དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། Apr ཚེས། 03 རེས་གཟའ། Wed

ཁྲིད་གཞུང་། དབལ་མང་སྔགས་ཀྱི་སྤྱི་དོན།

དྲ་འཇུག་པ།
ཚད་གཞི།
(2 འོས་འཕེན།)

སྒྲ་ཨང་།  KADSG3333376
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༥༠༤
རྣམ་པ། MP3 རྣམ་གྲངས། 22 ཆེ་ཆུང་། 922.2 MB
ཁྲིད་གཞུང་།
རྒྱུད་སྡེ་བཞིའི་སྤྱི་དོན་སྔགས་ལ་འཇུག་པའི་སྒོ།
མཛད་པ་པོ། དབལ་མང་དཀོན་མཆོག་རྒྱལ་མཚན།[༡༧༦༤-༡༨༥༣]
འཁྲིད་མཁན། དགེ་བའི་བཤེས་གཉེན་འབོ་རའི་ཡོན་ཏན།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་ ༠༤།༣༠ ལ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་ལྔ་པའི་ཚེས་བཅུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འབྲས་སྒོ་མང་དགེ་བཤེས་འབོ་ར་ཡོན་ཏན་མཆོག་ནི། བོད་འབོ་རའི་ཡུལ་དུ་སྐུ་འཁྲུངས་ཤིང་བླ་བྲང་བཀྲ་འཁྱིལ་དང་འབྲས་སྒོ་མང་གཉིས་སུ་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་ཐུགས་གཉེར་གནང་ཞིང་། བྱེས་སུ་གྲྭ་སྐོར་ལྷ་རམས་པའི་དམ་བཅའ་བཞག་ཡོད་པ་དང་། རྒྱུན་དུ་ཕྱི་ནང་གི་དོན་གཉེར་ཅན་མང་པོར་ལུང་ཆོས་མན་ངག་དང་། གདན་ས་ཁག་ཏུ་སློབ་གཉེར་བ་རྣམས་ལ་གཞུང་ཆེན་བཀའ་པོད་ལྔ་སྔགས་དང་བཅས་པའི་བཀའ་ཁྲིད་རྒྱུན་ཆད་མེད་པར་གནང་བཞིན་བཞུགས་པ་ལགས་སོ། །[རྩོམ་སྒྲིག་པས་ཤེས་པ་རྣམ་ཐར་གྱི་ས་བོན་འདི་ཙམ་ལས་མ་བྱུང་བས་རྗེས་སོར་འཚོལ་སྡུད་དང་བསྒྱར་སྒྲིག་བྱེད་རྒྱུ་ཡིན།]

ཤོག་ངོས་འདི་ལ་ཐེངས་ 1081 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2019 ལོའི་ཟླ་བ། Aug ཚེས། 12 རེས་གཟའ། Mon
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

༸གོང་ས་མཆོག་གི་སྒྲ་མཛོད།