དྲ་ཐོག་འཇུག་དུས། 2021 ལོའི་ཟླ་བ། Jan ཚེས། 17 རེས་གཟའ། Sun

འཁྲུངས་རབས་དེབ་ཐེར་ནོར་བུའི་ཕྲེང་བ་གསུམ་པ།

དྲ་འཇུག་པ།

sjrb-0209བརྗོད་བྱ། ༸རྒྱལ་དབང་སྐུ་ཕྲེང་ལྔ་པ་དང་དྲུག་པའི་རྣམ་ཐར།
རྩོམ་སྒྲིག་པ།
སོ་རུ་དར་རྒྱས།
པར་གཞིའི་ཡོང་ཁུངས།
མདོ་སྨད་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་།
རིག་མཛོད་དེབ་ཨང་།
SJRB-0209
ཡིག་ཆའི་རྣམ་པ།
PDF

ལྗིད་ཚད།
3.9MB
༢༠༡༧ ཟླ་ ༤ པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༡༠ པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།

གསུང་རབ་གླེགས་བམ་འདི་ནི། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས ༦ ཉིན་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་མདོ་སྨད་ཆོལ་ཁའི་བཙན་བྱོལ་བ་རྣམས་ཀྱིས་ཕ་ཡུལ་གྱི་ལུགས་སྲོལ་ལྟར་༸སྐུའི་གྱ་སྟོན་གོ་སྒྲིག་ཞུས་པའི་མཛད་རིམ་གྱི་ཁོངས་སུ་༸རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཅུ་བཞི་པའི་བར་གྱི་འཁྲུངས་རབས་དང་མཛད་རྣམ་ཆེད་བསྒྲིགས་ཀྱིས་<<འཁྲུངས་རབས་དེབ་ཐེར་ནོར་བུའི་ཕྲེང་བ་>>པོད་བཅུ་པར་བསྐྲུན་འགྲེམས་སྤེལ་གནང་བའི་ནང་ཚན་པོད་གསུམ་པ་ཡིན་ལ། པོད་འདིའི་ནང་དུ་ [༡] ༧གོང་ས་ལྔ་པ་ཆེན་པོས་མཛད་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་གླེགས་བམ་དང་པོ་ཅ་པ། [༢] ༧གོང་ས་ལྔ་པ་ཆེན་པོས་མཛད་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་གླེགས་བམ་གཉིས་པ་ཆ་པ། [༣] ༧གོང་ས་ལྔ་པ་ཆེན་པོས་མཛད་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་གླེགས་བམ་གསུམ་པ་ཇ་པ། [༤] ༧གོང་ས་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་གི་འཕྲོ་མཐུད་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གླེགས་བམ་བཞི་པ་དང་དྲུག་པ། [༥] ༧རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ལྷའི་ཏམ་བུ་རའི་རྒྱུད་ཀྱི་སྒྲ་དབྱངས་ལྷ་བཙུན་ངག་དབང་རྡོ་རྗེས་མཛད་པ། [༦] ལྔ་པ་དྲུག་པར་འཕོས་པའི་གཏམ་རྣ་བའི་བཅུད་ལེན་ཡིད་ཀྱི་ཀུན་དགའ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པ་བཅས་ལྷན་དུ་བཞུགས་པ་དང་། འདི་ག་རྩོམ་སྒྲིག་ཁང་གིས་༧སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ལ་ཆོག་མཆན་ཞུས་ཏེ་མ་དཔེ་སོར་བཞག་གིས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་པ་ཡིན།

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2021 ལོའི་ཟླ་བ། Jan ཚེས། 17 རེས་གཟའ། Sun

འཁྲུངས་རབས་དེབ་ཐེར་ནོར་བུའི་ཕྲེང་བ་གཉིས་པ།

དྲ་འཇུག་པ།

sjrb-0208བརྗོད་བྱ། ༸རྒྱལ་དབང་སྐུ་ཕྲེང་གཉིས་པ་གསུམ་པ་བཞི་པའི་རྣམ་ཐར།
རྩོམ་སྒྲིག་པ། སོ་རུ་དར་རྒྱས།
པར་གཞིའི་ཡོང་ཁུངས།
མདོ་སྨད་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་།
རིག་མཛོད་དེབ་ཨང་།
SJRB-0208
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
3.3MB
༢༠༡༧ ཟླ་ ༤ པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༡༠ པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།

གསུང་རབ་གླེགས་བམ་འདི་ནི། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས ༦ ཉིན་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་མདོ་སྨད་ཆོལ་ཁའི་བཙན་བྱོལ་བ་རྣམས་ཀྱིས་ཕ་ཡུལ་གྱི་ལུགས་སྲོལ་ལྟར་༸སྐུའི་གྱ་སྟོན་གོ་སྒྲིག་ཞུས་པའི་མཛད་རིམ་གྱི་ཁོངས་སུ་༸རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཅུ་བཞི་པའི་བར་གྱི་འཁྲུངས་རབས་དང་མཛད་རྣམ་ཆེད་བསྒྲིགས་ཀྱིས་<<འཁྲུངས་རབས་དེབ་ཐེར་ནོར་བུའི་ཕྲེང་བ་>>པོད་བཅུ་པར་བསྐྲུན་འགྲེམས་སྤེལ་གནང་བའི་ནང་ཚན་པོད་གཉིས་པ་ཡིན་ལ། པོད་འདིའི་ནང་དུ་ [༡] ༧རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་རྣམ་ཐར་རྟོགས་བརྗོད་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་གཡང་པ་ཆོས་རྗེ་དང་དཀོན་མཆོག་སྐྱབས་རྣམ་གཉིས་ནས་མཛད་པ། [༢] ༧རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ་ཞེས་བྱ་བ་༧གོང་ས་ལྔ་པ་ཆེན་པོས་མཛད་པ། [༣] ༧རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་ནོར་བུའི་ཕྲེང་བ་༧གོང་ས་ལྔ་པ་ཆེན་པོས་མཛད་པ་བཅས་སྐུ་ཕྲེང་གསུམ་གྱི་རྣམ་ཐར་ལྷན་དུ་བཞུགས་ཡོད་པ་དང་། འདི་ག་རྩོམ་སྒྲིག་ཁང་གིས་༧སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ལ་ཆོག་མཆན་ཞུས་ཏེ་མ་དཔེ་སོར་བཞག་གིས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་པ་ཡིན།

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2021 ལོའི་ཟླ་བ། Jan ཚེས། 16 རེས་གཟའ། Sat

འཁྲུངས་རབས་དེབ་ཐེར་ནོར་བུའི་ཕྲེང་བ་དང་པོ།

དྲ་འཇུག་པ།

sjrb-0207བརྗོད་བྱ། ༸རྒྱལ་དབང་སྐུ་ཕྲེང་དང་པོ་དང་གཉིས་པའི་རྣམ་ཐར།
རྩོམ་སྒྲིག་པ།
སོ་རུ་དར་རྒྱས།
པར་གཞིའི་ཡོང་ཁུངས།
མདོ་སྨད་༧སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་།
རིག་མཛོད་དེབ་ཨང་།
SJRB-0207
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
3MB
༢༠༡༧ ཟླ་ ༤ པར་གསར་དུ་རྩོམ་སྒྲིག་བྱས།

༢༠༢༠ ཟླ་ ༡༠ པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།

གསུང་རབ་གླེགས་བམ་འདི་ནི། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས ༦ ཉིན་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་མདོ་སྨད་ཆོལ་ཁའི་བཙན་བྱོལ་བ་རྣམས་ཀྱིས་ཕ་ཡུལ་གྱི་ལུགས་སྲོལ་ལྟར་༸སྐུའི་གྱ་སྟོན་གོ་སྒྲིག་ཞུས་པའི་མཛད་རིམ་གྱི་ཁོངས་སུ་༸རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཅུ་བཞི་པའི་བར་གྱི་འཁྲུངས་རབས་དང་མཛད་རྣམ་ཆེད་བསྒྲིགས་ཀྱིས་<<འཁྲུངས་རབས་དེབ་ཐེར་ནོར་བུའི་ཕྲེང་བ་>>པོད་བཅུ་པར་བསྐྲུན་འགྲེམས་སྤེལ་གནང་བའི་ནང་ཚན་པོད་དང་པོ་ཡིན་ལ། པོད་འདིའི་ནང་དུ་ [༡] འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ་རིན་བྱོན་གྱི་འཁྲུངས་རབས་སྤྱི་དང་། རྒྱ་གར་དུ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་སོ་དྲུག་བྱོན་ཚུལ། བོད་གངས་ཅན་གྱི་ལྗོངས་སུ་རྒྱལ་པོ་དང་པཎ་གྲུབ་ཀྱི་རྣམ་པར་བྱོན་ཚུལ་བཅས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པ། [༢] ༸རྒྱལ་དབང་སྐུ་ཕྲེང་དང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་པཎ་ཆེན་ཡེ་ཤེས་རྩེ་མོས་མཛད་པ། [༣] ༸རྒྱལ་དབང་སྐུ་ཕྲེང་དང་པོའི་རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་པ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པ། [༤] ༸རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་རང་རྣམ་རྩོམ་འཕྲོ་ཅན་བཅས་ལྷན་དུ་བཞུགས་ཡོད་པ་དང་། འདི་ག་རྩོམ་སྒྲིག་ཁང་གིས་༧སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ལ་ཆོག་མཆན་ཞུས་ཏེ་མ་དཔེ་སོར་བཞག་གིས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་པ་ཡིན།

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2021 ལོའི་ཟླ་བ། Jan ཚེས། 17 རེས་གཟའ། Sun

འཁྲུངས་རབས་དེབ་ཐེར་ནོར་བུའི་ཕྲེང་བ་བཅུ་པ།

དྲ་འཇུག་པ།

sjrb-0216བརྗོད་བྱ། ༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་རྣམ་ཐར་སྨད་ཆ།
རྩོམ་པ་པོ།
ཤེས་རབ་དར་རྒྱས།
པར་གཞིའི་ཡོང་ཁུངས།
ཤེས་རབ་དར་རྒྱས།
རིག་མཛོད་དེབ་ཨང་།
SJRB-0216

ཡིག་ཆའི་རྣམ་པ།
PDF

ལྗིད་ཚད།
4MB
༢༠༡༦ ཟླ་ ༢ པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༡༠ པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།

གསུང་རབ་གླེགས་བམ་འདི་ནི། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས ༦ ཉིན་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་མདོ་སྨད་ཆོལ་ཁའི་བཙན་བྱོལ་བ་རྣམས་ཀྱིས་ཕ་ཡུལ་གྱི་ལུགས་སྲོལ་ལྟར་༸སྐུའི་གྱ་སྟོན་གོ་སྒྲིག་ཞུས་པའི་མཛད་རིམ་གྱི་ཁོངས་སུ་༸རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཅུ་བཞི་པའི་བར་གྱི་འཁྲུངས་རབས་དང་མཛད་རྣམ་ཆེད་བསྒྲིགས་ཀྱིས་<<འཁྲུངས་རབས་དེབ་ཐེར་ནོར་བུའི་ཕྲེང་བ་>>པོད་བཅུ་པར་བསྐྲུན་འགྲེམས་སྤེལ་གནང་བའི་ནང་ཚན་པོད་བཅུ་པ་ཡིན་ལ། པོད་འདིའི་ནང་དུ་༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་རྣམ་ཐར་གྲུ་འཛིན་ཞིང་གི་ཉིན་བྱེད་ཅེས་བྱ་བའི་སྨད་ཆ་རྩོམ་པ་པོ་ཤེས་རབ་དར་གྱིས་བརྩམས་པ་བཞུགས་ཡོད་པ་དང་། འདི་ག་རྩོམ་སྒྲིག་ཁང་ལ་རྩོམ་པ་པོ་ཤེས་རབ་དར་རྒྱས་ནས་པར་རྩ་གནང་ཟོན་བྱུང་བ་ལྟར་མ་དཔེ་སོར་བཞག་གིས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་པ་ཡིན།

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2016 ལོའི་ཟླ་བ། Sep ཚེས། 09 རེས་གཟའ། Fri

ཁྲིད་ཚན། རྟ་མགྲིན་ཡང་གསང་གི་བཀའ་དབང་། [ཀ]

དྲ་འཇུག་པ།

སྒྲ་ཨང་། H-ADSZ203093
སྟོན་པ་འཇིག་རྟེན་དབང་ཕྱུག [གསང་སྔགས།] སྤྱིའི་ཨང་། ༢༡༣
རྣམ་པ། MP3 རྣམ་གྲངས། 2 ཆེ་ཆུང་། 19.7 MB
ཁྲིད་ཚན། རྟ་མགྲིན་ཡང་གསང་གི་བཀའ་དབང་།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
གནས། སེར་བྱེས་མཁས་སྙན་གྲྭ་ཚང་།
སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༠༦ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉི་ཤུ་ལ་བསྐྱར་སྒྲིག་བྱས།

གདམས་པ་རིན་ཆེན་དང་པོ། སོ་སོའི་ཉིན་རེའི་འཚོ་བའི་ནང་དུ་རང་གི་བྱ་སྤྱོད་ལ་སྙིང་རྗེ་ཡོད་པར་བརྩོན་པ་དང༌། གཞན་སེམས་ཀྱི་སྒོ་ནས་སོ་སོས་གང་བྱེད་ཐུབ་པ་དེ་གཞན་གྱི་ཆེད་དུ་སྒྲུབ་པ་ལྟ་བུ་ཡིན། ཆུ་འཛག་བཞིན་པའི་སྦུག་མཆུ་ཞིག་མཐོང་ན་འགྲོ་མཚམས་བཞག་ནས་དེའི་ཁ་རྒྱག་པ་དང༌། གློག་སྒྲོན་ཞིག་དགོས་མེད་དུ་སྦར་ཡོད་པ་མཐོང་ན་གསོད་པ། ཆོས་ལུགས་ལ་དད་པ་ཡོད་མཁན་ཞིག་ཡིན་ན། སང་ཉིན་ཆོས་ལུགས་གཞན་ཞིག་གི་རྗེས་འབྲང་བ་ཞིག་ལ་ཐུག་ན། ཁོ་ལའང་རང་གིས་འདོད་པའི་བརྩི་བཀུར་གཅིག་མཚུངས་ཤིག་སྟོན་པ། ཚན་རིག་པ་ཞིག་ཡིན་ན། རང་གིས་སྒྲུབ་བཞིན་པའི་ཞིབ་འཇུག་གིས་གཞན་ལ་གནོད་སྲིད་པར་མཐོང་ཚེ། གཞན་སེམས་ཀྱི་ངང་ནས་ཞིབ་འཇུག་དེ་རྒྱུན་འཁྱོངས་མི་བྱེད་པ། མདོར་ན་སོ་སོ་རང་ཉིད་ཀྱི་ནུས་པ་དང༌། གནས་སྟངས་ཀྱི་ཚད་བཀག་དང་བསྟུན་ནས་རང་གིས་གང་ཐུབ་པ་དེ་བསྒྲུབ་པ་འདི་ཡིན་ཞིང༌། འདི་ལས་ལྷག་པའི་ཆོད་སེམས་ཤིག་དགོས་ཚུལ་ངོས་ཀྱིས་གླེང་གི་མེད།
དྲ་ཐོག་འཇུག་དུས། 2016 ལོའི་ཟླ་བ། Sep ཚེས། 11 རེས་གཟའ། Sun

ཁྲིད་ཚན། རྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་དབང་།

དྲ་འཇུག་པ།

སྒྲ་ཨང་། H-ADSZ203092
སྟོན་པ་འཇིག་རྟེན་དབང་ཕྱུག [གསང་སྔགས།] སྤྱིའི་ཨང་། ༢༡༢
རྣམ་པ། MP3 རྣམ་གྲངས། 16 ཆེ་ཆུང་། 277.3 MB
ཁྲིད་ཚན། རྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་དབང་།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
གནས། སེར་བྱེས་མཁས་སྙན་གྲྭ་ཚང་།
སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༠༦ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉི་ཤུ་ལ་བསྐྱར་སྒྲིག་བྱས།

གདམས་པ་རིན་ཆེན་དང་པོ། ད་དུང་འཛམ་གླིང་གི་དཔལ་འབྱོར་ཅི་ཙམ་འཕེལ་རྒྱས་བྱུང་ན། དེ་ཙམ་གྱིས་རྒྱལ་སྤྱིའི་དཔལ་འབྱོར་ལམ་ལུགས་ནི་མངོན་གསལ་དོད་པོས་གཅིག་ལ་གཅིག་རྟེན་དུ་འགྱུར་བའི་བདེན་པ་འདི་ཡང་ངོས་ཀྱིས་རེ་བའི་ཡུལ་ཞིག་ཏུ་བཟུང་ཡོད། འཕེལ་རྒྱས་དེའི་རྐྱེན་གྱིས་རྒྱལ་ཁབ་ཚང་མ་ཕན་ཚུན་ལ་བརྟེན་དགོས་པ་དང༌། དེང་དུས་ཀྱི་དཔལ་འབྱོར་ལའང་རང་བྱུང་གི་ཁོར་ཡུག་དང་འདྲ་བར་ས་མཚམས་མེད་པར་གྱུར་ཡོད། ཐ་ན་ཕན་ཚུན་ལ་འཁོན་སེམས་མངོན་གསལ་དུ་བཟུང་ཡོད་པའི་རྒྱལ་ཁབ་ཚོས་ཀྱང་འཛམ་གླིང་གི་ཐོན་ཁུངས་རྣམས་བེད་སྤྱོད་བྱེད་པར་མཉམ་འབྲེལ་བྱེད་དགོས་ཤིང༌། དཔེར་ན། མཚམས་རེར་རྒྱལ་ཁབ་དེའི་རིགས་ཀྱིས་ཆུ་བོ་གཅིག་ལ་བརྟེན་དགོས་པའང་ཡོད། དཔལ་འབྱོར་གྱི་རྟེན་འབྲེལ་དེ་ཅི་ཙམ་ཇེ་ཟབ་ཏུ་སོང་ན། སྲིད་དོན་གྱི་རྟེན་འབྲེལ་དེའང་ཇེ་ཟབ་ཏུ་འགྲོ་ངེས་ཡིན།
དྲ་ཐོག་འཇུག་དུས། 2016 ལོའི་ཟླ་བ། Sep ཚེས། 11 རེས་གཟའ། Sun

ཁྲིད་ཚན། རྟ་མགྲིན་ཡང་གསང་གི་བཀའ་དབང་། [ཁ]

དྲ་འཇུག་པ།

སྒྲ་ཨང་། H-ADSZ203096
སྟོན་པ་འཇིག་རྟེན་དབང་ཕྱུག [གསང་སྔགས།] སྤྱིའི་ཨང་། ༢༢༦
རྣམ་པ། MP3 རྣམ་གྲངས། 40 ཆེ་ཆུང་། 389.5 MB
ཁྲིད་ཚན། རྟ་མགྲིན་ཡང་གསང་གི་བཀའ་དབང་།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
གནས་དུས། ༢༠༠༧. སེར་བྱེས་མཁས་སྙན་གྲྭ་ཚང་།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༢༨ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཉི་ཤུ་ལ་བསྐྱར་སྒྲིག་བྱས།

གདམས་པ་རིན་ཆེན་དང་པོ། དྲག་སྤྱོད་ཀྱིས་འཕྲལ་གྱི་དམིགས་འདུན་ངེས་ཅན་ཞིག་སྒྲུབ་ཐུབ་ནའང༌། ཡུན་དུ་བརྟན་པའི་འབྲས་བུ་ཞིག་སྐྲུན་མི་ཐུབ་པ་གསལ་པོ་ཡིན། འགྲོ་བ་མིའི་ལོ་རྒྱུས་ལ་བལྟས་ཚེ། ཞི་བདེ་དང༌། དྲང་བདེན། རང་དབང་སོགས་ལ་ཕྱོགས་པའི་དུང་སེམས་ནི། བཙན་གནོན་དང་གདུག་རྩུབ་ལས་མཐའ་མར་རྟག་ཏུ་རྒྱལ་ཡོད་པ་མཐོང་ཐུབ། རྒྱུ་མཚན་དེའི་ཕྱིར་ངོས་ནི་འཚེ་མེད་ཞི་བ་ལ་ཡིད་ཆེས་བརྟན་པོ་བྱེད་མཁན་ཞིག་ཡིན་ཞིང༌། དྲག་སྤྱོད་ཀྱིས་དྲག་སྤྱོད་སྐྱེད་པ་དང༌། དྲག་སྤྱོད་ནི་སྡུག་བསྔལ་ཁོ་ནའི་འབྱུང་ཁུངས་ཡིན། བརྟག་པ་མཐར་བཟུང་གིས་བརྗོད་ན། གཞི་རྒྱ་ཆེ་བའི་འཁྲུག་རྩོད་ཅིག་འགོག་པར་ཐོག་མའི་སྐབས་སུ་དམག་དཔུང་དང་གོ་མཚོན་ཁོ་ནར་བརྟེན་ནས་བར་འདུམ་བྱེད་དགོས་པའི་གནས་སྟངས་ཤིག་ཡོད་སྲིད་ཀྱང༌། བསམ་གཞིག་བྱེད་སྟངས་འདི་ལ་དཀའ་རྙོག་ཅིག་ཡོད་དེ། ང་ཚོས་དྲག་སྤྱོད་ཀྱི་མཇུག་འབྲས་ལ་སྔོན་དཔག་བྱེད་ཐུབ་སྲིད་ཀྱང༌། དེ་ལྟར་བྱེད་པར་ཧ་ཅང་ཁག་པོ་ཡིན་པར་མ་ཟད། ཐོག་མའི་སྐབས་སུ་སྔོན་དཔག་དེ་བདེན་པ་ཞིག་ཏུ་འགྱུར་མིན་ཡང་གསལ་པོར་རྟོགས་མི་ཐུབ། ངེས་ཤེས་དེ་ནི་ང་ཚོས་ཕྱི་མིག་གིས་ལྟ་སྐབས་འབྱུང་བ་དང༌། ང་ཚོས་ཁག་ཐག་བྱེད་ཐུབ་པ་ཁོ་ན་ནི། དྲག་སྤྱོད་ཡོད་སར་བཟློག་ཏུ་མེད་པའི་སྡུག་བསྔལ་རྟག་ཏུ་འབྱུང་བ་འདི་ཡིན།
དྲ་ཐོག་འཇུག་དུས། 2021 ལོའི་ཟླ་བ། Jan ཚེས། 17 རེས་གཟའ། Sun

འཁྲུངས་རབས་དེབ་ཐེར་ནོར་བུའི་ཕྲེང་བ་དགུ་པ།

དྲ་འཇུག་པ།

sjrb-0215བརྗོད་བྱ། ༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་རྣམ་ཐར་སྟོད་ཆ།
རྩོམ་པ་པོ།
ཤེས་རབ་དར་རྒྱས།
པར་གཞིའི་ཡོང་ཁུངས།
ཤེས་རབ་དར་རྒྱས།
རིག་མཛོད་དེབ་ཨང་།
SJRB-0215
ཡིག་ཆའི་རྣམ་པ།
PDF

ལྗིད་ཚད།
4MB
༢༠༡༥ ཟླ་ ༡༢ པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༡༠ པར་སྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།

གསུང་རབ་གླེགས་བམ་འདི་ནི། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས ༦ ཉིན་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་མདོ་སྨད་ཆོལ་ཁའི་བཙན་བྱོལ་བ་རྣམས་ཀྱིས་ཕ་ཡུལ་གྱི་ལུགས་སྲོལ་ལྟར་༸སྐུའི་གྱ་སྟོན་གོ་སྒྲིག་ཞུས་པའི་མཛད་རིམ་གྱི་ཁོངས་སུ་༸རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཅུ་བཞི་པའི་བར་གྱི་འཁྲུངས་རབས་དང་མཛད་རྣམ་ཆེད་བསྒྲིགས་ཀྱིས་<<འཁྲུངས་རབས་དེབ་ཐེར་ནོར་བུའི་ཕྲེང་བ་>>པོད་བཅུ་པར་བསྐྲུན་འགྲེམས་སྤེལ་གནང་བའི་ནང་ཚན་པོད་དགུ་པ་ཡིན་ལ། པོད་འདིའི་ནང་དུ་༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་རྣམ་ཐར་གྲུ་འཛིན་ཞིང་གི་ཉིན་བྱེད་ཅེས་བྱ་བའི་སྟོད་ཆ་རྩོམ་པ་པོ་ཤེས་རབ་དར་གྱིས་བརྩམས་པ་བཞུགས་ཡོད་པ་དང་། འདི་ག་རྩོམ་སྒྲིག་ཁང་ལ་རྩོམ་པ་པོ་ཤེས་རབ་དར་རྒྱས་ནས་པར་རྩ་གནང་ཟོན་བྱུང་བ་ལྟར་མ་དཔེ་སོར་བཞག་གིས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་པ་ཡིན།

PDF       ཕབ་ལེན།
དྲ་ཐོག་འཇུག་དུས། 2017 ལོའི་ཟླ་བ། Dec ཚེས། 25 རེས་གཟའ། Mon

རྗེ་ཙོང་ཁ་པའི་གསུང་འབུམ་ཡོངས་འཕྲུལ་དེབ་ཏུ་ལེགས་པར་གྲུབ།

དྲ་འཇུག་པ།

འདི་ག་རྩོམ་སྒྲིག་ཁང་གི་ལས་བྱེད་ཚོས་ལོ་གཉིས་ལྷག་ལ་ལས་ཞོར་དུ་མ་དཔེ་དང་གཤིབ་བསྡུར་བྱས་ཏེ་རྗེ་ཙོང་ཁ་པའི་གསུང་འབུམ་ཡོངས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཏེ་ལེགས་པར་གྲུབ་སོང་།

དེ་ཡང་འདི་ག་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་གི་ལས་བྱེད་ཚོས་ལོ་གཉིས་ལྷག་ལ་ལས་ཞོར་དུ་བཀྲ་ཤིས་ལྷུན་པོའི་དཔེ་རིང་མ་དཔེ་རུ་བཟུང་ཞིང་གཞན་ཞོལ་པར་དང་། སྡེ་དགེ་པར་མ། སྐུ་འབུམ་པར་མ། བླ་བྲང་པར་མ་སོགས་དང་གཤིབ་བསྡུར་བྱས་ཏེ་རྗེ་ཙོང་ཁ་པའི་གསུང་འབུམ་པོ་ཏི་བཅོ་བརྒྱད་ཡོངས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཏེ་དེ་རིང་སྟེ་བོད་རྒྱལ་ལོ་༢༡༤༤ལོའི་བོད་ཟླ་༡༡ཚེས་༧ཉིན་དང་ཕྱི་ལོ་༢༠༡༧ལོའི་ཟླ་༡༢ཚེས་༢༥རེས་གཟའ་ཟླ་བའི་ཉིན་ལེགས་པར་གྲུབ་སྟེ་དྲ་ངོས་སུ་བཞག་ཡོད།
  སྤྱིར་འདི་འདྲའི་དྲ་ཚིགས་ཤིག་གསར་བཟོ་བྱེད་པ་ལ་དུས་ཡུན་རིང་པོ་ཞིག་ལ་ཡིག་ཆ་ཁག་སྟེ་རྒྱུ་ཆ་འཚོལ་སྒྲུབ་བྱས་ཏེ་དྲ་ཚིགས་འཆར་འགོད་ཀྱི་མ་ཟིན་སོགས་གྲུབ་མཚམས་ཆེད་ལས་པ་གདན་ཞུས་ཀྱིས་བཟོ་དགོས་ནའང་། ཐོག་མར་འདི་གའི་དྲ་ཚིགས་གསར་བཟོའི་སྐབས་སུ་དྲ་ཚིགས་ལ་མཁོ་བའི་ཡིག་ཆ་སོགས་དང་འཆར་འགོད་ཀྱི་མ་ཟིན་སོགས་གང་ཡང་མེད་པར་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་དྲ་ཚིགས་གསར་བཟོ་བྱེད་དགོས་བྱུང་བས། སྐབས་དེར་དྲ་ཚིགས་ཀྱི་རྒྱུ་ཆ་སྟེ་འཕྲུལ་དེབ་ཀྱི་པར་རྩ་དང་། དཔེ་ཁྲིད། ལོ་རྒྱུས། རྣམ་ཐར། ངོ་སྤྲོད། པར་དང་བརྙན་སོགས་འཚོལ་སྒྲུབ་དང་གསར་རྩོམ་བྱེད་དགོས་པ་དང་། དྲ་ཚིགས་གསར་དུ་འཆར་འགོད་བྱེད་དགོས་བྱུང་བ། འཕྲུལ་དེབ་སོགས་ཀྱི་དཀར་ཆག་གམ་ཚན་པ་ཆེ་ཁག་བཅུ་དང་། ཡན་ལག་གི་དཀར་ཆག་གམ་ཚན་པ་སུམ་བརྒྱར་ཉེ་བ་རེ་རེར་དཀར་ཆག་ངོས་འཛིན་ནམ་ས་ཟིན་ཆེད་འཕྲུལ་དེབ་ཀྱི་སྡེ་ཚན་ལ་གཞུང་ཚན་ཐུང་ངུ་རེ་རྩོམ་སྒྲིག་བྱས་ཏེ་འཇོག་དགོས་པས་ལས་བྱེད་ཚོར་ཆ་བགོས་ཀྱིས་གཞུང་ཚན་ཐུང་ངུ་རེ་མ་དཔེར་གཤིབ་བསྡུར་བྱས་ཏེ་འཕྲུལ་དེབ་ཏུ་རྩོམ་སྒྲིག་གིས་དྲ་ངོས་སུ་བཞག་པ་ཡིན་ལ། འཕྲུལ་དེབ་གཅིག་དཀར་ཆག་གཉིས་གསུམ་ལ་བེད་སྤྱོད་བཏང་བའང་ཡོད། གཞན་དཔེ་ཁྲིད་སོགས་ལའང་དེ་མཚུངས་ཀྱིས་དངོས་སམ་ཚབ་རེ་གྲ་སྒྲིག་བྱེད་དགོས་པ་དང་། འཕྲུལ་དེབ་དང་དཔེ་ཁྲིད་གང་ཡིན་ཀྱང་དཀར་ཆག་གམ་ཚན་པ་རེ་རེ་ལ་རྩོམ་པ་པོ་དང་གཞུང་ཚན། དཔེ་ཁྲིད། འཁྲིད་མཁན་དང་ཁྲིད་གཞུང་སོགས་ངོ་སྤྲོད་དང་ལོ་རྒྱུས་གསར་རྩོམ་བྱེད་དགོས་པ་སོགས་ལས་བྲེལ་ཞིག་གི་ངང་ལ་དྲ་ཚིགས་གྲུབ་པར་བྱས་ཏེ་སྒོ་འབྱེད་བྱེད་དགོས་བྱུང་པ་དང་། ༼འདི་ག་རྩོམ་སྒྲིག་ཁང་གི་ལས་བསྡོམས་འོག་ཏུ་གསལ།༽དྲ་ཚིགས་གྲུབ་མཚམས་དྲ་ངོས་གཙང་བཤེར་གྱིས་འཕྲུལ་དེབ་སོགས་ཇེ་ལེགས་སམ་ཚབ་རྣམས་ཀྱི་ཆེད་དུ་ཁ་གསབ་བྱེད་དགོས་བྱུང་ནའང་བར་གསེང་ནམ་ཡོད་ལ་ལས་བྱེད་ཚོས་རྗེ་གསུང་འབུམ་མ་དཔེ་དང་གཤིབ་བསྡུར་དང་། ཐོག་མར་མ་དཔེ་ལག་སོན་བྱུང་བ་དེ་བཀྲ་ཤིས་ལྷུན་པོའི་པར་མ་ཡིན་པས་དེ་མ་ཕྱིར་བཟུང་བ་དང་། པོ་ཏི་ཁ་ཤས་ཀྱི་རྗེས་སུ་ཞོལ་པར་དང་། སྡེ་པར། སྐུ་འབུམ་པར་མ། བླ་བྲང་པར་མ། བཀྲ་ཤིས་ལྷུན་པོའི་པར་རྙིང་། མཚོ་སྔོན་པར་མ་བཅས་ཀྱི་པར་བཤུས་ PDF ལག་འབྱོར་བྱུང་བས་དེ་དག་ལའང་གཤིབ་བསྡུར་བྱས་པ་ཡིན་ལ། ལས་བྲེལ་ཅུང་འཇགས་མཚམས་ལས་བྱེད་བཞིས་དམིགས་བསལ་ལས་དོན་གཞན་མ་བྱུང་ཚེ་གཙོ་བོར་རྗེའི་གསུང་འབུམ་གཤིབ་བསྡུར་གྱི་འགན་བླངས་ཏེ་རྗེའི་གསུང་པོ་ཏི་བཅོ་བརྒྱད་ཡོངས་དེ་རིང་དངོས་སུ་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཏེ་གྲུབ་པ་ལགས་སོ། །

སྦྲེལ་སྣེ། http://www.seranew.serajeyrigzodchenmo.org/index.php/du-rab-14/itemlist/tag/རྗེ་བློ་བཟང་གྲགས་པ།

ཞུ་སྒྲིག་བྱེད་སྟངས་ནི།

  ཞུས་དག་གི་ལས་རིམ་ནི་ཧ་ཅང་རྙོག་འཛིང་ཆེ་ལ། གནད་འགག་ཅན་ཞིག་དང་ཤིན་ཏུ་གལ་ཆེ་བ་ཞིག་ཀྱང་ཡིན། ཞུས་དག་གཏོང་མཁན་རང་ཉིད་ཐུན་མོང་གི་རིག་གནས་ཡོངས་ལ་ནང་བྱན་ཆུད་པ་ཞིག་མེད་ན་ཡང་རྒྱུས་ཡོད་པ་ཞིག་ཡིན་དགོས་ལ། ལྷག་པར་དུ་བརྡ་སྤྲོད་རིག་པའི་ཕྱོགས་ལ་རང་སྐྱ་ཕེར་བ་ཞིག་ངེས་པར་དུ་དགོས་ཤིང་། ཞུས་དག་གཏོང་སའི་གཞུང་གི་གོ་བའང་ཅུང་ཟད་ལེན་ཐུབ་པ་ཞིག་དགོས་པ་དང་། དེ་ལ་དུས་ཡུན་ཡང་གང་མང་ཞིག་གཏོང་དགོས་པ་ཡིན།
  འདི་ག་རྩོམ་སྒྲིག་ཁང་ལ་མཚོན་ན། མ་ཕྱིའི་ཡིག་འགྲོས་སོར་བཞག་བྱ་རྒྱུའི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་གལ་ཆེ་བ་དང་། དགེ་མཚན་ཆེ་བར་མཐོང་སྟེ། གཞི་བཅོལ་སའི་པར་གཞི་དེ་ཉིད་དང་བུ་ཡིག་གཉིས་ཞིབ་བསྡུར་བྱས་ཏེ། མ་ཕྱི་ཇི་མ་ཇི་བཞིན་རྩོམ་སྒྲིག་བྱ་རྒྱུ་དང་། མ་ཕྱི་དེར་པར་གཞི་མི་འདྲ་བ་གཞན་ཡོད་ཚེ་པར་གཞི་གཞན་རྣམས་ལ་གཤིབ་བསྡུར་བྱས་ཏེ་མི་འདྲ་བ་གང་ཡོད་ལ་འོག་མཆན་བཀོད་པ་ལས་ཞུས་དག་མི་གཏོང་རྒྱུ་འདེམ་པ་ཡིན།
   པར་གཞི་རྙིང་པ་དག་གི་ནང་དུ་ཡིག་འབྲུ་མི་གསལ་བ་དང་། པར་ཤིང་གི་ཡིག་འབྲུ་ལ་གས་ཆག་དང་། པར་ཡིག་པས་བྲིས་ནོར་ཤོར་བ། བརྐོས་ནོར་དང་། སྣག་ཚ་ཆ་མ་སྙོམས་པ་སོགས་ཀྱིས་ཡིག་ནོར་སོགས་རེ་ཟུང་ཡོད་པ་དག་དང་། གཞི་བཅོལ་སའི་པར་གཞི་ཨ་མ་ལས་མ་བཅོས་ཐབས་མེད་ཀྱི་ཡིག་ནོར་མངོན་གསལ་ཅན་དག་ནི་གཤིབ་སྡུར་བྱེད་སའི་པར་གཞི་གཞན་ལ་ཁུངས་གཏུགས་ཏེ་ནོར་བཅོས་དང་འོག་མཆན་འགོད་པ་ལས་འོལ་ཚོད་དམ་རང་དགར་བཟོ་བཅོས་བརྒྱབ་མེད་ལ། གཤིབ་བསྡུར་བྱེད་སའི་པར་གཞི་གཞན་དེའི་ཡི་གེ་དག་པ་དེ་ཉིད་པར་གཞིའི་གཞུང་དངོས་སུ་མཚམས་རྟགས་བཅས་བཀོད་ཡོད་པ་དང་། གཞུང་དངོས་ཀྱི་ཡིག་ནོར་དེ་ཉིད་དང་པར་གཞི་གཞན་དེའི་ཡི་གེ་དག་པ་དེ་གཉིས་ཀ་ཤོག་གྲངས་སོགས་མཉམ་སྦྱར་གྱིས་འོག་མཆན་དུ་བཀོད་ཡོད།
   གཤིབ་སྡུར་བྱེད་སའི་པར་གཞི་གཞན་མེད་པའམ་པར་གཞི་གཞན་དེར་ཡང་ནོར་ཡོད་ཚེ་གཤིབ་སྡུར་བྱེད་མཁན་རང་ཉིད་གྱིས་ནོར་བཅོས་བྱས་ཏེ་ནོར་བཅོས་ཀྱི་ཡི་གེ་དེ་ཉིད་པར་གཞིའི་གཞུང་དངོས་སམ་གཞུང་དཀྱུས་ཀྱི་ཡི་གེ་དང་མི་ནོར་བའི་ཆེད་སྔོན་དུ་མཚམས་རྟགས་༼ " ༽དང་རྗེས་སུ་མཆན་གྲངས་སྦྱར་ཞིང་། མ་ཕྱིའི་ཡིག་ནོར་དེ་ཉིད་མ་ཕྱིའི་ཤོག་གྲངས་དང་ཡིག་ཕྲེང་གར་ཡོད་ཁ་གསལ་མཉམ་སྦྱར་དང་། པར་གཞི་གཞན་ཡང་ཡོད་ཚེ་པར་གཞི་གཞན་གྱི་ཡིག་ནོར་དེ་ཡང་པར་གཞི་གཞན་དེའི་མིང་༼ མཚོན་རྟགས ༽དང་། ཤོག་གྲངས། ཡིག་ཕྲེང་བཅས་གར་ཡོད་ཁ་གསལ་མཉམ་སྦྱར་གྱིས་འོག་མཆན་དུ་བཀོད་ཡོད།
  གལ་ཏེ་གཞུང་ཡིག་གཅིག་ལ་ལག་ལེན་དང་མི་མཐུན་པའམ་མཐོང་དཀོན་པའི་ཡི་གེ་བྲིས་ཡོད་ནའང་དེ་ཉིད་མ་ཕྱི་དང་གཤིབ་སྡུར་བྱེད་སའི་པར་གཞི་ཚང་མར་གཅིག་མཚུངས་སུ་ཡོད་ཚེ་རང་སོར་འཇོག་རྒྱུ་ལས་བཅོས་མེད་ལ་འོག་མཆན་སོགས་ཀྱང་བཀོད་མེད།
  ཚིག་ཕྲད་སྦྱོར་སྟངས་ལས་པར་གཞི་རྙིང་པ་དག་གི་ནང་དུ་ཚིག་ཕྲད་ཞིང་སོགས་སྦྱོར་སྟངས་ལ་གཅིག་གྱུར་མེད་པ་དང་། བརྡ་སྤྲོད་ཀྱི་གཞུང་མང་ཆེ་བར་གསལ་བའི་ཐོབ་ཚུལ་ལྟར་སྦྱར་མེད་པ་དག་ནི་ཚིག་ཕྲད་དེ་དག་གི་ཐོབ་ཚུལ་གསུངས་པ་ལྟར་སྦྱར་ཏེ་གཅིག་གྱུར་འོང་ཐབས་བྱས་ཡོད་ལ། པར་གཞིའི་ཚིག་ཕྲད་ཀྱི་ཡི་གེ་དེ་ཉིད་འོག་མཆན་དུ་བཀོད་ཡོད། གཞན་ད་དྲག་འདོད་མིན་སོགས་ཀྱི་ཁྱད་པར་ལས་ཚིག་ཕྲད་སྦྱོར་སྟངས་མི་འདྲ་བར་འབྱུང་བ། དཔེར་ན། ཡིན་ཀྱང་། ཡིན་ཡང་ལྟ་བུའི་རིགས་ནི་མ་ཕྱིའི་པར་གཞིར་གང་ཡོད་སོར་བཞག་བྱས་ཏེ་པར་གཞི་གཞན་གྱི་སྦྱོར་སྟངས་མི་འདྲ་བ་ཡོད་ཚེ་དེ་ཉིད་འོག་མཆན་དུ་བཀོད་ཡོད། བདག་སྒྲའི་པ་བ་དང་མིང་མཐའི་པ་བའི་སྦྱོར་སྟངས་ནི་པར་རྙིང་དག་ལས་འབྱུང་བའི་སྦྱོར་ཚུལ་དེ་ལ་གོ་རྒྱུ་ཆེ་བས། མ་ཕྱིའི་པར་གཞིར་པར་རྙིང་དག་ལྟར་སྦྱར་ཡོད་ཚེ་རང་སོར་བཞག་ཡོད་ལ། པར་རྙིང་དག་དང་མི་མཐུན་པར་བརྡ་སྤྲོད་ཀྱི་གཞུང་ཁ་ཤས་སུ་གསལ་བའི་ཐོབ་ཚུལ་ཏེ་བདག་སྒྲའི་པ་བ་ཚིག་ཕྲད་གཞན་དབང་ཅན་དུ་བཞེད་པའི་ཐོབ་ཚུལ་དེ་ཉིད་ལག་ལེན་བསྟར་ཡོད་པ་དག་ནི་པར་གཞི་གཞན་དང་གཤིབ་བསྡུར་དང་། པར་གཞི་གཞན་མེད་ཚེ་གཞུང་ཡིག་པ་བ་དག་འོག་མཆན་དུ་བཞག་སྟེ་གཞུང་དཀྱུས་སུ་པར་རྙིང་དག་གི་སྦྱོར་ཚུལ་ལམ་ཚིག་ཕྲད་རང་དབང་ཅན་གྱི་ཐོབ་ཚུལ་དེ་ཉིད་ལག་བསྟར་གྱིས་གཞུང་དཀྱུས་སུ་མཚམས་རྟགས་དང་མཆན་གྲངས་བཅས་བཟོ་བཅོས་བརྒྱབ་ཡོད།
  ཡང་བྱ་ཚིག་སོགས་སྤྱོད་སྟངས་ལ་བརྡ་སྤྲོད་ཀྱི་གཞུང་གི་སྒྲིག་སྲོལ་དང་། ལག་ལེན་སོགས་ཀྱི་དབང་གིས་བྱ་ཚིག་སྦྱོར་སྟངས་མི་འདྲ་བར་འབྱུང་བ་དག་ཀྱང་མ་ཕྱིར་གང་ཡོད་རང་སོར་བཞག་པ་ལས་ཕྱོགས་གཅིག་དང་མི་མཐུན་པ་རྒྱུ་མཚན་དུ་བྱས་ཏེ་བཟོ་བཅོས་བརྒྱབ་མེད།
  འོག་མཆན་འགོད་སྐབས། ཡིག་གཟུགས་གཅིག་ཉིད་ལ་པར་གཞི་དག་ལས་མི་མཐུན་པའམ་མི་འདྲ་བ་བསྐྱར་མར་འབྱུང་བ་དང་། ཤོག་ངོས་གཅིག་གི་ནང་དུ་དེ་འདྲ་མང་དུ་འབྱུང་བ་དག་ལ་པར་ངོས་གཙང་མ་འོང་བ་སོགས་ཀྱི་ཆེད་དུ་དང་པོ་དེར་འོག་མཆན་བཀོད་ཅིང་གུག་རྟགས་སུ་གསལ་བཤད་མཉམ་སྦྱར་བྱས་ཏེ་གཞན་རྣམས་ལ་གཞུང་དཀྱུས་སུ་མི་མཐུན་པའམ་མི་འདྲ་བའི་ཡི་གེ་དེ་ཉིད་ཀྱི་གོང་དུ་མཚམས་རྟགས་ལས་འོག་མཆན་བཀོད་མེད།
ཤད་འཇོག་སྟངས་ལྟ་བུར་མཚོན་ན། མ་ཕྱིའི་པར་གཞི་ཁ་ཤས་སུ་རྩ་བ་ལུང་འདྲེན་དང་། གཞུང་འགྲེལ་ལྟ་བུར་གང་འགྲེལ་སའི་གཞུང་དྲངས་པ། ཡང་ན་གཞུང་གཞན་ལས་དྲངས་པ་ལྟ་བུའི་མཇུག་ཏུ་དང་ཚིག་བརྗོད་དེ་ཉིད་རྫོགས་མེད་པ་མཚོན་ཕྱིར་དུ་ཤད་གཉིས་ཐོབ་པ་དག་ལའང་དེ་ཉིད་གཞན་ལས་དྲངས་པ་སོགས་ཤེས་ཆེད་ཤད་གཅིག་ལས་བཞག་མེད་པ་དག་ཀྱང་མ་ཕྱི་ལྟར་རང་སོར་བཞག་ཡོད་ལ། སྤྱིར་ཀ་ག་ཤ་གསུམ་ལ་ཆིག་ཤད་ཀྱི་སྐབས་སུ་ཤད་མི་སྦྱོར་བ་དང་ཉིས་ཤད་ཀྱི་སྐབས་སུ་ཤད་གཅིག་ལས་སྦྱོར་མི་དགོས་པའི་སྲོལ་ཡོད་ནའང་། ཤིང་པར་རྣམས་སུ་ཤད་ཐོབ་སའི་ཡི་གེ་དེ་གསུམ་རྗེས་ཀྱི་ཡི་གེ་དང་ཚེག་ཁྱིམ་གཅིག་ཏུ་མི་ནོར་བའི་ཆེད་ཤད་བཞག་ཡོད་པ་ལྟར་འདིར་ཡང་ལག་ལེན་དེའི་རྗེས་སུ་འབྲངས་ཡོད། ཡིག་ཕྲེང་གཅིག་གི་འགོ་བཟུང་སྐབས་རྗེས་སུ་ཤད་ཐོབ་པའི་ཡིག་རྡོག་གཅིག་༼ ཡིག་རྡོག་གཅིག་ནི། སྔོན་རྗེས་མཐོང་རྒྱུ་མེད་པའི་མིང་གཞི་རྐྱང་པ་དང་བརྩེགས་འདོགས་ཅན་རྣམས་ཀྱང་ཡིག་རྡོག་གཅིག་ལ་བརྩིས་དགོས། དཔེར་ན། [ ཀ ] [ ཀོ ] [ སྐ ] [ སྐྲ ] [ སྐྲོ ] ལྟ་བུ། ༽ཅན་གྱི་རྗེས་སུ་ཤད་ཀྱི་ཚབ་ཏུ་རིན་ཆེན་སྤུངས་ཤད་སྦྱར་ཡོད། དེ་ཡང་རིན་ཆེན་སྤུངས་ཤད་ཀྱི་དགོས་དོན་ནི་ཐིག་འགོའི་ཡིག་རྡོག་དེ་ཉིད་ཀྱིས་ཚུགས་ཐུབ་ཆེད་དུ་ཡིན་པས་སྤུངས་ཤད་གཉིས་སྦྱོར་སྲོལ་མེད་པ་དང་། སྤྱིར་ཀ་ག་ཤ་གསུམ་གྱི་རྐང་པས་ཆིག་ཤད་ཀྱི་གོ་ཆོད་ནའང་རིན་ཆེན་སྤུངས་ཤད་ཀྱི་གོ་མི་ཆོད་པས་དེ་དག་གི་རྗེས་སུའང་སྤུངས་ཤད་བཅར་པའི་ཚུལ་དུ་སྦྱར་ཡོད། དམིགས་བསལ་འཕྲུལ་དེབ་སྒྲིག་བྱེད་ཀྱི་མཉེན་ཆས་ནང་དུ་ཡིག་སྙོམས་བཟོས་ཡོད་པས་ཡིག་རྡོག་ཁ་ཤས་ཀྱི་རྗེས་སུ་སྤུངས་ཤད་སྦྱར་ཚེ་ཡིག་ཕྲེང་གོང་མའི་རྗེས་སུ་ཤོར་འགྲོ་བའི་རིགས་ལ་སྤུངས་ཤད་སྦྱར་མེད། EPUB རྩོམ་སྒྲིག་གི་སྐབས་སུ་འཕྲུལ་དེབ་ཀྱི་སྒྲོམ་གཞི་ཆེ་ཆུང་སོགས་འགུལ་སྐྱོད་རང་དབང་བ་ཡིན་པས་སྤུངས་ཤད་ཀྱི་དགོས་དོན་སྟོར་འགྲོ་བས་ EPUB རྩོམ་སྒྲིག་གི་སྐབས་སུ་སྤུངས་ཤད་སྦྱར་མེད།
 དཀར་ཆག་འཇོག་སྟངས་ལ་མཚོན་ན། གཞུང་གི་ས་བཅད་དམ་གཞུང་ཚན་ཆེ་ཆུང་གཞིར་བཟུང་གིས་མང་ཉུང་འཚམ་པར་དཀར་ཆག་བསྒྲིགས་ཡོད་ལ། གཞུང་དཀྱུས་སུ་ཡིག་ལྷད་མི་འབྱུང་བའི་ཆེད་དུ་ས་བཅད་དེ་ཉིད་རང་སོར་དཀར་ཆག་ཏུ་ཐོ་འགོད་བྱས་ཡོད། དཀར་ཆག་ཏུ་འགྲོ་རྒྱུའི་ས་བཅད་ལ་དང་པོ་ནི་ལྟ་བུ་ལས་མེད་ཚེ། དང་པོ་གང་ཡིན་རྩད་བཅོད་བྱས་ཏེ་དེ་ཉིད་གུག་རྟགས་ནང་དུ་བཞག་ཅིང་གཞུང་དཀྱུས་དང་མི་ནོར་བའི་ཆེད་དེ་ཉིད་ཡིག་ཆུང་བྱས་ཡོད། དཔེར་ན། དང་པོ་༼ མཚན་དོན ༽ནི། ལྟ་བུ། གསུང་འབུམ་གྱི་དཀར་ཆག་སྐབས། ཤོག་གྲངས་ཇེ་མང་དུ་མི་འགྲོ་བ་དང་། རྩོམ་སྒྲིག་དང་འཕྲུལ་དེབ་ཁ་ཕྱེ་སླ་བར་དམིགས་ཏེ་གཞུང་ཚན་གང་ཡོད་ཀྱི་མཚན་བྱང་དེ་ཉིད་དཀར་ཆག་ཏུ་བསྒྲིགས་པ་ལས་ནང་གསེས་ཀྱི་དཀར་ཆག་བསྒྲིགས་མེད།
  རྩོམ་སྒྲིག་བྱས་པའི་འཕྲུལ་དེབ་ཀྱི་གཞུང་དཀྱུས་ཀྱི་དཀར་ཆག་ཏུ་ཐོ་འགོད་བྱས་ཡོད་པ་དེའི་སྟེང་དུ་མཛུབ་ནོན་བྱས་ཚེ་སྔོན་གྱི་དཀར་ཆག་ཏུ་ཕྱིར་སློག་བྱེད་པ་དང་། དཀར་ཆག་གང་རུང་ཞིག་གི་སྟེང་དུ་མཛུབ་ནོན་བྱས་ཚེ་དེའི་དོན་གསལ་བའི་གཞུང་དཀྱུས་སུ་འགྲོ་བ། དེ་བཞིན་དུ་རྒྱབ་ཤོག་གི་སྨད་ཀྱི་སུམ་ཆ་གཅིག་ཙམ་གྱི་ས་ཁོངས་གང་རུང་ཞིག་ལ་མཛུབ་ནོན་བྱས་ཚེ་དཀར་ཆག་ཏུ་འགྲོ་བ་དང་། མཇུག་གི་ཤོག་ངོས་ཀྱི་འོག་ཏུ་དབུ་གཟིགས་ལ་ཕེབས་པར་ཞུ་ཞེས་པར་མཛུབ་ནོན་བྱས་ཚེ་མདུན་ངོས་ལ་འགྲོ་བ་སྟེ་ཀློག་པ་པོར་སྟབས་བདེ་འོང་ཆེན་ཡར་མར་ཕན་ཚུན་ཕྱིར་སློག་བྱས་ཆོག་པར་བཟོས་ཡོད་ཅིང་། གོང་གི་འདི་གའི་དྲ་ཚིགས་དང་ཡིག་སྒམ་གྱི་དབྱིན་ཡིག་གི་ཁ་བྱང་གང་ཞིག་ལ་མཛུབ་ནོན་བྱས་ཀྱང་དེ་གཉིས་སོ་སོ་ནས་ཁ་ཕྱེ་འོང་བར་བྱས་ཡོད།
  རྩོམ་སྒྲིག་བྱེད་སའི་མཉེན་ཆས་ ID ནང་དུ་རྩོམ་སྒྲིག་དང་། འཕྲུལ་དེབ་ཁ་ཕྱེ་སླ་བ། ཀློག་པ་པོས་ཀློག་སྤྲོ་བ་སོགས་ཀྱི་ཆེད་དུ་འཕྲུལ་དེབ་ཀྱི་ཤོག་ངོས་རེ་རེར་དོན་ཚན་ཆེ་ཆུང་ལ་དཔགས་ཏེ་ཡིག་ཕྲེང་མར་ཕབ་ཡོད་ལ། ཤོག་གྲངས་ཧ་ཅང་མང་བའི་གཞུང་དག་ལ་ཡིག་ཕྲེང་མར་ཕབ་པ་དེས་འོག་གི་ཡིག་ཕྲེང་དང་ཤོག་གྲངས་ཇེ་མང་དུ་མི་འགྲོ་བར་བསམ་བློ་གཏོང་དགོས་པས་དོན་ཚན་ཆེ་འབྲིང་ཆུང་གསུམ་གང་རུང་ཞིག་གི་མཇུག་ཡིན་མིན་ལ་མ་བལྟོས་པར་གཞུང་མཚམས་གང་རུང་ཞིག་ནས་མར་ཕབ་ཡོད།
  ནོར་བཅོས་སོགས་མ་ཕྱིའི་གཞུང་དཀྱུས་སམ་གཞུང་ཡིག་ལ་འགྱུར་བ་ཆེ་ཆུང་གང་འདྲ་ཞིག་བཏང་ནའང་ཡི་གེ་དེ་ཉིད་ཀྱི་སྔོན་དུ་མཚམས་རྟགས་༼ " ༽དང་། རྗེས་སུ་མཆན་གྲངས་སྦྱར་ཏེ་དེ་ཉིད་མ་ཕྱིའི་གཞུང་ཡིག་དང་མི་ནོར་བར་བྱས་ཡོད་ལ། མ་ཕྱིའི་གཞུང་ཡིག་ཉིད་མ་ཕྱིའི་ཤོག་གྲངས་དང་ཡིག་ཕྲེང་མཉམ་སྦྱར་གྱིས་འོག་མཆན་དུ་བཀོད་པ་དང་། གཞུང་དཀྱུས་སུ་མཚམས་རྟགས་དང་མཆན་གྲངས་གཉིས་ཀྱི་བར་དུ་བཞག་ཡོད་པའི་ཡི་གེ་དེ་ཉིད་པར་གཞི་གཞན་ལས་བྱུང་བ་ཡིན་ཚེ་འོག་མཆན་དུ་པར་གཞི་གང་ཡིན་གྱི་མཚོན་རྟགས་མཉམ་སྦྱོར་བྱས་ཡོད། གཞུང་ཡིག་མཆན་རྟགས་ཅན་གང་ཞིག་ལ་འོག་མཆན་དུ་མ་ཕྱིའི་ནོར་བཅོས་སོགས་ཀྱི་ཡི་གེ་དེ་ཉིད་དང་། མཆན་རྟགས་ཅན་གྱི་ཡི་གེ་དེ་ཉིད་པར་གཞི་གཞན་གྱི་ཡིན་ཚེ་དེ་ཉིད་ཀྱི་ཤོག་གྲངས་དང་ཡིག་ཕྲེང་མཉམ་སྦྱར་བྱས་ཏེ་འོག་མཆན་དུའང་བཀོད་ཡོད་ལ། གཞུང་དཀྱུས་ཀྱི་མཆན་རྟགས་ཅན་གྱི་ཡི་གེ་གང་ཞིག་འོག་མཆན་དུ་རང་རྟགས་སྦྱར་ཡོད་པ་དག་ནི་གཤིབ་སྡུར་བྱེད་མཁན་གྱི་ཡིན།
  གཞན་ཞུ་སྒྲིག་པས་ནོར་བཅོས་ཀྱི་ཡི་གེ་དང་། མཚམས་རྟགས། མཆན་གྲངས་རྣམས་བླངས་ཏེ་མཆན་གྲངས་ལྟར་གྱི་འོག་མཆན་གྱི་གཞུང་ཡིག་དག་ཚུར་དྲངས་ཏེ་གཞུང་དཀྱུས་དང་སྦྱར་ན། གཞུང་དེ་དང་དེའི་མ་ཕྱིའམ་གཞི་བཅོལ་སའི་པར་གཞི་དངོས་ཇི་མ་ཇི་བཞིན་འབྱུང་ངོ་། །
  ཐེངས་འདིར་ང་ཚོས་རྩོམ་སྒྲིག་བྱས་པའི་རྗེ་གསུང་འབུམ་གྱི་འཕྲུལ་དེབ་འདི་གཙོ་བྱས་པའི་དྲ་ངོས་ཀྱི་འཕྲུལ་དེབ་སོགས་ལ་ནོར་འཁྲུལ་སོགས་གཟིགས་ཚེ་འདི་གར་འབྲེལ་གཏུགས་ཀྱིས་ཁ་གསལ་ངོ་སྤྲོད་གནང་ན། འདི་ནས་ནོར་འཁྲུལ་ངོས་ལེན་གྱིས་ཡོ་བསྲང་དང་། པར་གཞིར་བསྐྱར་ཞིབ་དང་ལེགས་སྒྲིག་བྱེད་ངེས་ཡིན་ལ། ང་ཚོ་ཚང་མས་དཔུང་པ་མཉམ་འདེགས་དང་ཁུར་མཉམ་ལེན་བྱས་ཚེ་མ་འོངས་པར་འཕྲུལ་དེབ་སོགས་ཀྱི་སྤུས་ཀ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་ངེས་ལགས་ན་དགོངས་འཆར་དང་རྒྱབ་སྐྱོར་གང་མང་གནང་རྒྱུ་མཁྱེན་མཁྱེན།

༈ སྤྱིར་སེར་བྱེས་རིག་མཛོད་ཀྱི་དྲ་ཚིགས་ལ་སྡེ་ཚན་མི་འདྲ་བ་བཅུ་ཕྲག་ལྷག་ཡོད་པ་ལས་གཙོ་ཆེ་བ་དག་ནི།
༡ ༽ འཕྲུལ་དེབ་ཀྱི་སྡེ་ཚན།      ༢ ༽ དཔེ་ཁྲིད་སོགས་སྒྲའི་སྡེ་ཚན།༼ སྒྲ་མཛོད། ༽
༣ ༽ གསུང་ཆོས་སོགས་བརྙན་གྱི་སྡེ་ཚན།༼ བརྙན་མཛོད། ༽      ༤ ༽ གསར་འགྱུར་གྱི་སྡེ་ཚན།
༥ ༽ ངོ་སྤྲོད་ཀྱི་སྡེ་ཚན།      ༦ ༽ ལོ་རྒྱུས་ཀྱི་སྡེ་ཚན།
༧ ༽ གསལ་བཤད།      ༨ ༽ གསལ་བསྒྲགས།
༩ ༽ པར་མཛོད།      ༡༠ ༽ བཀའ་སློབ། བཅས་ཡིན།

༡ ༽ དེ་དག་ལས་གཞུང་ཆེན་སོགས་སློབ་གཉེར་བའི་དགོས་མཁོར་དམིགས་ཏེ་འཕྲུལ་དེབ་ཁྱོན་བསྡོམས་( ༣༠༦ ) རྩོམ་སྒྲིག་བྱས་ཏེ་ལྟ་ཀློག་དང་མཉམ་དུ་དཔེ་ཁྲིད་ཡོད་པ་དག་ལ་དཔེ་ཁྲིད་ཀྱི་དྲ་སྣེ་དང་མཉམ་སྦྱར་གྱིས་དྲ་ཚིགས་སུ་བཞག་ཡོད།
༢ ༽ སྒྲ་མཛོད་ཀྱི་ནང་དུ་གཞུང་ཆེན་སོགས་ཀྱི་དཔེ་ཁྲིད་( ༤༠༥ ) འཚོལ་བསྡུ་བྱས་ཏེ་ mp3. བཟོ་བ་དང་ཕབ་ལེན་སོགས་ཀྱི་ཆེད་དུ་ལྗིད་ཚད་ཇེ་ཆུང་དུ་གཏོང་བ་དང་མི་གསལ་རྣམས་ཇེ་གསལ་དུ་གཏོང་བ་སོགས་ཀྱི་སྒྲིག་སྦྱོར་དང་ཁྲིད་གཞུང་གི་འཕྲུལ་དེབ་ཡོད་པ་དག་ལ་དྲ་ཚིགས་ཀྱི་སྦྲེལ་སྣེ་མཉམ་སྦྱར་བྱས་ཏེ་སེར་བྱེས་རིག་མཛོད་ཆེན་མོའི་དྲ་ཚིགས་དང་སྒྲ་རྐྱང་པ་ཉན་བྱེད་ཀྱི་མཉེན་ཆས་ ( SoundCloud ) གཉིས་སུ་བཞག་ཡོད།
༣ ༽ བརྙན་མཛོད་ཀྱི་ནང་དུ་མཛད་རྣམ་སོགས་བརྙན་མི་འདྲ་བ་བརྒྱ་ཕྲག་ལྷག་སྒྲིག་སྦྱོར་བྱས་ཏེ་བཞག་ཡོད།
༤ ༽ གསར་འགྱུར་གྱི་སྡེ་ཚན་གྱི་ནང་དུ་གྲྭ་ཚང་གི་མཛད་རིམ་ཆེ་ཁག་གིས་མཚོན་གསར་འགྱུར་མི་འདྲ་བ་( ༧༩ ) བྲིས་ཏེ་དྲ་ཚིགས་སུ་བཞག་ཡོད།
༥ ༽ ངོ་སྤྲོད་ཀྱི་སྡེ་ཚན་ནང་དུ་དུས་ཆེན་ཁག་སོགས་ཀྱི་ངོ་སྤྲོད་མི་འདྲ་བ་བཅུ་གཅིག་( ༡༡ ) བྲིས་ཏེ་དྲ་ཚིགས་སུ་བཞག་ཡོད།
༦ ༽ ལོ་རྒྱུས་ཀྱི་སྡེ་ཚན་གྱི་ནང་དུ་སེ་རའི་ལོ་རྒྱུས་དང་གྲྭ་ཚང་གི་ལོ་རྒྱུས་དང་ཚོགས་པ་ཁག་སོགས་ཀྱི་ངོ་སྤྲོད། གྲྭ་ཚང་ཕྱག་བཏབ་པ་ནས་ད་ལྟའི་བར་གྱི་མཁན་རབས་རིམ་བྱོན་གྱི་མཚན་ཐོ་དང་མཁན་རབས་སུམ་ཅུ་ལྷག་གི་ལོ་རྒྱུས། གྲྭ་ཚང་རང་ནས་བྱོན་པའི་དགའ་ལྡན་ཁྲི་པ་རིམ་བྱོན་གྱི་མཚན་ཐོ་དང་ཁྲི་ཆེན་བཅོ་ལྔའི( ༡༥ )ལོ་རྒྱུས། གྲྭ་ཚང་རང་ནས་ཕེབས་པའི་བོད་ཀྱི་ལོ་རྒྱུས་ཐོག་གྲགས་ཆེ་བའི་མཁས་དབང་རིམ་བྱོན་གྱི་མཚན་ཐོ། གྲྭ་ཚང་རང་ནས་ཕེབས་པའི་རྒྱུད་སྟོད་སྨད་ཀྱི་མཁན་པོ་རིམ་བྱོན་གྱི་མཚན་ཐོ་དང་མཁན་པོ་རྣམས་ཀྱི་ལོ་རྒྱུས་སོགས་བྲིས་ཏེ་དྲ་ཚིགས་སུ་བཞག་ཡོད།
༧ ༽ པར་མཛོད་ཀྱི་ནང་དུ་གྲྭ་ཚང་གི་ལོ་རྒྱུས་ཐོག་ལ་གལ་ཆེ་བའི་པར་རྙིང་སོགས་པར་སྣ་མི་འདྲ་བ་ཉིས་བརྒྱ་ལྷག་འཚོལ་བསྡུ་བྱས་ཏེ་དྲ་ཚིགས་སུ་བཞག་ཡོད།
༨ ༽ གཞན་འཕྲུལ་དེབ་ཀྱི་གཞུང་མཛད་པ་པོའི་རྣམ་ཐར་མི་འདྲ་བ་བརྒྱ་ཕྲག་ལྷག་རྒྱས་བསྡུས་མི་འདྲ་བ་གཉིས་རེ་གསར་རྩོམ་བྱས་ཏེ་འཕྲུལ་དེབ་དང་དྲ་ངོས་སུ་བཞག་ཡོད།
༩ ༽ དཔེ་ཁྲིད་གནང་མཁན་གྱི་ལོ་རྒྱུས་མི་འདྲ་བ་བརྒྱ་ཕྲག་ལྷག་གསར་རྩོམ་བྱས་ཏེ་དྲ་ངོས་སུ་བཞག་ཡོད།
༡༠ ༽ དྲ་ཚིགས་ཀྱི་དཀར་ཆག་སྡེ་ཚན་ཆེ་བ་བཅུ་ལྷག་དང་། ཡན་ལག་གི་དཀར་ཆག་ཉིས་བརྒྱ་དང་ལྔ་བཅུ་ལྷག་འཆར་འགོད་དང་གསར་རྩོམ་བྱས་ཡོད།
༡༡ ༽ འཕྲུལ་དེབ་དང་སྒྲ་མཛོད་བརྙན་སོགས་ལ་དྲ་ངོས་སུ་ངོ་སྤྲོད་ཚན་པ་གཉིས་རེ་བཅས་ཁྱོན་བསྡོམས་ངོ་སྤྲོད་ཚན་པ་ཆིག་སྟོང་ལྔ་བརྒྱ་ལྷག་གསར་རྩོམ་དང་སྒྲིག་བཀོད་བྱས་ཡོད།
༡༢ ༽ བཀའ་བསྟན་སོགས་གསུང་རབ་ཀྱི་པར་རྩ་ (pdf) ནང་དུ་ཡོད་པ་ཁྲི་གཅིག་ལྷག་འཚོལ་བསྡུ་བྱས་ཡོད་ལ། (word) ནང་དུ་ཡོད་པ་གཤིབ་བསྡུར་བྱས་ཏེ་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཆོག་པའི་པར་རྩ་སྟོང་ཕྲག་ཁ་ཤས་དང་། ཞུས་དག་སོང་བའི་པར་རྩ་བརྒྱ་ཕྲག་གཅིག་ལྷག་འཚོལ་བསྡུ་བྱས་ཡོད།
༡༣ ༽ རིག་མཛོད་དཔེ་ཚོགས་ཀྱི་ངོ་བོར་དཔེ་ཆ་དྲུག་རྩོམ་སྒྲིག་བྱས་ཡོད།
༡༤ ༽ གཞན་དགེ་རྒན་གདན་འདྲེན་ཞུས་ཏེ་རྩོམ་སྒྲིག་ཁང་གི་ལས་བྱེད་རྣམས་ལ་ལོ་གཉིས་ལ་དྲ་རྒྱ་སོགས་ཀྱི་སྐོར་ལ་ཟབ་སྦྱོང་ཟླ་གསུམ་རེར་སྤྲད་ཡོད།
༡༥ ༽ ཁྱོན་བསྡོམས་ལོ་རྒྱུས་སོགས་གསར་རྩོམ་བྱས་ཏེ་བྲིས་པ་ཤོག་གྲངས་ A4 ཅན་༢༢༥༦ ལྷག་དང་ཡིག་འབྲུ་འབུམ་ཕྲག་ཁ་ཤས་བྱུང་ཡོད།

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༧།༡༢།༢༥ལ།

དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།

དྲ་ཐོག་འཇུག་དུས། 2016 ལོའི་ཟླ་བ། Feb ཚེས། 07 རེས་གཟའ། Sun

ལོ་གཅིག་གི་གནས་འཕྲིན་ཉུང་བཏུས།

དྲ་འཇུག་པ།

རིག་མཛོད་དུ་བཀོད་པའི་གནས་འཕྲིན་ཉིང་བཏུས།

བོད་རྒྱལ་ལོ་ ༢༡༤༡ ལོའི་བོད་ཟླ་ ༡༠ ཚེས་ ༡༨ དང་ཕྱི་ལོ་ ༢༠༡༤ ལོའི་ཟླ་༡༢ ཕྱི་ཚེས་༩ ཉིན་སེར་བྱེས་གྲྭ་ཚང་གིས་གོ་སྒྲིག་འོག་སྡེ་པ་ཐ་དད་པའི་འདུལ་འཛིན་དག་འཛོམས་ཏེ་དམ་ཆོས་འདུལ་བའི་སྐོར་ལ་བགྲོ་གླེང་བྱས།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/བགྲོ་གླེང་འཕྲིན་གསར།?start=3

 

བོད་རྒྱལ་ལོ་ ༢༡༤༡ ལོའི་བོད་ཟླ་ ༡༢ ཚེས་ ༢༤ དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༠༢ ཚེས་ ༡༣ ཉིན་སེར་བྱེས་གྲྭ་ཚང་གིས་གསོལ་འདེབས་ཞུས་པ་ལྟར་༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་གྲྭ་ཚང་གི་ཡི་དམ་དཔལ་རྟ་མཆོག་རོལ་པ་ཡང་གསང་གི་དབང་བསྐུར་ཟབ་མོ་གནང་།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གསུང་ཆོས་འཕྲིན་གསར།

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༣ ཚེས་ ༢༥ དང་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༥ ཚེས་༡༣ སྐུའི་བླ་གཟའ་སྟེ་རེས་གཟའ་ལྷག་པ་འབྱུང་འཕྲོད་དགེ་བའི་ཉིན་དང་བསྟུན། སེར་བྱེས་གྲྭ་ཚང་གིས་བྱང་རྩེ་ཆོས་རྗེ་རིན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པར་བརྟན་བཞུགས་ཕུལ།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/ཕྱོགས་གཞན་གྱི་གནས་འཕྲིན།?start=1

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༤ ཚེས་ ༡ དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༥ ཚེས་ ༡༩ ཉིན་ནས་ཟླ་གཅིག་གི་རིང་ལ་ཨ་རིའི་ཨེ་མོ་རིའི་མཐོ་སློབ་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་གོ་སྒྲིག་འོག་གདན་ས་ཁག་ཏུ་ཟླ་གཅིག་གི་ཚན་རིག་ཟབ་སྦྱོང་ཐེངས་གཉིས་པ་དངོས་སུ་འགོ་ཚུགས།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/ཟབ་སྦྱོང་འཕྲིན་གསར།

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༤ ཚེས་ ༡༥ དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༦ ཚེས་ ༢ ས་ཟླའི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོར་སེ་རར་ཡང་བོད་ཡུལ་བྱིངས་ལྟར་སྐྱ་སེར་དབྱེར་མེད་ཀྱིས་མཆོད་མཇལ་དང་མཆོད་འབུལ་སོགས་ཀྱིས་དགེ་བའི་ཕྱོགས་ལ་བྲེལ་ཟིང་ཧ་ཅང་ཆེ།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/ཆོས་ཕྱོགས་ཀྱི་གནས་འཕྲིན་གཞན།?start=1

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༤ ཚེས་ ༡༧ དང་ཕྱི་ལོ་ ༢༠༡༥་ལོའི་ཕྱི་ཟླ་༦ པའི་ཚེས་ ༤ ཉིན་སྔ་དྲོའི་ཆུ་ཚོད་བརྒྱད་པའི་སྟེང་། སེར་བྱེས་གྲྭ་ཚང་གི་སྒྲ་ལེན་ཁང་ལེགས་པར་གྲུབ་སྟེ་སྒྲ་བརྙན་ཕབ་ལེན་དངོས་སུ་འགོ་བཙུགས།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=22

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༤ ཚེས་ ༢༨ དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༦ ཚེས་ ༡༤ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་ལ་བཀའ་དྲིན་རྗེས་དྲན་ཞུ་སླད། སེར་བྱེས་སློབ་གྲྭས་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་གདན་ཞུ་གནང་སྟེ་བཀའ་སློབ་གསུང་བཤད་གོ་སྒྲིག་བྱས།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=21

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༤ ཚེས་ ༢༩ དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༦ ཚེས་ ༡༥ རེས་གཟའ་ཟླ་བའི་ཉིན་གྱི་ཕྱི་དྲོར། བཀའ་བློན་ཁྲི་ཟུར་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་སེར་བྱེས་གྲྭ་ཚང་གི་ཆོས་རར་གཟིགས་སྐོར་དུ་ཕེབས།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=20

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༥ ཚེས་ ༤ དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༦ ཚེས་ ༢༠ སྟེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧དགུང་གྲངས་བརྒྱད་ཅུར་ཕེབས་པའི་༧སྐུའི་འཁྲུངས་སྐར་ཉིན། བོད་མིའི་སྒྲིག་འཛུགས་དང་རི་བོ་དགེ་ལྡན་པ། མདོ་སྨད་ཆོལ་ཁ་གསུམ་གྱིས་བརྟན་བཞུགས་འབུལ་བའི་སྐལ་བཟང་གི་ཉིན་མོ་དང་བསྟུན་ཏེ། སེར་བྱེས་གྲྭ་ཚང་དུ་ཉིན་གཅིག་གི་རིང་བླ་སྤྲུལ་དགེ་བཤེས་དང་། དགེ་འདུན་དམངས། སེར་བྱེས་སློབ་གྲྭའི་སློབ་ཕྲུག་རྣམས་དང་བཅས་པ་དབུ་བཞུགས་ཀྱིས་གྲྭ་ཚང་གི་ཡི་དམ་དཔལ་མཆོག་རྟ་མགྲིན་ཡང་གསང་གི་ཚོགས་བསྐང་ཕུལ།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/ཆོས་ཕྱོགས་ཀྱི་གནས་འཕྲིན་གཞན།

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༥ ཚེས་ ༤ དང་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༦ ཚེས་ ༢༧་ཉིན་ཏེ་རྒྱ་གར་གཞུང་གི་ཤིང་སྣ་འདེབས་འཛུགས་ཀྱི་དུས་ཆེན་ཉིན་མོ་དང་བསྟུན། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགུང་གྲངས་བརྒྱད་ཅུ་བཞེས་པའི་སྐུའི་འཁྲུངས་སྐར་གྱི་དམིགས་བསལ་དགྱེས་སྟོན་ཁྱད་པར་ཅན་བསུ་བའི་ཆེད་དུ། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རར་མངའ་སྡེའི་ཆེས་མཐོའི་ཁྲིམས་ཞིབ་པ་གདན་ཞུས་ཀྱིས་སེར་སྐྱ་མང་པོས་ཤིང་སྣ་འདེབས་འཛུགས་བྱས།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=19

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༥ པ་དང་ཕྱི་ལོ་༢༠༡༥ ལོའི་ཟླ་ ༦ པའི་ཟླ་སྟོད་སེར་སྨད་གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་དང་། སེར་བྱེས་གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་རྣམ་གཉིས་ཀྱིས་བཀོད་སྒྲིག་གནང་སྟེ། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཆོས་རར་གྲྭ་ཚང་གཉིས་ཀྱི་སློབ་གཉེར་པ་ཡོངས་རྫོགས་མཉམ་དུ་འཛོམས་ཏེ། ཕར་ཕྱིན་གྱི་དམ་བཅའ་ཆེན་མོ་དང་། ཕྱི་ཟླ་ ༦ པའི་ཚེས་ ༢༩ ཉིན་སེར་བྱེས་གྲྭ་ཚང་གི་ཆོས་རར་འཚོགས།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/བགྲོ་གླེང་འཕྲིན་གསར།?start=2

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༥ ཚེས ༡༩ ་དང་ཕྱི་ལོ་༢༠༡༥ ལོའི་ཟླ་ ༧ ཚེས་ ༥ སྟེ་ཤིང་སློང་གི་ཉིན་མོ་དང་བསྟུན་སེ་ར་ཐེག་ཆེན་གླིང་གི་གྲྭ་ཚང་བྱེས་སྨད་ཀྱི་དགེ་བསྐོས་གཉིས་ཀྱི་བཀོད་སྒྲིག་འོག་སློབ་གཉེར་པ་ཡོངས་ནས་དགོན་པའི་ཕྱི་ནང་དང་གཞིས་གྲོང་བར་གྱི་ལམ་ཁའི་གཡས་གཡོན་སོགས་གཙང་བཟོ་གནང་།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/item/255-tsn0005

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༥ ཚེས ༢༠ ་དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས་ ༦ ཉིན་འཕགས་ཡུལ་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་ཀྱི་སེར་སྐྱ་མི་མང་ཡོངས་ནས་སེ་ར་ཐེག་པ་ཆེན་པོའི་གླིང་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་གསུམ་ལ་སྲུང་བརྩི་ཞུས།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/ཕྱོགས་གཞན་གྱི་གནས་འཕྲིན།

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༥ ཚེས ༢༠ ་དང་ཕྱི་ལོ་༢༠༡༥ལོའི་ཟླ་༧ཚེས་༦ཉིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་ཏེ་སེར་བྱེས་གྲྭ་ཚང་གིས་གསར་འཛུགས་བྱས་པའི་༧གོང་ས་མཆོག་གི་གསུང་མཛོད་ཁང་དབུ་འབྱེད་དང་། ཚན་རིག་འཛིན་གྲྭའི་སློབ་གཉེར་པ་ཁག་ཅིག་གིས་ཤིང་སྣ་འདེབས་འཛུགས་བྱས།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/item/256-tsn006

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༥ ཚེས ༢༠ ་དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ པའི་ཚེས་༦ ཉིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་སེར་བྱེས་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུས་ཉ་གང་མང་སྲོག་བླུ་དང་ཤིང་སྣ་འདེབས་འཛུགས། སེར་སྐྱ་མི་མང་ལ་ཞལ་ལག་གསོལ་ཚིགས་ལེགས་འབུལ་སོགས་གནང་།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=16


བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༥ ཚེས ༢༧ ་དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས་ ༡༣ རེས་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་དང་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ཚན་རིག་གི་དམ་བཅའ་དང་འགྲེམས་སྟོན་གནང་།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/བགྲོ་གླེང་འཕྲིན་གསར།?start=1

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༦ ཚེས ༢ ་དང་ཕྱི་ལོ་ཕྱི་ལོ་༢༠༡༥ལོའི་ཟླ་༧ ཚེས་ ༡༨ ཉིན་སློབ་གཉེར་ལ་གནོད་པར་གཟིགས་ཏེ་འཕྲུལ་རིགས་བེད་སྤྱོད་གཏོང་མི་ཆོག་པའི་སྒྲིག་གཞི་སྔོན་ཡོད་ལྟར། སེར་བྱེས་གྲྭ་ཚང་གི་ཁང་ཚན་སོ་སོར་དེའི་སྐོར་ལ་བསླབ་བྱ་དང་སྒྲིག་གཞི་བསྐྱར་བསྒྲགས་བྱས།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=15

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༧ ཚེས་ ༥ དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༨ པའི་ཚེས་ ༡༩ ཉིན་སེར་བྱེས་གྲྭ་ཚང་གི་ཆོས་རའི་ནང་དུ་གནད་ཡོད་སྐྱ་སེར་གང་མང་ཞིག་འཛོམས་ཏེ་སེར་བྱེས་རིག་མཛོད་ཆེན་མོའི་དྲ་ཚིགས་དངོས་སུ་དབུ་འབྱེད་གནང་།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=14

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༧ ཚེས་ ༥ དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༨ ཚེས་ ༡༩ ཉིན་སེར་བྱེས་གྲྭ་ཚང་གིས་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་མང་པོ་ཞིག་ལ་སློབ་ཡོན་གྱི་རོགས་སྐྱོར་དང་། ཡུལ་མི་དང་ལུགས་བདེའི་སློབ་གྲྭ་དང་རྒན་གསོ་ཁང་སོགས་ལ་ཆུ་གཙང་བཟོ་འཕྲུལ་ཆས་དང་ཆུ་མཛོད་སོགས་ཀྱི་རོགས་སྐྱོར་གནང་།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=13

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༧ ཚེས་ ༢༠ དང་ཕྱི་ལོ་ ༢༠༡༥ལོའི་ཟླ་ ༩ ཚེས་ ༣ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་བཞི་ལས་བློ་རྒྱུགས་དང་ཟུར་སྦྱོང་གི་རྒྱུགས་སྤྲོད་ལེན་འགོ་ཚུགས།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=12

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༧ ཚེས་ ༢༧ དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༩ ཚེས་ ༩ སེར་བྱེས་སློབ་གཉེར་ཁང་གི་གོ་སྒྲིག་འོག་དབུ་རྙིང་འཛིན་གྲྭའི་སློབ་གཉེར་བ་ཁ་ཤས་འདེམས་སྒྲུག་གིས་དགེ་འདུན་འདུས་པའི་དབུས་སུ་རྗེའི་དགོངས་པ་རབ་གསལ་ལས་དཀའ་གནད་སྐོར་ཞིག་ལ་བགྲོ་གླེང་གནང་།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/བགྲོ་གླེང་འཕྲིན་གསར།?limitstart=0

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༩ ཚེས་ ༦ དང་ཕྱི་ལོ་ ༢༠༡༥ལོའི་ཟླ་ ༡༠ ཚེས་ ༡༩ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་བཞི་ལས་རྩོད་རྒྱུགས་ལེན་འགོ་ཚུགས།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=11

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༩ ཚེས་ ༡༨ དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༠ པའི་ཚེས་ ༣༠ དང་ ༣༡ སྟེ་ཉིན་གཉིས་ལ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཚན་རིག་སྡེ་ཚན་གྱིས་གོ་སྒྲིག་བྱས་ཏེ་གྲྭ་ཚང་གི་ལྷ་རམས་པ་སྐོར་ཞིག་དང་ཚན་རིག་འཛིན་གྲྭའི་སློབ་གཉེར་བ་མང་པོ་ཞིག་ལ་དེང་རབས་སེམས་ཁམས་རིག་པའི་ཟབ་སྦྱོང་སྤྲད།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=10

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༩ ཚེས་ ༢༣ དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༡ ཚེས་ ༤ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་ཁོངས་ལས་ཚན་རིག་གི་བྲིས་རྒྱུགས་བླངས།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=9

 

སེར་བྱེས་གྲྭ་ཚང་གི་སློབ་གཉེར་བ་རྣམས་ལ་གཞུང་ཆེན་མོའི་བྲིས་རྒྱུགས་བླངས།
བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༩ ཚེས་ ༢༧ དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༡ ལོའི་ཚེས་ ༨ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་རྒྱུགས་ཞིབ་ལྷན་ཚོགས་ཀྱི་ལྟ་ཞིབ་དང་། དབུ་ཆོས་རྣམ་གཉིས་སོགས་ཀྱི་སྐོར་གཡེང་གི་འོག་ཏུ་སློབ་གཉེར་བ་རྣམས་ལ་སེར་བྱེས་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་ཁོངས་ཀྱི་གཞུང་ཆེན་མོའི་བྲིས་རྒྱུགས་དབུ་བཙུགས།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=8

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༡༠ ཚེས་ ༢༢ དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༢ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སེ་ར་སོགས་སུ་ཆིབས་བསྒྱུར་བསྐྱང་གྲབས་ཡོད་པས་ཁོར་ཡུག་གཙང་བཟོ་སོགས་གནང་།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=7

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༡༠ ཚེས་ ༢༤ དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༤ ཉིན་སེར་བྱེས་སློབ་གྲྭར་སྐྱབས་རྗེ་བཀའ་ཟུར་ཟམ་གདོང་རིན་པོ་ཆེས་འཇམ་དབྱངས་དཀར་པོའི་རྗེས་གནང་སོགས་གནང་།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=6

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༡༡ ཚེས་ ༢ དང་ཕྱི་ལོ་༢༠༡༥ ལོའི་ཟླ་ ༡༢ ཚེས་ ༡༣ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚན་རིག་པ་དང་ལྷན་དུ་སེམས་དང་ཚེ་སྲོག་གི་བགྲོ་གླེང་གི་ཆེད་དུ་བྱེས་ཀྱི་གདན་ས་སེ་ར་ཐེག་ཆེན་གླིང་དུ་ཆིབས་བསྒྱུར་བསྐྱངས།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=5

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༡༡ ཚེས་ ༣ དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༡༤ ཉིན་སེ་ར་བླ་སྤྱིའི་འདུ་ཁང་དུ་ ༧ གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ། ཚན་རིག་མཁས་པ་དང་ནང་པའི་དགེ་བཤེས་དང་བླ་སྤྲུལ་སོགས་སྐྱ་སེར་གང་མང་ལྷན་འཛོམས་ཀྱིས་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༣༠ པ་དངོས་སུ་ཚོགས།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=4

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༡༡ ཚེས་ ༩ དང་ཕྱི་ལོ་ ༢༠༡༥ ལོའི་ཟླ་༡༢ ཚེས་ ༡༩ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་གསར་པ་དབུ་འབྱེད་དང་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་གསུང་ཆོས་ཀྱི་འཕྲོ་དབུ་འཛུགས་གནང་།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=3

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༡༡ ཚེས་ ༢༡ དང་ཕྱི་ལོ་༢༠༡༥ ལོའི་ཟླ་ ༡༢ པའི་ཚེས་༣༡ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་ཡུལ་ལྷོ་ཕྱོགས་སུ་གནས་ཆགས་པའི་གདན་ས་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་གསར་པའི་དབུ་འབྱེད་མཛད་སྒོ་དང་འབྲེལ་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་གཙོ་བྱས་པའི་ཆོས་འབྲེལ་རྣམས་ལེགས་པར་གྲུབ།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=2

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༡༡ ཚེས་ ༢༢ དང་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡ ཚེས་ ༡ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཕྱོགས་ཀྱི་ཆོས་འབྲེལ་ཡོངས་སུ་གྲུབ་སྟེ་མང་ཚོགས་ལ་ཚེ་དབང་དང་གཞིས་ཁག་ལྔ་སོགས་ཀྱིས་༧མགོན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?start=1

 

བོད་རྒྱལ་ལོ་ ༢༡༤༢ ལོའི་བོད་ཟླ་ ༡༢ ཚེས་ ༤ དང་ཕྱི་ལོ་༢༠༡༦ ལོའི་ཟླ་ ༡ ཚེས་ ༡༣ ཉིན་སེར་བྱེས་གྲྭ་ཚང་གི་བཟང་སྤྱོད་ཆེན་མོ་ཡར་ཚོགས་བྱས་ཏེ་ཉིན་བདུན་ལ་འཚོགས།
གནས་ཚུལ་རྒྱས་པར་གཤམ་གྱི་འབྲེལ་སྣེ་ལས་གཟིགས་པར་ཞུ།
https://www.serajeyrigzodchenmo.org/latest-news-highlight/itemlist/tag/གནས་འཕྲིན་གཞན།?limitstart=0

 

སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༦།༠༢།༠༧ ལ།

ངོ་ཤོག 98 ནས་ 114