- མདུན་ངོས།
- གསང་སྔགས།
གསང་སྔགས། (83)
ཁྲིད་གཞུང་། དབལ་མང་སྔགས་ཀྱི་སྤྱི་དོན།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADSG3333376
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༥༠༤
རྣམ་པ། MP3 རྣམ་གྲངས། 22 ཆེ་ཆུང་། 922.2 MB
ཁྲིད་གཞུང་། རྒྱུད་སྡེ་བཞིའི་སྤྱི་དོན་སྔགས་ལ་འཇུག་པའི་སྒོ།
མཛད་པ་པོ། དབལ་མང་དཀོན་མཆོག་རྒྱལ་མཚན།[༡༧༦༤-༡༨༥༣]
འཁྲིད་མཁན། དགེ་བའི་བཤེས་གཉེན་འབོ་རའི་ཡོན་ཏན།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་ ༠༤།༣༠ ལ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་ལྔ་པའི་ཚེས་བཅུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འབྲས་སྒོ་མང་དགེ་བཤེས་འབོ་ར་ཡོན་ཏན་མཆོག་ནི། བོད་འབོ་རའི་ཡུལ་དུ་སྐུ་འཁྲུངས་ཤིང་བླ་བྲང་བཀྲ་འཁྱིལ་དང་འབྲས་སྒོ་མང་གཉིས་སུ་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་ཐུགས་གཉེར་གནང་ཞིང་། བྱེས་སུ་གྲྭ་སྐོར་ལྷ་རམས་པའི་དམ་བཅའ་བཞག་ཡོད་པ་དང་། རྒྱུན་དུ་ཕྱི་ནང་གི་དོན་གཉེར་ཅན་མང་པོར་ལུང་ཆོས་མན་ངག་དང་། གདན་ས་ཁག་ཏུ་སློབ་གཉེར་བ་རྣམས་ལ་གཞུང་ཆེན་བཀའ་པོད་ལྔ་སྔགས་དང་བཅས་པའི་བཀའ་ཁྲིད་རྒྱུན་ཆད་མེད་པར་གནང་བཞིན་བཞུགས་པ་ལགས་སོ། །[རྩོམ་སྒྲིག་པས་ཤེས་པ་རྣམ་ཐར་གྱི་ས་བོན་འདི་ཙམ་ལས་མ་བྱུང་བས་རྗེས་སོར་འཚོལ་སྡུད་དང་བསྒྱར་སྒྲིག་བྱེད་རྒྱུ་ཡིན།]
དེ་ལས་མང་བ།...
ཁྲིད་གཞུང་། རིམ་ལྔའི་མཐའ་དཔྱོད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADSR2030375
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༥༠༣
རྣམ་པ། MP3 རྣམ་གྲངས། 61 ཆེ་ཆུང་། 1.28 GB
ཁྲིད་གཞུང་། རིམ་ལྔའི་མཐའ་དཔྱོད་ལེགས་བཤད་རྒྱུ་སྐར་བདག་པོ།
མཛད་པ་པོ། སྦྲ་ཆེན་བློ་བཟང་ཕུན་ཚོགས། [དུས་རབས་བཅུ་དགུ་པ]
འཁྲིད་མཁན། ཁྲི་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་༠༥།༢༨ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་ལྔ་པའི་ཚེས་ཉེར་བཞི་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནི། ༡༩༣༥ ལོར་ལྷ་རྩེར་འཁྲུངས། དགུང་ལོ་བཅུའི་སྐབས་ཆོས་སྒོར་ཞུགས། དགུང་ལོ་བཅུ་དྲུག་གི་སྐབས་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་གསན་གཟིགས་དང་ཐུགས་གཉེར་གནང་། ༡༩༦༠ ལོར་བྱེས་སུ་ཕེབས་ཏེ་གཞུང་ཆེན་ལྷག་མ་རྣམས་དང་གསང་སྔགས་ཀྱི་གཞུང་ལ་ཐུགས་གཉེར་གནང་། ༡༩༧༨ ལོར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ཏེ། བླ་མ་དབུ་མཛད་དང་རྒྱུད་སྨད་ཀྱི་མཁན་ཁྲིར་ཕེབས། ༢༠༡༠ ལོར་བྱང་རྩེ་ཆོས་རྗེར་ཕེབས་ཤིང་། ༢༠༡༧ལོའི་ཟླ་༦ཚེས་༢༤ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་རིན་པོ་ཆེ་ཁྲི་ཐོག་བརྒྱ་དང་བཞི་པར་བསྐོ་བཞག་གི་བཀའ་ཡིག་སྩལ་གནང་མཛད་པ་དང་། ལོ་དེའི་ཕྱི་ཟླ་༨ཚེས་༤ཉིན་དགའ་ལྡན་གསེར་ཁྲི་རིན་པོ་ཆེར་མངའ་གསོལ་ཏེ་དགའ་ལྡན་ཁྲི་རིན་པོ་ཆེའི་མཛད་ཁུར་དངོས་སུ་བཞེས་ཤིང་། རྒྱུན་དུ་ཕྱི་ནང་གི་དོན་གཉེར་ཅན་མང་པོར་ལུང་ཆོས་མན་ངག་དང་། གདན་ས་ཁག་ཏུ་སློབ་གཉེར་པ་རྣམས་ལ་གཞུང་ཆེན་བཀའ་པོད་ལྔ་སྔགས་དང་བཅས་པའི་བཀའ་ཁྲིད་རྒྱུན་ཆད་མེད་པར་གནང་བཞིན་བཞུགས་པ་ལགས་སོ། །
1. ཁྲིད་གཞུང་། རིམ་ལྔའི་མཐའ་དཔྱོད། |
ཁྲིད་གཞུང་། སྔགས་ཀྱི་ས་ལམ་རྒྱུད་གཞུང་གསལ་བྱེད། [ག]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADSN3333377
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༥༠༥
རྣམ་པ། MP3 རྣམ་གྲངས། 25 ཆེ་ཆུང་། 1.07 GB
ཁྲིད་གཞུང་། སྔགས་ཀྱི་ས་ལམ་རྒྱུད་གཞུང་གསལ་བྱེད།
མཛད་པ་པོ། ཆོས་རྗེ་ངག་དབང་དཔལ་ལྡན། [༡༨༠༧-?]
བརྗོད་བྱ། གསང་སྔགས་ཀྱི་ས་ལམ་བགྲོད་ཚུལ་གྱི་རིམ་པ།
འཁྲིད་མཁན། དགེ་བའི་བཤེས་གཉེན་ཡེ་ཤེས་ཐབས་མཁས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་ ༠༥།༣༠ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དྲུག་པའི་ཚེས་དགུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འབྲས་བློ་གླིང་དགེ་བཤེས་ཡེ་ཤེས་ཐབས་མཁས་མཆོག་ནི། བོད་དུ་སྐུ་འཁྲུངས་ཤིང་འབྲས་བློ་གླིང་གྲྭ་ཚང་དུ་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་ཐུགས་གཉེར་གནང་ཞིང་། གྲྭ་སྐོར་དམ་བཅའ་བཞག་ཡོད་པ་དང་། གཙོ་ཆེར་ཝཱ་ར་ཎཱ་སིའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཕྱི་ནང་གི་དོན་གཉེར་ཅན་རྣམས་ལ་གཞུང་ཆེན་མོའི་བཀའ་ཁྲིད་གནང་བཞིན་བཞུགས་པ་ལགས་སོ། །[རྩོམ་སྒྲིག་པས་ཤེས་པ་རྣམ་ཐར་གྱི་ས་བོན་འདི་ཙམ་ལས་མ་བྱུང་བས་རྗེས་སོར་འཚོལ་སྡུད་དང་བསྐྱར་སྒྲིག་བྱེད་རྒྱུ་ཡིན།]
ཁྲིད་གཞུང་། རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་གྱི་ཁྲིད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADSR2010373
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༥༠༡
རྣམ་པ། MP3 རྣམ་གྲངས། 157 ཆེ་ཆུང་། 727.9 MB
ཁྲིད་གཞུང་། རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་ཀྱི་ཁྲིད།
མཛད་པ་པོ། ཐང་སག་པ་དངོས་གྲུབ་རྒྱ་མཚོ།
འཁྲིད་མཁན། འབྲས་ཁྲི་ཟུར་བསྟན་པ་བསྟན་འཛིན་མཆོག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་ ༠༥།༠༢ ལ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་ལྔ་པའི་ཚེས་བཅུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འབྲས་སྤུངས་ཁྲི་ཟུར་བསྟན་པ་བསྟན་འཛིན་མཆོག་ནི། ༡༩༡༧ ལོར་ཚ་བ་དཔའ་ཤོད་རེ་མཚོ་ཕྱུག་མོའི་འགྲམ་ཆུ་ཡག་མ་ཞེས་པའི་གྲོང་ཚོར་སྐུ་འཁྲུངས། དགུང་ལོ་ལྔ་ནས་ཡི་གེ་འབྲི་ཀློག་སྦྱངས། དགུང་གྲངས་བཅུ་གཉིས་ཐོག་དཔའ་ཤོད་དགོན་དུ་སྒྲིག་ཞུགས་མཛད། གུང་རུ་དགེ་བཤེས་བསྟན་པ་ཆོས་གྲགས་ལས་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ཏེ་འབྲས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་གཞུང་ཆེན་ཐུགས་གཉེར་མཛད། ཕར་ཕྱིན་དམ་བཅའ་གྲུབ་མཚམས་རང་དགོན་དུ་འཇིགས་བྱེད་ཀྱི་གཞི་བསྙེན་ཆེན་མོ་ལོ་གསུམ་ལ་བསྐྱངས་ཏེ། གྲྭ་སར་སློབ་གཉེར་གྱི་འཕྲོ་བསྐྱངས། ༡༩༥༩ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་ལྷ་རམས་ཀྱི་གྲྭ་སྐོར་དམ་འཇོག་གནང་སྟེ་རྒྱུད་སྨད་གྲྭ་ཚང་དུ་སྒྲིག་ཞུགས་མཛད། དུས་འགྱུར་གྱི་རྗེས་ཌ་ལ་ཧའོ་སེར་སྨད་རྒྱུད་གྲྭ་ཚང་དུ་སྔགས་ལོ་མང་སྦྱངས་ཤིང་དགེ་བསྐོས་སོགས་རིམ་གྱིས་གནང་། ༡༩༦༨ལོར་འབྲས་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་ཕེབས། ༡༩༨༥ལོར་འབྲས་སྤུངས་ཁྲི་པའི་མཛད་ཁུར་བཞེས།
ཁྲིད་གཞུང་། སྔགས་ཀྱི་ས་ལམ་སྐལ་བཟང་འཇུག་ངོགས། [ཏ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADSN2070363
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༤༩༡
རྣམ་པ། MP3 རྣམ་གྲངས། 9 ཆེ་ཆུང་། 181.6 MB
ཁྲིད་གཞུང་། སྔགས་ཀྱི་ས་ལམ་སྐལ་བཟང་འཇུག་ངོགས།
མཛད་པ་པོ། དབྱངས་ཅན་དགའ་བའི་བློ་གྲོས། [༡༧༥༩-༡༨༢༣]
བརྗོད་བྱ། གསང་སྔགས་ཀྱི་ས་ལམ་བགྲོད་ཚུལ་གྱི་རིམ་པ།
འཁྲིད་མཁན། དགེ་བཤེས་ཟླ་བ་ཚེ་རིང་།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་ ༠༥།༢༦ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དྲུག་པའི་ཚེས་དགུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འབྲས་བློ་གླིང་དགེ་བཤེས་ཟླ་བ་ཚེ་རིང་ནི། ཕྱི་ལོ་༡༩༧༣ ལོར་བོད་དཀར་མཛེས་ཀྱི་གྲོང་གསེབ་ཅིག་ཏུ་འཁྲུངས་ཤིང་། ཆུང་དུས་ནས་རབ་ཏུ་བྱུང་། རང་ལོ་༡༥པ་ཕྱི་ལོ་༡༩༨༨ ལོར་འཕགས་ཡུལ་དུ་འབྱོར་ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་དགེ་བའི་བཤེས་གཉེན་ཆེན་པོ་རྒན་དཔལ་ལྡན་གྲགས་པ་སོགས་ལ་གཏུགས་ཤིང་གཞུང་ཆེན་དཀའ་པོད་ལྔ་ལ་སློབ་གཉེར་གནང་སྟེ། དགེ་བཤེས་ལྷ་རམས་པ་ཨང་དང་པོའི་མཚན་གནས་དང་གྲྭ་སྐོར་དམ་འཇོག་མཛད། དེ་རྗེས་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་འགྲིམས་ཏེ་སྔགས་ལ་སློབ་གཉེར་གནང་བ་དང་་སྔགས་རམས་པ་ཨང་གཉིས་པའི་མཚན་གནས་བཞེས། སློབ་གཉེར་གྱི་སྐབས་ནས་སློབ་གཉེར་བ་རྣམས་ལ་གཞུང་ཆེན་ཁག་གི་དཔེ་ཁྲིད་གནང་ཞིང་། ལྷག་པར་དུ་སློབ་གཉེར་མཐར་ཕྱིན་པའི་རྗེས་སུ་གྲྭ་ས་རང་དུ་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཆག་མེད་གནང་བཞིན་པ་དང་། བརྩམས་ཆོས་པར་སྐྲུན་བྱས་ཚར་པ་པོད་དྲུག་ཡོད།
1. ཁྲིད་གཞུང་། སྔགས་ཀྱི་ས་ལམ་སྐལ་བཟང་འཇུག་ངོགས། |
ཁྲིད་གཞུང་། སྔགས་ཀྱི་ས་ལམ་རྒྱུད་གཞུང་གསལ་བྱེད། [ཀ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADSN2020201
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༣༢༠
རྣམ་པ། MP3 རྣམ་གྲངས། 81 ཆེ་ཆུང་། 1.79 MB
ཁྲིད་གཞུང་། སྔགས་ཀྱི་ས་ལམ་རྒྱུད་གཞུང་གསལ་བྱེད།
མཛད་པ་པོ། ཆོས་རྗེ་ངག་དབང་དཔལ་ལྡན། [༡༨༠༧-?]
བརྗོད་བྱ། གསང་སྔགས་ཀྱི་ས་ལམ་བགྲོད་ཚུལ་གྱི་རིམ་པ།
འཁྲིད་མཁན། རྒྱུད་སྨད་མཁན་ཟུར་རྡོ་རྗེ་བཀྲ་ཤིས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༡༡།༣༠ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དྲུག་པའི་ཚེས་དགུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྒྱུད་སྨད་མཁན་ཟུར་རྡོ་རྗེ་བཀྲ་ཤིས་མཆོག་ནི། ཕྱི་ལོ་༡༩༢༩ ལོར་དཀར་མཛེས་ཕྱོགས་སུ་འཁྲུངས། དགུང་ལོ་བདུན་གྱི་སྐབས་དཀར་མཛེས་དགོན་དུ་ཆོས་ཞུགས་གནང་། ༡༩༤༧ ལོར་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་གཞུང་ཆེན་སློབ་གཉེར་གནང་། དགུང་ལོ་ཉེར་ལྔའི་སྐབས་བྲག་རི་རྡོ་རྗེ་འཆང་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ༡༩༥༩ ལོར་འཕགས་ཡུལ་དུ་ཕེབས། དགུང་གྲངས་སོ་དགུའི་སྐབས་རིགས་རམས་དགེ་བཤེས་ཀྱི་མཚན་བཏགས་བཞེས། ཝཱ་ར་ཎ་སིའི་མཐོ་སློབ་ཏུ་ཕེབས་ཏེ་ ༡༩༧༩ ལོར་ཨ་ཙཱ་རྱ་ཨང་རིམ་དང་པོའི་ཕྱག་འཁྱེར་བཞེས། དགུང་གྲངས་ང་གཅིག་པར་རྒྱུད་སྨད་གྲྭ་ཚང་དུ་ཆོས་ཞུགས་གནང་། དེ་རྗེས་ལོ་གཉིས་ཀྱི་རིང་སེར་བྱེས་གྲྭ་ཚང་གི་དགེ་བསྐོས་ཀྱི་འགན་བཞེས། ༡༩༨༨ ལོར་རྒྱུད་སྨད་བླ་མ་དབུ་མཛད་དང་། ༡༩༩༠ ལོར་རྒྱུད་སྨད་ཀྱི་མཁན་ཁྲིར་ཕེབས། ༡༩༩༩ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།