ཟབ་སྦྱོང་འཕྲིན་གསར།

ཟབ་སྦྱོང་འཕྲིན་གསར། (4)

དྲ་ཐོག་འཇུག་དུས། 2017 ལོའི་ཟླ་བ། Jul ཚེས། 20 རེས་གཟའ། Thu

དཔེ་དེབ་བཟོ་སྟངས་སྐོར་གྱི་ཟབ་སྦྱོང་སྤྲད།

དྲ་འཇུག་པ།

འདི་ག་རྩོམ་སྒྲིག་ཁང་གི་ལས་བྱེད་རྣམས་ལ་དྲ་རྒྱའི་ཆེད་མཁས་པ་རྒན་ཀརྨས་དཔེ་དེབ་བཟོ་སྟངས་སྐོར་གྱི་ཟབ་སྦྱོང་སྤྲད།

ལོ་ལྟར་འདི་ག་རྩོམ་སྒྲིག་ཁང་གིས་འདི་གའི་ལས་བྱེད་རྣམས་ལ་དྲ་ཚིགས་དང་འབྲེལ་བའི་ཤེས་བྱ་ཁག་དང་། རྩིས་འཁོར་གྱི་ཤེས་བྱ་གཞན་གྱི་ཟབ་སྦྱོང་ཟླ་བ་གཉིས་གསུམ་རེར་བཀོད་སྒྲིག་བྱེད་མུས་ལྟར་འདི་ལོ་སྟེ་ཕྱི་ལོ་༢༠༡༧ལོའི་ཕྱི་ཟླ་དྲུག་པ་ནས་དབུ་བཙུགས་ཏེ་དྲ་རྒྱའི་ཆེད་མཁས་པ་རྒན་ཀརྨ་གདན་ཞུས་ཀྱིས་དཔེ་དེབ་བཟོ་སྟངས་(InDesign)སྐོར་གྱི་ཟབ་སྦྱོང་སྤྲད་པ་དང་། དྲ་ཚིགས་ཀྱི་མདུན་ངོ་སོགས་ཀྱི་སྒྲིག་བཀོད་ལ་བསྐྱར་བཅོས་དང་སྡེ་ཚན་གསར་པ་ཁ་གསབ་སོགས་ཀྱང་གནང་། ལོ་སྔོན་མ་གཉིས་སུ་རྒན་ཀརྨས་དྲ་རྒྱའི་སྐོར་དང་པར་རིས་སྒྲིག་སྦྱོར། Word སོགས་ཀྱི་སྐོར་ལ་སློབ་ཁྲིད་གནང་།

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༧།༠༧།༢༠ ལ།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

ངོ་ཤོག 1 ནས་ 2