- མདུན་ངོས།
- སྒྲ་གསར་ཤོས།
མཁས་པ་གཞན། (623)
ཁྲིད་གཞུང་། སྙན་འགྲེལ་དཎྜིའི་དགོངས་རྒྱན།[ང] ལེའུ་གཉིས་པ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADRN2010304
མཁས་པ་གཞན། [རིག་གནས།] སྤྱིའི་ཨང་། ༤༣༢
རྣམ་པ། MP3 རྣམ་གྲངས། 192 ཆེ་ཆུང་། 2.72 GB
ཁྲིད་གཞུང་། སྙན་འགྲེལ་དཎྜིའི་དགོངས་རྒྱན།
མཛད་པ་པོ། བོད་མཁས་པ་མི་ཕམ་རྣམ་རྒྱལ།[༡༦༡༨-]
ཁྲིད་མཚམས། ལེའུ་གཉིས་པ།
འཁྲིད་མཁན། བར་གཞིས་ཕུན་ཚོགས་དབང་རྒྱལ།
སྒྲ་སྒྲིག་སྦྱོར་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་ ༠༣།༣༠ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
བར་གཞིས་ཕུན་ཚོགས་དབང་རྒྱལ་མཆོག་ནི། ཕྱི་ལོ་༡༩༡༤ལོར་གཙང་གི་གྲོང་ཤར་ཞེས་པར་སྐུ་འཁྲུངས། སྲས་མ་འཁྲུངས་སྔོན་ནས་ས་སྐྱ་ཕུན་ཚོགས་ཕོ་བྲང་སྐུ་མདུན་ནས་སྲས་ཤིག་འཁྲུངས་པར་འགྱུར་བས་མིང་ལ་ཕུན་ཚོགས་དབང་རྒྱལ་ཐོགས་ཞེས་བཀའ་གནང་བ་ལྟར་མཚན་ལ་དེ་ལྟར་གསོལ། དགུང་ལོ་དགུ་ནས་ཡི་གེ་འབྲི་ཀློག་སོགས་འགོ་བཙུགས། བཀྲ་ཤིས་ལྷུན་པོར་ལོ་ལྔ་ཙམ་ལ་དག་ཡིག་ངག་སྒྲོན་སོགས་ཐུན་མོང་རིག་གནས་ཀྱི་སྐོར་དང་བློ་རྟགས་སོགས་གཞུང་གི་སྐོར་ལ་སློབ་གཉེར་གནང་། གཞན་ཨོ་རྒྱན་སྨིན་གྲོལ་གླིང་སོགས་སུའང་ཐ་སྙད་རིག་གནས་ཀྱི་སྐོར་སོགས་གསན་སྦྱོང་གནང་། ལྷ་སའི་གཟིམས་ཤག་ལ་བར་ཞིར་གྲགས་པས་བར་གཞིས་ཞེས་མཚན་དུ་འབོད། ལྷ་སར་སྨན་རྩིས་ཁང་དུ་སྨན་གྱི་སྐོར་ལའང་གསན་སྦྱོང་མཛད། དགུང་ལོ་སོ་གསུམ་ནས་ཞེ་ལྔའི་བར་སྨན་སྦྱིན་དང་རིག་གནས་འཆད་ཉན་སོགས་ཀྱིས་དུས་འདའ་བར་གནང་། དེ་ནས་འབྲས་ལྗོངས་སུ་སྐྱབས་བཅོལ་དུ་ཕེབས། དབེན་ཅན་སློབ་གྲྭ་སོགས་སུ་དགེ་རྒན་སོགས་གནང་། ༡༩༦༩ལོར་དྷ་ས་སྨན་རྩིས་ཁང་གི་སློབ་སྤྱིའི་ཐུགས་འགན་གནང་ཞིང་། སྨན་རྩིས་ཁང་སོགས་སུ་རིག་གནས་ཀྱི་སློབ་ཁྲིད་གནང་། ༡༩༨༣ལོར་སྐུ་གཤེགས། བརྩམས་ཆོས་ལ། སྤྱོད་འཇུག་གི་འགྲེལ་གསར་སོགས་ཡོད།
དེ་ལས་མང་བ།...
ཁྲིད་གཞུང་། སུམ་ཅུ་པའི་རྣམ་བཤད་གསལ་བའི་སྒྲོན་མེ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADRD2020397
མཁས་པ་གཞན། [རིག་གནས།] སྤྱིའི་ཨང་། ༤༩༧
ཁྲིརྣམ་པ། MP3 རྣམ་གྲངས། 28 ཆེ་ཆུང་། 387.8 MB
ཁྲིད་གཞུང་། སུམ་ཅུ་པའི་རྣམ་བཤད་གསལ་བའི་སྒྲོན་མེ།
མཛད་པ་པོ། ཉན་ཤུལ་མཁྱེན་རབ་འོད་གསལ། [༡༩༢༥-༡༩༩༨]
བརྗོད་བྱ། རྣམ་དབྱེ་དང་ཚིག་ཕྲད།
འཁྲིད་མཁན། བསྟན་བཅོས་མཛད་པ་པོ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་ ༠༣།༠༨ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་ནི། ཕྱི་ལོ་༡༩༢༥ལོར་མི་ཉག་རབ་སྒང་དུ་སྐུ་འཁྲུངས། དགུང་ལོ་ལྔའི་སྐབས་ནས་བོད་ཡིག་འབྲི་ཀློག་དང་། འདོན་རྟ་དབྱངས་སོགས་ལ་སྦྱངས། ཡུན་རིང་མ་འགོར་བར་མི་ཉག་དཔལ་རི་དགོན་པའི་ཁྲི་པ་འོད་གསལ་ཉི་མའི་སྤྲུལ་སྐུར་ངོས་འཛིན་མཛད། རྗེས་སུ་རྫོགས་ཆེན་ཤྲཱི་སིང་ཧའི་བཤད་གྲྭར་ཞུགས་ནས་གཞུང་ཆེན་བཅུ་གསུམ་དང་ཞོར་དུ་ཐ་སྙད་རིག་གནས་ལའང་ཐོས་བསམ་གནང་། ཀོང་སྤྲུལ་རིན་པོ་ཆེ་སོགས་ལས་དབང་ལུང་ཁྲིད་སོགས་གསན། དགུང་ལོ་ཉེར་གཉིས་པ་ཕྱི་ལོ་ ༡༩༤༦ ལོར་ལྷ་སར་གསར་དུ་བཙུགས་མ་ཐག་པའི་བོད་དམག་ཁུལ་ཁང་གི་ལས་བྱེད་སློབ་གྲྭའི་དགེ་རྒན་དུ་གདན་དྲངས་པ་ལྟར་སློབ་གྲྭ་དེ་དང་། ཟུར་བཙུགས་སྤྱི་ཚོགས་འཛིན་གྲྭ་སོགས་སུ་དགེ་རྒན་སོགས་གནང་སྟེ་ ༡༩༥༩ལོའི་བར་ལྷ་སར་བཞུགས། སྔ་རྗེས་སུ་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་བོད་ཀྱི་རིག་གནས་སོགས་སློབ་ཁྲིད་གནང་། ཕྱིས་བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གི་ལས་དོན་ལྷ་སར་ཚུགས་སྐབས་གཙོ་འགན་འཁུར་བའི་གྲས་སུ་ཞུགས་པ་དང༌། ༡༩༧༨ ལོར་ཁྲིན་ཏུའུ་རུ་བོད་རྒྱ་ཚིག་མཛོད་ཆེན་མོའི་ལས་དོན་ལེགས་འགྲུབ་མཇུག་སྐྱོང་བར་ཡང་ཞུགས། ༡༩༨༡ ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དབུ་འཛིན་གཞོན་པའི་འགན་སོགས་བཞེས། བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱིས་བཀའ་བསྟན་དཔེ་སྡུར་རྩོམ་སྒྲིག་གི་དཀའ་གནད་བཀའ་འདྲི་ཞུ་ཡུལ་གྱི་སློབ་དཔོན་དུ་གདན་ཞུ་མཛད། སྐུ་ཚེ་ཧྲིལ་པོར་བོད་ཀྱི་རིག་གཞུང་དར་སྤེལ་དང༌། སློབ་མ་མང་པོ་སྐྱེད་སྲིང་མཛད། ཕྱི་ལོ་༡༩༩༨ ལོའི་ཟླ་ ༧ ཚེས་ ༤ ཉིན་སྐུ་གཤེགས། རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ་སོགས་གསུང་རྩོམ་མཛད།
ཁྲིད་གཞུང་། བརྡ་སྤྲོད་བློ་གསལ་དགའ་སྟོན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADRD2010298
མཁས་པ་གཞན། [རིག་གནས།] སྤྱིའི་ཨང་། ༤༩༦
རྣམ་པ། MP3 རྣམ་གྲངས། 20 ཆེ་ཆུང་། 567 MB
ཁྲིད་གཞུང་། བརྡ་སྤྲོད་བློ་གསལ་དགའ་སྟོན།
མཛད་པ་པོ། དམུ་དགེ་བསམ་གཏན། [༡༩༡༤-༡༩༩༣]
བརྗོད་བྱ། བོད་ཀྱི་བརྡ་སྤྲོད་པའི་སྐོར།
འཁྲིད་མཁན། བསྟན་བཅོས་མཛད་པ་པོ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་ ༠༣།༣༠ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་དམུ་དགེ་བསམ་གཏན་མཆོག་ནི། དམུ་དགེའི་དགོན་འོག་སོག་པོ་རུ་ཞེས་པར་༡༩༡༤ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་ཐོག་རབ་ཏུ་བྱུང་སྟེ་དམུ་དགེ་དགོན་དུ་ཆོས་ཞུགས་བྱས། དགུང་ལོ་ཉི་ཤུའི་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་བྱས་ཏེ་གཞུང་ཆེན་ཐུགས་གཉེར་དང་རིག་གནས་ཀུན་ལ་སྦྱངས། ཁོང་གིས་རྡོ་རམས་པ་བཏང་ནས་ལོ་གཉིས་དང་ཟླ་བརྒྱད་སོང་བའི་མཚམས་ལ་བླ་བྲང་བརྒྱུད་དུ་རྒྱ་མིའི་བཙན་འཛུལ་སླེབས། དགུང་ལོ་སོ་བདུན་པར་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་མཉམ་དུ་པེ་ཅིན་དུ་ཕྱག་ལས་གནང་། ༡༩༥༡ ལོར་ང་ཕོད་སོགས་བོད་རྒྱལ་ཁབ་ཀྱི་འཐུས་མི་རྣམས་པེ་ཅིན་དུ་འབྱོར་ཏེ་གྲོས་མཐུན་དོན་ཚན་བཅུ་བདུན་པ་འཇོག་སྐབས་གྲོས་མཐུན་པར་ཞུས་ཀྱི་ལས་དོན་ནང་དུ་ཞུགས། ༡༩༥༩ལོར་པེ་ཅིན་དུ་[རྒྱ་བོད་ཤན་སྦྱར་ཚིག་མཛོད་]སོགས་བསྒྱུར་ཞུས་མཛད། ༡༩༦༦ལོར་རིག་གནས་གསར་བརྗེའི་སྐབས་ངལ་རྩོལ་དུ་ཞུགས་དགོས་བྱུང་། ༡༩༧༣ལོར་དཀར་འདོན་བྱས། ༡༩༦༥ལོར་ཁྲིན་ཏུའུ་རུ་ཕེབས་ཏེ་[བོད་རྒྱ་ཚིག་མཛོད་ཆེན་མོའི་]པར་གཞི་བཏིང་། ༡༩༨༠ལོའི་ཕྱི་ཟླ་དང་པོར་པེ་ཅིན་དུ་གྲངས་ཉུང་མི་རིགས་སྐད་ཡིག་ཚན་རིག་གྲོས་བསྡུར་ལ་ཞུགས་ཏེ་ཉིན་བཅུ་གཉིས་རིང་རྩོད་གླེང་མཛད་མཐར་བོད་ཡིག་བཅོས་སྒྱུར་བྱེད་དགོས་ཞེས་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་རྩ་བརླག་གཏོང་བའི་ཡིག་ཆ་[གནད་བསྡུས་]ཟེར་བ་དེ་རྩིས་མེད་གཏོང་ཐུབ་པ་བྱུང་བ་དང་སྦྲགས། “གནད་བསྡུས་”ཀྱི་དགག་ཡིག་མཐར་དཔྱད་ཟེར་པ་ཞིག་ཆེད་མངགས་རྩོམ་འབྲི་གནང་། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་གླིང་སོགས་སུ་སློབ་ཁྲིད་མཛད་དེ་སློབ་མ་མང་པོ་གསོ་སྐྱོང་གནང་། ༡༩༩༣ལོའི་ཟླ་༥པའི་ཚེས༦ཉིན་སྐུ་གཤེགས། ཁོང་གི་གསུམ་རྩོམ་སྐོར་གཅིག་ཏུ་བསྡུས་ནས་ཁྱོན་པོད་དྲུག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཡོད།
ཁྲིད་གཞུང་། བློ་གསལ་འཇུག་ངོགས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADRD2010296
མཁས་པ་གཞན། [རིག་གནས།] སྤྱིའི་ཨང་། ༤༢༤
རྣམ་པ། MP3 རྣམ་གྲངས། 30 ཆེ་ཆུང་། 1.67 GB
ཁྲིད་གཞུང་། བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས།
མཛད་པ་པོ། དམུ་དགེ་བསམ་གཏན། [༡༩༡༤-༡༩༩༣ ]
བརྗོད་བྱ། རྣམ་དབྱེ་དང་ཚིག་ཕྲད་སོགས།
འཁྲིད་མཁན། བསྟན་བཅོས་མཛད་པ་པོ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་ ༠༣།༣༠ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་དམུ་དགེ་བསམ་གཏན་མཆོག་ནི། དམུ་དགེའི་དགོན་འོག་སོག་པོ་རུ་ཞེས་པར་༡༩༡༤ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་ཐོག་རབ་ཏུ་བྱུང་སྟེ་དམུ་དགེ་དགོན་དུ་ཆོས་ཞུགས་བྱས། དགུང་ལོ་ཉི་ཤུའི་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་བྱས་ཏེ་གཞུང་ཆེན་ཐུགས་གཉེར་དང་རིག་གནས་ཀུན་ལ་སྦྱངས། ཁོང་གིས་རྡོ་རམས་པ་བཏང་ནས་ལོ་གཉིས་དང་ཟླ་བརྒྱད་སོང་བའི་མཚམས་ལ་བླ་བྲང་བརྒྱུད་དུ་རྒྱ་མིའི་བཙན་འཛུལ་སླེབས། དགུང་ལོ་སོ་བདུན་པར་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་མཉམ་དུ་པེ་ཅིན་དུ་ཕྱག་ལས་གནང་། ༡༩༥༡ ལོར་ང་ཕོད་སོགས་བོད་རྒྱལ་ཁབ་ཀྱི་འཐུས་མི་རྣམས་པེ་ཅིན་དུ་འབྱོར་ཏེ་གྲོས་མཐུན་དོན་ཚན་བཅུ་བདུན་པ་འཇོག་སྐབས་གྲོས་མཐུན་པར་ཞུས་ཀྱི་ལས་དོན་ནང་དུ་ཞུགས། ༡༩༥༩ལོར་པེ་ཅིན་དུ་[རྒྱ་བོད་ཤན་སྦྱར་ཚིག་མཛོད་]སོགས་བསྒྱུར་ཞུས་མཛད། ༡༩༦༦ལོར་རིག་གནས་གསར་བརྗེའི་སྐབས་ངལ་རྩོལ་དུ་ཞུགས་དགོས་བྱུང་། ༡༩༧༣ལོར་དཀར་འདོན་བྱས། ༡༩༦༥ལོར་ཁྲིན་ཏུའུ་རུ་ཕེབས་ཏེ་[བོད་རྒྱ་ཚིག་མཛོད་ཆེན་མོའི་]པར་གཞི་བཏིང་། ༡༩༨༠ལོའི་ཕྱི་ཟླ་དང་པོར་པེ་ཅིན་དུ་གྲངས་ཉུང་མི་རིགས་སྐད་ཡིག་ཚན་རིག་གྲོས་བསྡུར་ལ་ཞུགས་ཏེ་ཉིན་བཅུ་གཉིས་རིང་རྩོད་གླེང་མཛད་མཐར་བོད་ཡིག་བཅོས་སྒྱུར་བྱེད་དགོས་ཞེས་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་རྩ་བརླག་གཏོང་བའི་ཡིག་ཆ་[གནད་བསྡུས་]ཟེར་བ་དེ་རྩིས་མེད་གཏོང་ཐུབ་པ་བྱུང་བ་དང་སྦྲགས། “གནད་བསྡུས་”ཀྱི་དགག་ཡིག་མཐར་དཔྱད་ཟེར་པ་ཞིག་ཆེད་མངགས་རྩོམ་འབྲི་གནང་། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་གླིང་སོགས་སུ་སློབ་ཁྲིད་མཛད་དེ་སློབ་མ་མང་པོ་གསོ་སྐྱོང་གནང་། ༡༩༩༣ལོའི་ཟླ་༥པའི་ཚེས༦ཉིན་སྐུ་གཤེགས། ཁོང་གི་གསུམ་རྩོམ་སྐོར་གཅིག་ཏུ་བསྡུས་ནས་ཁྱོན་པོད་དྲུག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཡོད།
ཁྲིད་གཞུང་། སྙན་ངག་ཡང་གསལ་སྣང་མཛོད། ལེའུ་གཉིས་པ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADRN2010295
མཁས་པ་གཞན། [རིག་གནས།] སྤྱིའི་ཨང་། ༤༢༣
རྣམ་པ། MP3 རྣམ་གྲངས། 73 ཆེ་ཆུང་། 1.89 GB
ཁྲིད་གཞུང་། དབྱངས་ཅན་ཞལ་ལུང་གི་འབྲུ་འགྲེལ།
མཛད་པ་པོ། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས།
ཁྲིད་མཚམས། ལེའུ་གཉིས་པ།
འཁྲིད་མཁན། རྗེ་དམུ་དགེ་བསམ་གཏན།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་ ༠༧།༢༧ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་དམུ་དགེ་བསམ་གཏན་མཆོག་ནི། དམུ་དགེའི་དགོན་འོག་སོག་པོ་རུ་ཞེས་པར་༡༩༡༤ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་ཐོག་རབ་ཏུ་བྱུང་སྟེ་དམུ་དགེ་དགོན་དུ་ཆོས་ཞུགས་བྱས། དགུང་ལོ་ཉི་ཤུའི་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་བྱས་ཏེ་གཞུང་ཆེན་ཐུགས་གཉེར་དང་རིག་གནས་ཀུན་ལ་སྦྱངས། ཁོང་གིས་རྡོ་རམས་པ་བཏང་ནས་ལོ་གཉིས་དང་ཟླ་བརྒྱད་སོང་བའི་མཚམས་ལ་བླ་བྲང་བརྒྱུད་དུ་རྒྱ་མིའི་བཙན་འཛུལ་སླེབས། དགུང་ལོ་སོ་བདུན་པར་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་མཉམ་དུ་པེ་ཅིན་དུ་ཕྱག་ལས་གནང་། ༡༩༥༡ ལོར་ང་ཕོད་སོགས་བོད་རྒྱལ་ཁབ་ཀྱི་འཐུས་མི་རྣམས་པེ་ཅིན་དུ་འབྱོར་ཏེ་གྲོས་མཐུན་དོན་ཚན་བཅུ་བདུན་པ་འཇོག་སྐབས་གྲོས་མཐུན་པར་ཞུས་ཀྱི་ལས་དོན་ནང་དུ་ཞུགས། ༡༩༥༩ལོར་པེ་ཅིན་དུ་[རྒྱ་བོད་ཤན་སྦྱར་ཚིག་མཛོད་]སོགས་བསྒྱུར་ཞུས་མཛད། ༡༩༦༦ལོར་རིག་གནས་གསར་བརྗེའི་སྐབས་ངལ་རྩོལ་དུ་ཞུགས་དགོས་བྱུང་། ༡༩༧༣ལོར་དཀར་འདོན་བྱས། ༡༩༦༥ལོར་ཁྲིན་ཏུའུ་རུ་ཕེབས་ཏེ་[བོད་རྒྱ་ཚིག་མཛོད་ཆེན་མོའི་]པར་གཞི་བཏིང་། ༡༩༨༠ལོའི་ཕྱི་ཟླ་དང་པོར་པེ་ཅིན་དུ་གྲངས་ཉུང་མི་རིགས་སྐད་ཡིག་ཚན་རིག་གྲོས་བསྡུར་ལ་ཞུགས་ཏེ་ཉིན་བཅུ་གཉིས་རིང་རྩོད་གླེང་མཛད་མཐར་བོད་ཡིག་བཅོས་སྒྱུར་བྱེད་དགོས་ཞེས་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་རྩ་བརླག་གཏོང་བའི་ཡིག་ཆ་“གནད་བསྡུས་”ཟེར་བ་དེ་རྩིས་མེད་གཏོང་ཐུབ་པ་བྱུང་བ་དང་སྦྲགས། “གནད་བསྡུས་”ཀྱི་དགག་ཡིག་མཐར་དཔྱད་ཟེར་པ་ཞིག་ཆེད་མངགས་རྩོམ་འབྲི་གནང་། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་གླིང་སོགས་སུ་སློབ་ཁྲིད་མཛད་དེ་སློབ་མ་མང་པོ་གསོ་སྐྱོང་གནང་། ༡༩༩༣ལོའི་ཟླ་༥པའི་ཚེས༦ཉིན་སྐུ་གཤེགས། ཁོང་གི་གསུམ་རྩོམ་སྐོར་གཅིག་ཏུ་བསྡུས་ནས་ཁྱོན་པོད་དྲུག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཡོད།
[ རྩ་བ། ཀུན་མཁྱེན་འཇམ་དབྱངས་བཞད་པ།[༡༦༤༨-༡༧༢༢] དཔེར་བརྗོད། གུང་ཐང་བསྟན་པའི་སྒྲོན་མེ།[༡༧༦༢-༡༨༢༣] འགྲེལ་པ། དམུ་དགེ་བསམ་གཏན།[༡༩༡༤-༡༩༩༣]
ཁྲིད་གཞུང་། སྒྲ་ཊཱིཀ་འགྲེལ་པ་གསལ་ལྡན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADRD3333294
མཁས་པ་གཞན། [རིག་གནས།] སྤྱིའི་ཨང་། ༤༢༢
རྣམ་པ། MP3 རྣམ་གྲངས། 21 ཆེ་ཆུང་། 574.8 MB
ཁྲིད་གཞུང་། དབྱངས་ཅན་བྱཱ་ཀ་ར་ཎའི་འགྲེལ་པ་གསལ་ལྡན།
མཛད་པ་པོ། སློབ་དཔོན་ཨ་ནུ་བྷཱུ་ཏི།
ཁྲིད་མཚམས། མཚམས་སྦྱོར་ལྔ་པ།
འཁྲིད་མཁན། རྒན་པ་སངས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་ ༠༣།༡༨ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གཞུང་འཁྲིད་གནང་མཁན་རྒན་པ་སངས་མཆོག་ནི་རིག་པའི་གནས་ལ་མཁྱེན་རྒྱ་ཧ་ཅང་ཆེ་ཞིང་སཱ་ར་མཐོ་སློབ་ཏུ་རིག་གནས་སོགས་འཆད་ཁྲིད་གནང་སྟེ་བཞུགས་མྱོང་།