དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། Mar ཚེས། 30 རེས་གཟའ། Sat

ཁྲིད་ཚན། ལྟ་བའི་སྐོར་བཤད་པ།

དྲ་འཇུག་པ།
ཚད་གཞི།
(2 འོས་འཕེན།)

སྒྲ་ཨང་། KADC2050320
མཁས་པ་གཞན། [འཆད་ཁྲིད་གཞན།]  སྤྱིའི་ཨང་། ༤༤༨
རྣམ་པ། MP3 རྣམ་གྲངས། 33 ཆེ་ཆུང་། 480.4 MB
ཁྲིད་ཚན། ལྟ་བའི་སྐོར་བཤད་པ།
འཁྲིད་མཁན། ཐུབ་བསྟན་སྦྱིན་པ།
སྒྲ་སྒྲིག་སྦྱོར་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་ ༠༣།༠༨ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་སུམ་ཅུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ལྷ་རམས་པ་ཐུབ་བསྟན་སྦྱིན་པ་མཆོག་ནི། ༡༩༥༨ལོར་འཁྲུངས་ཤིང་། ཆུང་དུས་རྒྱ་གར་སིམ་ལར་བོད་རིགས་གཏན་འཇགས་སློབ་གྲྭར་ཕྱིན། དགུང་ལོ་བཅུ་གཅིག་གི་སྐབས་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་ཆོས་ཞུགས་བྱས། ཞོར་དུ་སུམ་རྟགས་སོགས་ཀྱང་སྦྱངས། དགུང་ལོ་བཅུ་དགུ་ནས་སུམ་ཅུའི་བར་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་གཞུང་ཆེན་ལ་སློབ་གཉེར་དང་། ༡༩༨༩ལོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་འཇོག་གནང་། སློབ་གཉེར་གྱི་སྐབས་ནས་དོན་གཉེར་ཅན་དག་ལ་དབུ་ཕར་སོགས་ཀྱི་དཔེ་ཁྲིད་གནང་། ༡༩༨༥ ལོ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབྱིན་སྐད་གསུང་སྒྱུར་དང་། ༡༩༨༩ལོ་ནས་དབྱིན་ཇིའི་མཐོ་སློབ་(Cambridge University )ཞེས་པར་ནུབ་ཕྱོགས་པའི་ལྟ་གྲུབ་སྦྱངས། ༡༩༩༩ལོ་ནས་བོད་ཀྱི་གཙུག་ལག་གཅེས་བཏུས་ཞུ་སྒྲིག་སོགས་ཀྱི་ལས་དོན་འགན་འཛིན་དང་། ཁ་ན་ཌའི་མཐོ་སློབ་(McGill University)ཞེས་པར་བོད་ཀྱི་རིག་གནས་དང་རྒྱ་གར་ནང་པའི་ལྟ་གྲུབ་སྐོར་ལ་དམིགས་བསལ་སློབ་སྟོན་པ་སོགས་གནང་མུར་གནས། བརྩམས་ཆོས་ལ། ཆོས་ཀྱི་སྣང་གསར་པ་སོགས་ཡོད།

ཤོག་ངོས་འདི་ལ་ཐེངས་ 1058 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2019 ལོའི་ཟླ་བ། Aug ཚེས། 30 རེས་གཟའ། Fri
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

༸གོང་ས་མཆོག་གི་སྒྲ་མཛོད།