང་པོའི་མཚན་གནས་ཕུལ་བྱུང་གཟེངས་བསྟོད་ཀྱི་ཕྱག་ཁྱེར་ཡང་ཐོབ།
དེང་གི་ཆར་སེར་མཁས་སྙན་གྲྭ་ཚང་གི་དེང་དུས་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་དང་འབྲེལ་ལས་ཁུར་གནང་བཞིན་པ་བཅས་ཡིན།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༣༠ ལ།

དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Mar ཚེས། 30 རེས་གཟའ། Sat

ཁྲིད་གཞུང་། མཛོད་གནས་དང་པོ་ནས་བརྒྱད་པའི་བར། [ག]

དྲ་འཇུག་པ།

བརྗོད་བྱ། དམ་པའི་ཆོས་འདུལ་བའི་སྐོར།
འཁྲིད་མཁན།
བློ་གླིང་མཁན་ཟུར་རྗེ་བཙུན་བློ་བཟང་ཉི་མ།
རིག་མཛོད་སྒྲ་སྤྱིའི་ཨང་།
SJRA-0762
སྒྲའི་རྣམ་པ།
MP3 གྲངས་ཀ 203 ལྗིད་ཚད། 4.83GB
སྒྲ་སྒྲིག་བཟོ་བ།
ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་ ༣ ཚེས་ ༣༠ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
འབྲས་བློ་གླིང་མཁན་ཟུར་རྗེ་བཙུན་བློ་བཟང་ཉི་མ་མཆོག་ནི། ཕྱི་ལོ་༡༩༢༤ལོར་མདོ་ཁམས་དཀར་མཛེས་ཏྲེ་ཤོད་དུ་ཡབ་བསོད་ནམས་རྒྱ་མཚོ་དང༌། ཡུམ་སྐལ་བཟང་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་པར་དཀར་མཛེས་བཤད་སྒྲུབ་ནོར་བུའི་གླིང་དུ་ཞུགས། འཁྲུངས་གསར་སྐུ་ཕྲེང་གསུམ་པ་བློ་བཟང་དཔལ་ལྡན་ངག་གི་དབང་ཕྱུག་ལས་དགེ་ཚུལ་གྱི་བསླབ་སྡོམ་ཞུས།
དགུང་ལོ་བཅོ་བརྒྱད་པར་མཁས་མང་བློ་གསལ་གླིང་དུ་ཆོས་ཞུགས་ནས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་། དགུང་ལོ་ཉེར་གཅིག་པར་སེར་བྱེས་གཙང་པ་ཁྲི་ཟུར་ལྷུན་འགྲུབ་བརྩོན་འགྲུས་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དུས་འགྱུར་བྱུང་རྗེས་སྦག་སར་སློབ་གཉེར་འཕྲོ་མཐུད་ནས་དགུང་ལོ་ཞེ་ལྔ་པར་སྦག་ས་མཁས་མང་འདུས་པའི་དབུས་སུ་ལྷ་རམས་པའི་མཚན་གནས་བཞེས། མ་སུ་རིར་གཙུག་ལག་སློབ་གྲྭའི་དགེ་འོས་ཟབ་སྦྱོང་གནང་ནས་སྦག་སར་ཆོས་རིག་འཛིན་སྐྱོང་སློབ་གྲྭར་དབུ་མའི་ཟབ་ཁྲིད་གནང་། དེ་ནས་ཝཱ་ར་ཎ་སཱིར་ཕེབས་ཏེ་ལོ་གསུམ་རིང་ཆེས་མཐོའི་སློབ་གཉེར་ཁང་དུ་ཟབ་སྦྱོང་གནང་ནས་ཨཱ་ཙཱརྱའི་མཚན་གནས་བཞེས།
ཕྱི་ལོ་༡༩༧༨ལོར་༸གོང་ས་སྐྱབས་མགོན་ཆེན་པོས་ཕྱག་རྟགས་ཕེབས་དོན་བཞིན་ལོ་བདུན་རིང་ལ་མཁས་མང་བློ་གསལ་གླིང་གི་མཁན་ཁྲི་བསྐྱངས། ཕྱི་ལོ་༡༩༩༣ལོར་༸གོང་ས་བཅུ་བཞི་པ་ཆེན་པོས་ཕྱག་རྟགས་གནང་དོན་བཞིན་རྭ་སྟོད་གྲྭ་ཚང་གི་མཁན་པོའི་མཛད་ཁུར་བསྐྱངས། རང་ཤག་ཏུ་བསྡུས་གྲྭ་ནས་འདུལ་མཛོད་བར་ཉིན་རེར་དཔེ་ཁྲིད་ཐེངས་ལྔ་དྲུག་ཙམ་རྒྱུན་དུ་ཆག་མེད་གནང༌། དགེ་བཤེས་རྒན་གྲས་རྣམས་ལ་སྔགས་རིམ་ཆེན་མོ་སོགས་དཔེ་ཁྲིད་རྒྱུན་བསྐྱངས་ནས་གདན་སར་བཞུགས།
གསུང་གི་ལེགས་བཤད་ཀྱང་། མཁས་པའི་དབང་ཕྱུག་ཤག་སྐོར་མཁན་རིན་པོ་ཆེ་ལ་ཕུལ་བའི་གཞུང་ཆེན་ཁག་གི་དཀའ་གནད་དྭོགས་སློང་གི་དྲི་བ། ཕར་ཕྱིན་དང་དབུ་མ། དྲང་ངེས་སེམས་ཙམ་པའི་སྐོར། གཞི་གསུམ་གྱི་རྣམ་གཞག་ཐུབ་དབང་ཞལ་ལུང་། དབུ་མ་དགོངས་པ་རབ་གསལ་བདག་འགོག འདུལ་སྡོམ་མཚོ་ཊིཀ རིན་ཊིཀ མདོ་རྩ། མདོ་རྒྱ་ཆེར་འགྲེལ་བཅས་སྦྲགས་ནས་གསུངས་པ་ཆ་ཚང་། པཎ་ཆེན་རིན་པོ་ཆེའི་མཛོད་ཤེས་བྱ་རབ་གསལ། མཆིམས་མཛོད། མཛོད་ཊིཀ་ཐར་ལམ་གསལ་བྱེད། གསང་སྔགས་བཅས་ཀྱི་དཔེ་ཁྲིད་སྒྲ་ཐག་སོགས་ཡོད་ཅིང༌།
གསུང་ལས་སྐྱེས་པའི་སློབ་མ་ཡང༌། ཤར་པ་ཆོས་རྗེ་ཚུལ་ཁང་བློ་བཟང་རྡོ་རྗེ། རྒྱུད་སྨད་མཁན་ཟུར་མཐུ་སྟོབས་མགོན་པོ་སོགས་སྦག་སའི་གནས་བརྟན་བགྲེས་པ་ཕལ་ཆེར་བ་རྣམས་དང་ད་ལྟའི་དགེ་བཤེས་རྒན་གྲས་ཕལ་ཆེ་བ་རྗེ་འདིའི་སློབ་མར་མ་གྱུར་པ་མེད་པ་དང་འདྲའོ། །
མཐར་ཕྱི་ལོ་ ༢༠༠༦ ཟླ ༨ ཚེས་ ༢༥ ཉིན་དགོངས་པ་གཞན་དོན་དུ་གཤེགས་ནས་ཉིན་ཞག་བཅུ་གཅིག་བར་ཐུགས་དམ་ལ་བཞུགས།

ཁྲིད་མཚམས་ཀྱི་དཀར་ཆག

1.མཛོད་གནས་དང་པོ། དུམ་བུ། ༠༠༡ནས། དུམ་བུ། ༠༡༩བར།
2.མཛོད་གནས་གཉིས་པ། དུམ་བུ། ༠༢༠ནས། དུམ་བུ། ༠༥༠བར།
3. མཛོད་གནས་གསུམ་པ།དུམ་བུ། ༠༥༡ནས། དུམ་བུ། ༠༦༦བར།
4. མཛོད་གནས་བཞི་པ། དུམ་བུ། ༠༦༧ནས། དུམ་བུ། ༡༠༤བར།
5. མཛོད་གནས་ལྔ་པ། དུམ་བུ། ༡༠༥ནས། དུམ་བུ། ༡༤༨བར།
6. མཛོད་གནས་དྲུག་པ། དུམ་བུ། ༡༤༩ནས། དུམ་བུ། ༡༦༩བར།
7. མཛོད་གནས་བདུན་པ། དུམ་བུ། ༡༧༠ནས། དུམ་བུ། ༡༩༡བར།
8. མཛོད་གནས་བརྒྱད་པ། དུམ་བུ། ༡༩༢ནས། དུམ་བུ། ༢༠༣བར།

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Mar ཚེས། 29 རེས་གཟའ། Tue

ཕྱག་མཛོད་སྐབས་སོ་སོའི་རིག་མཛོད་ཆེན་མོ་ལས་བྱེད།

དྲ་འཇུག་པ།
སེར་བྱེས་རིག་མཛོད་ཆེན་མོ་གསར་འཛུགས་བྱས་པ་ནས་བཟུང་ཕྱག་མཛོད་སྐབས་སོ་སོའི་རིག་མཛོད་ལས་བྱེད་རྣམས་དང་ལས་ཡུན།
སྐབས་གང་ཡིན།ཕྱག་མཛོད་ཀྱི་མཚན་གནས་དང་། མཚན་གཞུང་།ལས་ཡུན།ཕྱག་མཛོད་སོ་སོའི་སྐབས་ཀྱི་རིག་མཛོད་ཆེན་མོའི་ལས་བྱེད།

སྐབས་ཉི་ཤུ་པ།
ཕྱག་མཛོད་ཆེན་མོ།    དགེ་བཤེས་ཐུབ་བསྟན་སྨོན་ལམ།
       ཕྱག་མཛོད།    དགེ་བཤེས་བློ་བཟང་ལྷུན་གྲུབ།
       ཕྱག་མཛོད།    དགེ་བཤེས་བློ་བཟང་སྒྲ་དབྱངས།
       ཕྱག་མཛོད།    དགེ་བཤེས་ཟླ་བ་བཟང་པོ།

༢༠༠༥ - ༢༠༡༥

འགན་འཛིན། བསམ། དགེ་བཤེས་བྱ་གཞུང་ཀླུ་སྒྲུབ་པ། 2014-
       རྩོམ་སྒྲིག་པ། བྱ། དགེ་བཤེས་དམ་ཆོས་འོད་ཟེར། 2014-
       རྩོམ་སྒྲིག་པ། བསམ། དགེ་བཤེས་བློ་བཟང་བསྟན་པ། 2014-
       རྩོམ་སྒྲིག་པ། ལྷོ། དགེ་བཤེས་སྐལ་བཟང་ཐར་འདོད། 2014-
       རྩོམ་སྒྲིག་པ། བྱ། གྲོལ་སྡེ་རྒྱ་མཚོ། 2014-
       རྩོམ་སྒྲིག་པ། མངའ། ཐུབ་བསྟན་ཚེ་རིང་། 2014-


སྐབས་ཉེར་གཅིག་པ།
ཕྱག་མཛོད་ཆེན་མོ།    དགེ་བཤེས་ཐུབ་བསྟན་དབང་ཕྱུག
       ཕྱག་མཛོད།    དགེ་བཤེས་བསོད་ནམས་ཡར་འཕེལ།
       ཕྱག་མཛོད།    དགེ་བཤེས་བློ་བཟང་བསྟན་པ།
       ཕྱག་མཛོད།    དགེ་བཤེས་བྱམས་པ་བདེ་ལེགས།

༢༠༡༥ - ༢༠༡༩
འགན་འཛིན། བསམ། དགེ་བཤེས་བྱ་གཞུང་ཀླུ་སྒྲུབ་པ། 2014-
       རྩོམ་སྒྲིག་པ། ལྷོ། དགེ་བཤེས་སྐལ་བཟང་ཐར་འདོད། 2014-
       རྩོམ་སྒྲིག་ཟུར་པ། བྱ། དགེ་བཤེས་དམ་ཆོས་འོད་ཟེར། 2014-2018
       རྩོམ་སྒྲིག་ཟུར་པ། བསམ། དགེ་བཤེས་བློ་བཟང་བསྟན་པ། 2014-2018
       རྩོམ་སྒྲིག་པ། 
བྱ། གྲོལ་སྡེ་རྒྱ་མཚོ། 2014-
       རྩོམ་སྒྲིག་པ། མངའ། ཐུབ་བསྟན་ཚེ་རིང་། 2014-
       རྩོམ་སྒྲིག་ཟུར་པ། བྱ། བདེན་དོན་རྒྱ་མཚོ།  2015-2019
       རྩོམ་སྒྲིག་ཟུར་པ། ལྷོ། བྱམས་པ་ཚུལ་ཁྲིམས། 2015-2016
       རྩོམ་སྒྲིག་ཟུར་པ། ཚ། དགེ་བཤེས་བློ་བཟང་རྣམ་དག 2017-2019
       རྩོམ་སྒྲིག་ཟུར་པ། བྱ། དགེ་བཤེས་བློ་བཟང་སྙན་གྲགས། 2017-2019
       རྩོམ་སྒྲིག་པ། གཙང་། བློ་བཟང་བརྩོན་འགྲུས། 2018-
       རྩོམ་སྒྲིག་པ། ལྡན། ཐུབ་བསྟན་རབ་ཡངས། 2018- 

སྐབས་ཉེར་གཉིས་པ།
ཕྱག་མཛོད་ཆེན་མོ།    དགེ་བཤེས་ངག་དབང་བཟང་པོ།
       ཕྱག་མཛོད།    དགེ་བཤེས་བློ་བཟང་སྒྲ་དབྱངས།
       ཕྱག་མཛོད།     དགེ་བཤེས་ཤེས་རབ་རྒྱ་མཚོ།
       ཕྱག་མཛོད།     དགེ་བཤེས་བློ་བཟང་བཀྲ་ཤིས།

༢༠༡༩-༢༠༢༢
འགན་འཛིན་ཟུར་པ། བསམ། དགེ་བཤེས་བྱ་གཞུང་ཀླུ་སྒྲུབ་པ། 2014-2020
འགན་འཛིན། ལྷོ། དགེ་བཤེས་སྐལ་བཟང་ཐར་འདོད། 2014-
       རྩོམ་སྒྲིག་པ། བྱ། དགེ་བཤེས་དམ་ཆོས་འོད་ཟེར། 2019-
       རྩོམ་སྒྲིག་པ། 
བྱ། གྲོལ་སྡེ་རྒྱ་མཚོ། 2014-
       རྩོམ་སྒྲིག་པ། མངའ། ཐུབ་བསྟན་ཚེ་རིང་། 2014-
       རྩོམ་སྒྲིག་པ། བྱ། བདེན་དོན་རྒྱ་མཚོ།  2019-
       རྩོམ་སྒྲིག་པ། གཙང་། བློ་བཟང་བརྩོན་འགྲུས། 2018-
       རྩོམ་སྒྲིག་ཟུར་པ། ལྡན། ཐུབ་བསྟན་རབ་ཡངས། 2018-2019
       རྩོམ་སྒྲིག་པ། མངའ། བློ་བཟང་ཆོས་རྒྱལ། 2019-
       རྩོམ་སྒྲིག་པ། བྱ། བསྟན་པ་ཆོས་དར། 2022-

སྐབས་ཉེར་གསུམ་པ།
ཕྱག་མཛོད་ཆེན་མོ།    དགེ་བཤེས་ངག་དབང་བྱང་ཆུབ།
       ཕྱག་མཛོད།    དགེ་བཤེས་པ་སངས་ཟླ་བ།
       ཕྱག་མཛོད།     དགེ་བཤེས་ངག་དབང་བརྩོན་འགྲུས།
       ཕྱག་མཛོད།     དགེ་བཤེས་ངག་དབང་རིག་གྲོལ།

༢༠༢༢།༠༤།༠༡ -

འགན་འཛིན། ལྷོ། དགེ་བཤེས་སྐལ་བཟང་ཐར་འདོད། 2014-
       རྩོམ་སྒྲིག་ཟུར་པ། བྱ། དགེ་བཤེས་དམ་ཆོས་འོད་ཟེར། 2019-2023
       རྩོམ་སྒྲིག་པ། 
བྱ། གྲོལ་སྡེ་རྒྱ་མཚོ། 2014-
       རྩོམ་སྒྲིག་པ། མངའ། ཐུབ་བསྟན་ཚེ་རིང་། 2014-
       རྩོམ་སྒྲིག་པ། བྱ། བདེན་དོན་རྒྱ་མཚོ། 2019- 
       རྩོམ་སྒྲིག་ཟུར་པ། གཙང་། དགེ་བཤེས་བློ་བཟང་བརྩོན་འགྲུས། 2018-2024
       རྩོམ་སྒྲིག་ཟུར་པ། མངའ། བློ་བཟང་ཆོས་རྒྱལ། 2019-2024
       རྩོམ་སྒྲིག་པ། བྱ། བསྟན་པ་ཆོས་དར། 2022-
       རྩོམ་སྒྲིག་པ། ཏྲེ། བློ་བཟང་མཐུ་སྟོབས། 2024-
       རྩོམ་སྒྲིག་པ། ཏྲེ། བསྟན་འཛིན་རྡོ་རྗེ། 2024-
        རྩོམ་སྒྲིག་པ། བྱ། འཇམ་དབྱངས་འོད་དཔལ། 2024-

དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Mar ཚེས། 29 རེས་གཟའ། Fri

རྒྱུད་བླ་མའི་མཆན་འགྲེལ།

དྲ་འཇུག་པ།

sjrb-0436མཛད་པ་པོ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ།
བརྗོད་བྱ།
རྡོ་རྗེའི་གནས་བདུན་སོགས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0436
ཡིག་ཆའི་རྣམ་པ།
PDF
མ་ཕྱིའི་པར་རྩ།
འཇམ་དབྱངས་དྷཱི་ཡིག་སེར་པོའི་དཔེ་སྐྲུན་ཁང་གི་དེབ།
ཤོག་གྲངས།
167 ལྗིད་ཚད། 1.7MB
རྩོམ་སྒྲིག་ཁང་།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདི་ནི། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་ཞེས་བྱ་བ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པ་ཡིན་ལ། འདིའི་བརྗོད་བྱ་ནི། རྒྱུད་བླ་མ་རང་ལས། སངས་རྒྱས་ཆོས་ཚོགས་ཁམས་དང་བྱང་ཆུབ་དང་། །ཡོན་ཏན་སངས་རྒྱས་ཕྲིན་ལས་ཐ་མ་སྟེ། །བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ །ཞེས་གསུངས་པ་ལྟར་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཁམས་དང་། བྱང་ཆུབ་དང་། ཡོན་ཏན་དང་། ཕྲིན་ལས་ཏེ་རྡོརྗེའི་གནས་བདུན་པོ་དེ་དག་རྩལ་དུ་བཏོན་ནས་འཆད་པ་ཡིན་ནོ།།

དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Mar ཚེས། 24 རེས་གཟའ། Sun

སྒོམ་རིམ་གསུམ་གྱི་རོང་འགྲེལ།

དྲ་འཇུག་པ།

sjrb-0435མཛད་པ་པོ། རོང་སྟོན་ཤཱཀྱ་རྒྱལ་མཚན།
བརྗོད་བྱ།
བྱང་ཆུབ་ཀྱི་ལམ་སྒོམ་པའི་རིམ་པ།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0435
ཡིག་ཆའི་རྣམ་པ།
PDF
མ་ཕྱིའི་པར་རྩ།
ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་གི་དཔེ་རིང་།
ཤོག་གྲངས།
358 ལྗིད་ཚད། 2.6MB
རྩོམ་སྒྲིག་ཁང་།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདི་ནི། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་གསུམ་གྱི་འགྲེལ་པ་བོད་ཀྱི་མཁས་པ་རོང་སྟོན་ཤེས་བྱ་ཀུན་རིག་གིས་མཛད་པ་ལགས་སོ།།

དྲ་ཐོག་འཇུག་དུས། 2024 ལོའི་ཟླ་བ། Mar ཚེས། 21 རེས་གཟའ། Thu

སྡེ་བདུན་རབ་གསལ།

དྲ་འཇུག་པ།

sjrb-0434མཛད་པ་པོ། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམ་སེངྒེ།
བརྗོད་བྱ།
ཚད་མ་རིགས་གཏེར་གྱི་སྙིང་དོན།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0434
ཡིག་ཆའི་རྣམ་པ།
PDF མ་ཕྱིའི་པར་རྩ། རྫོང་སར་བཤད་གྲྭའི་དཔེ་རིང་།
ཤོག་གྲངས།
657 ལྗིད་ཚད། 3.9
རྩོམ་སྒྲིག་ཁང་།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདི་རུ། བོད་གངས་ཅན་གྱི་མཁས་པའི་ཁྱུ་མཆོག་ཆོས་རྗེ་ས་སྐྱ་པཎྜི་ཏས་ཕྱོགས་གླང་ཡབ་སྲས་ཀྱིས་མཛད་པའི་སྡེ་བདུན་མདོ་དང་བཅས་པའི་དགོངས་དོན་ཕྱོགས་གཅིག་ཏུ་བསྡུས་ཏེ་རབ་ཏུ་བྱེད་པ་བཅུ་གཅིག་གིས་འགྲེལ་པ། ཚད་མ་རིགས་པའི་གཏེར་གྱི་སྙིང་པོའི་དོན་རྣམས་ས་བཅད་ཆེན་པོ་གསུམ་གྱི་སྒོ་ནས་འཆད་ཅིང་། སྔ་རབས་པའི་འདོད་པ་ཁག་ཅིག་ལེགས་པར་བཀག་ཅིང་། རང་ལུགས་འཁྲུལ་བ་མེད་པ་རྒྱས་ཤིང་གསལ་པོར་བསྟན་པའི་གཞུང་། ཚད་མ་རིགས་པའི་གཏེར་གྱི་དཀའ་བའི་གནས་རྣམ་པར་བཤད་པ་སྡེ་བདུན་རབ་གསལ་ཞེས་བྱ་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་མཛད་པ་བཞུགས་སོ། །

PDF       ཕབ་ལེན།
ངོ་ཤོག 8 ནས་ 116