- མདུན་ངོས།
- གསང་སྔགས།
- སྔགས་ཀྱི་ས་ལམ།
- ཁྲིད་གཞུང་། སྔགས་ཀྱི་ས་ལམ་སྐལ་བཟང་འཇུག་ངོགས། [ང]
ཁྲིད་གཞུང་། སྔགས་ཀྱི་ས་ལམ་སྐལ་བཟང་འཇུག་ངོགས། [ང]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADSN3333214
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༣༣༣
རྣམ་པ། MP3 རྣམ་གྲངས། 80 ཆེ་ཆུང་། 553.4 MB
ཁྲིད་གཞུང་། སྔགས་ཀྱི་ས་ལམ་སྐལ་བཟང་འཇུག་ངོགས།
མཛད་པ་པོ། དབྱངས་ཅན་དགའ་བའི་བློ་གྲོས། [༡༧༥༩-༡༨༢༣]
བརྗོད་བྱ། གསང་སྔགས་ཀྱི་ས་ལམ་བགྲོད་ཚུལ་གྱི་རིམ་པ།
འཁྲིད་མཁན། དགེ་བའི་བཤེས་གཉེན་བྱམས་པ་ཆོས་གྲགས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༡༠།༡༢ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་ལྔ་པའི་ཚེས་སུམ་ཅུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དགའ་ལྡན་བྱང་རྩེའི་དགེ་བའི་བཤེས་གཉེན་རྒན་བྱམས་པ་ཆོས་གྲགས་ནི། བོད་དུ་འཁྲུངས་ཤིང་། དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་སློབ་གཉེར་དང་། འཕགས་ཡུལ་དུ་ཕེབས་ཤིང་། གཙོ་ཆེར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་བཞུགས་ཏེ་གྲྭ་ཚང་གི་སློབ་གཉེར་བ་རྣམས་དང་གདན་ས་ཁག་ནས་ཕེབས་པའི་དགེ་བཤེས་རྣམས་ལ་སྔགས་ཀྱི་དཔེ་ཁྲིད་གནང་སྟེ་བཞུགས་པ་ཡིན། [རྩོམ་སྒྲིག་པའི་ལག་ཏུ་རྣམ་ཐར་མ་རག་པས་གང་ཤེས་འདི་ཙམ་ལས་འབྲི་ཐབས་མ་བྱུང་ཡང་རྗེས་སུ་ཁ་གསབ་བྱེད་ངེས།]
1. ཁྲིད་གཞུང་། སྔགས་ཀྱི་ས་ལམ་སྐལ་བཟང་འཇུག་ངོགས། |
རིག་མཛོད་རྩོམ་སྒྲིག་པ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com