མཁས་པ་གཞན།

མཁས་པ་གཞན། (625)

དྲ་ཐོག་འཇུག་དུས། 2016 ལོའི་ཟླ་བ། Sep ཚེས། 24 རེས་གཟའ། Sat

ཁྲིད་གཞུང་། རྗེ་བཙུན་པའི་གྲུབ་མཐའ། [ཁ]

དྲ་འཇུག་པ།

སྒྲ་ཨང་། KADZB2070169
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༢༨༥
རྣམ་པ། MP3 རྣམ་གྲངས། 44 ཆེ་ཆུང་། 436.1 MB
ཁྲིད་གཞུང་། རྗེ་བཙུན་པའི་གྲུབ་མཐའ།
མཛད་པ་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། [༡༤༦༩-༡༥༤༤]
བརྗོད་བྱ། གྲུབ་མཐའ་བཞིའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག
འཁྲིད་མཁན། དགེ་བཤེས་ངག་དབང་སངས་རྒྱས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༠༤།༠༤ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་སུམ་ཅུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ངག་དབང་སངས་རྒྱས་ནི། ༡༩༧༠ ལོར་ལ་དྭགས་ས་ཕུད་དུ་འཁྲུངས། རང་ལོ་བཅུ་པའི་སྐབས་གཞུང་གི་སྔོན་འགྲོའི་གཞི་རིམ་སློབ་གྲྭར་འཛིན་གྲྭ་བཞི་པ་བར་དུ་སློབ་སྦྱོང་གནང་། ༡༩༧༩ ལོར་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་བ་དང་། མཁན་རིན་པོ་ཆེ་ངག་དབང་ལེགས་ལྡན་ལས་རབ་ཏུ་བྱུང་ཏེ་ངག་དབང་སངས་རྒྱས་ཞེས་གསོལ། དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་གཞུང་ཆེན་ལ་སློབ་གཉེར་དང་། རང་ལོ་སོ་གཅིག་གི་སྐབས་ཏེ་ ༢༠༠༡ ལོར་ལྷ་རམས་པའི་དམ་འཇོག་གནང་ཞིང་། སྨད་རྒྱུད་གྲྭ་ཚང་དུ་ལོ་གཅིག་གི་ཆོས་ཐོག་འགྲིམས། ༢༠༡༢ ལོར་གྲྭ་ཚང་གི་དགེ་བསྐོས་གནང་ཞིང་། སྐབས་དེར་གྲྭ་ཚང་གི་ཆོས་རའི་ཞལ་འདོན་གྱི་ཤེས་རབ་སྙིང་པོའི་མཇུག་ཏུ་སློབ་གཉེར་བ་རྣམས་ཀྱིས་ཆུ་ཚོད་སྐར་མ་ཁ་ཤས་ལ་སྒོམ་རྒྱག་རྒྱུའི་སྲོལ་གཏོད་པ་དང་། སློབ་གཉེར་བ་དཔེ་ཆ་བཟང་བ་རྣམས་ལ་དབུ་མ་དང་ཕར་ཕྱིན་གྱི་གཞུང་གི་དཀའ་གནད་ཀྱི་སྐོར་ལ་དཔྱད་བརྗོད་འབྲིར་བཅུག་སྟེ་ཆོས་རའི་ནང་གི་ཞིབ་ཆ་ཞེས་པའི་དཔེ་དེབ་གསུམ་ཡང་པར་སྐྲུན་གནང་། ༢༠༡༨ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་བསྐོས་གནང་བ་དང་། རྒྱུན་དུ་སློབ་གཉེར་པ་རྣམས་ལ་དཔེ་ཁྲིད་དང་། ལ་དྭགས་སོགས་དང་ཕྱིའི་ཡུལ་གྲུ་ཁག་ཏུའང་ཆོས་སྦྱིན་སྤེལ་མུས་སུ་བཞུགས་པ་ལགས་སོ། །

ངོ་ཤོག 76 ནས་ 105

༸གོང་ས་མཆོག་གི་སྒྲ་མཛོད།