- མདུན་ངོས།
- འཕྲིན་གསར།
- ཆོས་ཕྱོགས་ཀྱི་གནས་འཕྲིན་གཞན།
ཆོས་ཕྱོགས་ཀྱི་གནས་འཕྲིན་གཞན། (24)
ཚིགས་སྔ་མའི་བསླབ་སྡོམ་འབོགས་ཆོག་མཛད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ཕྱི་ལོ་༢༠༢༤ཟླ་༨ཚེས་༡༤དང་༡༥བཅས་ཉིན་གྲངས་གཉིས་ཀྱི་རིང་། གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་མཁས་སྙན་གྲྭ་ཚང་དུ། ྋའཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ྋརྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་གཙོས་མཛད། བསྟེན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་འདུལ་བ་འཛིན་པ་མཁན་སློབ་གྲངས་ཚང་བའི་དབུས་སུ། སེ་ར་བྱེས་སྨད་གཉིས་ནས་དགེ་ཚུལ་གསར་དུ་བསྒྲུབ་མཁན་གྲངས་༡༧༥ ལ་དམ་པའི་ཆོས་འདུལ་བ་ལས་བྱུང་བ་བཞིན་བསླབ་ཚིགས་སྔ་མའི་སྡོམ་པ་འབོགས་ཆོག་གནང་།
དེ་ལས་མང་བ།...
འཇང་དགུན་ཆོས་མཚན་ཕུད་དམ་བཅའ་ཆེན་མོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ཕྱི་ལོ་༢༠༢༣ཟླ་༡༢པའི་ཚེས་༡༡ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་དུ། དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་དཔལ་བཟང་པོ་མཆོག་དབུ་བཞུགས་ཐོག་མཚན་ཕུད་དམ་བཅའ་ཆེན་མོ་འཚོགས་ཡོད། དེ་ཡང་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཚད་མ་རྣམ་འགྲེལ་གྱི་ཆོས་ཐོག་འཇང་དགུན་ཆོས་ཆེན་མོ་ཞེས་ཡོངས་སུ་གྲགས་པ་དེ། འདི་ལོར་སེ་ར་ཐེག་ཆེན་གླིང་དུ་འཚོགས་བཞིན་པ་ཡིན། དེར་མཉམ་ཞུགས་གནང་མཁན་གྱི་དགོན་སྡེ་ཁག་ནི། དགའ་ལྡན་ཤར་རྩེ་དང་བྱང་རྩེ་གྲྭ་ཚང་། འབྲས་སྤུངས་སྒོ་མང་དང་བློ་གསལ་གླིང་གྲྭ་ཚང་། སེ་ར་སྨད་དང་བྱེས་གྲྭ་ཚང་། བཀྲ་ཤིས་ལྷུན་པོ། རྭ་སྟོད་གྲྭ་ཚང་། རྒྱུད་སྨད་དང་རྒྱུད་སྟོད་གྲྭ་ཚང་། རྣམ་རྒྱལ་གྲྭ་ཚང་། དྭགས་པོ་གྲྭ་ཚང་། རྫོང་ཆོས་གྲྭ་ཚང་། མཚན་ཉིད་གྲྭ་ཚང་། དཀྱིལ་དགོན་གྲྭ་ཚང་། གནས་ཆུང་གྲྭ་ཚང་། དགོན་རྩེ་གྲྭ་ཚང་། བཀྲ་ཤིས་འཁྱིལ་གྲྭ་ཚང་བཅས་དགོན་སྡེ་ཁག་ཅོ་བརྒྱད་ཙམ་མཉམ་ཞུགས་གནང་ཡོད། ཚད་མའི་ཆོས་ཐོག་ཆེན་མོ་འདིའི་སྐོར་རྒྱས་པ་འབྲེལ་ཐག་འདི་ནས་གཟིགས་་་་
༢༠༢༣ལོའི་དགེ་ལྡན་ལྔ་མཆོད་ཆེན་མོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དྲི་བྲལ་ལུང་རིགས་ཆེས་ཕྲའི་ཆུ་ཡི་རྡུལ། །
སྙིང་པོར་ཆགས་པའི་ལེགས་བཤད་སྤྲིན་ཕུང་གིས། །
ཐུབ་བསྟན་འཛིན་མ་དགེ་ལེགས་བྱེད་པའི་གཉེན། །
རྒྱལ་བ་གཉིས་པར་གྲགས་པ་དོན་དང་བཅས། །
ཅེས་རི་བོ་དགེ་ལྡན་པའི་ཤིང་རྟའི་སྲོལ་འབྱེད་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གི་དགོངས་རྫོགས་མཆོད་འབུལ་ཡོངས་གྲགས་སུ་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་པ་དེ་ཡིན། དེ་ཡང་བོད་རབ་བྱུང་བདུན་པའི་ས་མོ་ཕག་སྟེ་ཕྱི་ལོ་༡༤༡༩ལོའི་སྟོན་དུས། ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་སྟོད་ལུང་དང་འབྲས་སྤུངས། ལྷ་ས། སེ་ར་སོགས་སུ་ཕེབས་ནས་བཀའ་ཆོས་མང་དུ་གསུངས། དེ་ནས་སླར་དགའ་ལྡན་དུ་ཕྱིར་ཕེབས་ཏེ་ཐུབ་དབང་ཚུལ་ཁྲིམས་མའི་སྐུ་མདུན་དུ་མཆོད་འབུལ་དང་བསྔོ་སྨོན་རྒྱ་ཆེར་མཛད་རྗེས། སྐུ་བེར་དང་དབུ་ཞྭ་དག་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་གནང་སྟེ་རྒྱལ་ཚབ་ཏུ་བསྐོ་བཞག་མཛད་མཐར། བོད་ཟླ་༡༠པའི་ཚེས་༢༥ཉིན་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གཟིམ་ཁང་འོད་གསལ་སྦུག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད། རྒྱས་པར་འབྲེལ་ཐག་འདི་ནས་གཟིགས་རོགས།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་ཕྱི་ལོ་༢༠༢༣ཟླ་༡༢ཚེས་༧ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།