ཕར་ཕྱིན།

ཕར་ཕྱིན། (154)

དྲ་ཐོག་འཇུག་དུས། 2016 ལོའི་ཟླ་བ། Sep ཚེས། 23 རེས་གཟའ། Fri

ཁྲིད་གཞུང་། རྗེ་བཙུན་པའི་ས་ལམ་གྱི་རྣམ་གཞག [ཁ]

དྲ་འཇུག་པ།

སྒྲ་ཨང་། KADZPA2060104
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༡༨༩
རྣམ་པ། MP3 རྣམ་གྲངས། 48 ཆེ་ཆུང་། 591.8 MB
ཁྲིད་གཞུང་། རྗེ་བཙུན་པའི་ས་ལམ་མཁས་པའི་མགུལ་རྒྱན།
མཛད་པ་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། [༡༤༦༩-༡༥༤༤]
བརྗོད་བྱ། ཕར་ཕྱིན་ཐེག་པའི་ས་ལམ་བགྲོད་ཚུལ།
འཁྲིད་མཁན། དགེ་བཤེས་ངག་དབང་སངས་རྒྱས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༠༧ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ངག་དབང་སངས་རྒྱས་ནི། ༡༩༧༠ ལོར་ལ་དྭགས་ས་ཕུད་དུ་འཁྲུངས། རང་ལོ་བཅུ་པའི་སྐབས་གཞུང་གི་སྔོན་འགྲོའི་གཞི་རིམ་སློབ་གྲྭར་འཛིན་གྲྭ་བཞི་པ་བར་དུ་སློབ་སྦྱོང་གནང་། ༡༩༧༩ ལོར་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་། མཁན་རིན་པོ་ཆེ་ངག་དབང་ལེགས་ལྡན་ལས་རབ་ཏུ་བྱུང་ཏེ་ངག་དབང་སངས་རྒྱས་ཞེས་གསོལ། དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་གཞུང་ཆེན་ལ་སློབ་གཉེར་དང་། རང་ལོ་སོ་གཅིག་གི་སྐབས་ཏེ་ ༢༠༠༡ ལོར་ལྷ་རམས་པའི་དམ་འཇོག་གནང་ཞིང་། སྨད་རྒྱུད་གྲྭ་ཚང་དུ་ལོ་གཅིག་གི་ཆོས་ཐོག་འགྲིམས། ༢༠༡༢ ལོར་གྲྭ་ཚང་གི་དགེ་བསྐོས་གནང་། ༢༠༡༨ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་བསྐོས་གནང་། རྒྱུན་དུ་སློབ་གཉེར་པ་རྣམས་ལ་དཔེ་ཁྲིད་དང་། ལ་དྭགས་སོགས་དང་ཕྱིའི་ཡུལ་གྲུ་ཁག་ཏུའང་ཆོས་སྦྱིན་སྤེལ་མུས་སུ་བཞུགས་པ་ལགས་སོ། །

ངོ་ཤོག 14 ནས་ 26

༸གོང་ས་མཆོག་གི་སྒྲ་མཛོད།