བརྡ་སྤྲོད་པ་སུམ་ཅུ་པ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། KGHSBJN624014
རིག་གནས། [བརྡ་སྤྲོད་པ།]
སྤྱིའི་ཨང་། ༠༠
མཚན་བྱང་། ་་་་་
མཛད་པ་པོ། ་་་་་་་་་་་
འདིར་གསལ་བཤད་ཞུ་རྒྱུར་ཚན་པ་འདིའི་ཡིག་ཆ་དག་གནས་སྐབས་སྒྲིག་བཟོ་བྱེད་ཐུབ་མེད་པས་དཀར་ཆག་སྒྲིག་བཟོའི་ཆེད་ཚབ་ཅིག་བཞག་ཡོད་ན་དགོངས་འགལ་མེད་པར་ཞུ།
དཀར་ཆག་ཟླ་འོད་གཞོན་ནུའི་འཁྲི་ཤིང་།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། KGKJN1790105
བཀའ་འགྱུར། [དཀར་ཆག]
སྤྱིའི་ཨང་། ༠༠
མཚན་བྱང་། ་་་་་
མཛད་པ་པོ། ་་་་་་་་་་་
འདིར་གསལ་བཤད་ཞུ་རྒྱུར་ཚན་པ་འདིའི་ཡིག་ཆ་དག་གནས་སྐབས་སྒྲིག་བཟོ་བྱེད་ཐུབ་མེད་པས་དཀར་ཆག་སྒྲིག་བཟོའི་ཆེད་ཚབ་ཅིག་བཞག་ཡོད་ན་དགོངས་འགལ་མེད་པར་ཞུ།
༢༠༡༨།༧།༡༦ ལམ་གཙོ་རྣམ་གསུམ། སེམས་སྦྱོང་ཚུལ་དང་འཇམ་དཔལ་མཚན་བརྗོད་ཀྱི་བཤད་ལུང་།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༦ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ལྡུམ་རྭ་བསམ་གཏན་གླིང་དགོན་དུ་ལམ་གཙོ་རྣམ་གསུམ། བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་སྦྱོང་ཚུལ་དང་འཇམ་དཔལ་མཚན་བརྗོད་ཀྱི་བཤད་ལུང་བཀའ་དྲིན་སྩལ་བའི་བརྙན་འཕྲིན་དགེའོ།།
སེར་བྱེས་ཕུར་མཇལ་ངོ་སྤྲོད།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།ལོ་ལྟར་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ནི། སེར་བྱེས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་པ་མཇལ་བའི་དུས་ཆེན་དེར་ཡོངས་གྲགས་སུ་སེ་ར་ཕུར་མཇལ་ཞེས་ཟེར།
སེར་བྱེས་གྲྭ་ཚང་གི་རྟེན་གཙོ་རྟ་མགྲིན་ཡང་གསང་ཡབ་ཡུམ་དང་། དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་པ་འདི་གཉིས་ནི་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་གཞིས་ཀ་དཔལ་འབྱོར་ལྷུན་པོར་བཞུགས་སྐབས། ཡབ་རྟོགས་ལྡན་ཡོན་ཏན་མགོན་པོས་ཁྱེད་ཡི་དམ་འདི་དང་ཕུར་པ་འདིར་མ་བྲལ་བ་གྱིས་ཞེས་ཕུལ་བར་གྲགས། དེ་ཡང་དང་ཐོག་ཕུར་པ་འདི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་བསིལ་བའི་ཚལ་གྱི་མཆོད་རྟེན་གྱི་དྲུང་ནས་གཏེར་དུ་བཞེས་པ་ཡི་དམ་གྱི་གཙོ་བོར་མཛད་ཅིང་། དུས་ཕྱིས་བོད་ཀྱི་ཆོས་རྒྱལ་ལ་དབང་རྒྱུད་གདམས་པ་དང་བཅས་པ་གནང་ནས་ལྷོ་ནུབ་སྲིན་པོའི་གླིང་དུ་ཕེབས་སྐབས་རྟ་མགྲིན་ཡང་གསང་གི་ཆོས་སྐོར་དང་ལྷན་ཅིག་ཡེར་བ་སེ་བ་ལུང་གི་བྲག་ལ་གཏེར་དུ་སྦས།
རྣམ་འགྲེལ་ལེའུ་གསུམ་པའི་དོགས་གནས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།༡ གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་དོན་དང༌། རྩ་བའི་རྟགས་དང་ཕྱོགས་ཆོས་སྒྲུབ་པའི་རྟགས་སོགས་ཀྱི་སྐོར་ལ། འགའ་ཞིག་གིས། ཤེས་བྱ་ཆོས་ཅན། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་རང་མཚན་དང་སྤྱི་མཚན་གཉིས་སུ་ངེས་པའི་ཕྱིར། ཞེས་འགོད་པ་དང་རྣམ་འགྲེལ་ཐར་གསལ་ལྟར་ན་ཡང་དེ་འདྲ་བ་ཞིག་ཏུ་མངོན་ནོ། །དེ་ལ་རྟགས་དེའི་རྟགས་ཆོས་དོན་གསུམ་ཚད་མས་ངེས་པའི་ཚེ་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་པར་གྲུབ་ཟིན་པས་ཚད་མ-མངོན་རྗེས་གཉིས་སུ་སྒྲུབ་བྱེད་ཀྱི་རྟགས་མིན་པར་འདོད་དགོས་ལ། འདོད་ན། ཚད་མ་ལ་མངོན་རྗེས་གཉིས་སུ་སྒྲུབ་པའི་རྟགས་མེད་པར་འདོད་ན། ཕྱོགས་ཆོས་སྒྲུབ་པ་སོགས་ཀྱང་མི་འཐད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །
འཆད་ཉན་ཨེ་ཚུགས་གཟིགས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།༈ རྗེ་རེད་མདའ་བས་སྙིམ་པའི་མེ་ཏོག་གི་འཆད་ཉན་ཨེ་ཚུགས་གཟིགས་གསུང་བའི་ཞུ་ལན་ས་སྐྱ་པ་ངག་དབང་གྲགས་པའི་ཞུ་ལན་དུ་གནང་བ། བཤེས་གཉེན་སྦ་བ་ལ་གནང་བ། བསྔོ་བའི་རིམ་པ་རྣམས་བཞུགས།
ཁྲིད་ཚན། སེར་བྱེས་སློབ་གཉེར་བ་སྐོར་ཞིག་གི་བགྲོ་གླེང་།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADD3333156
མཁས་པ་གཞན། [བགྲོ་གླེང་།] སྤྱིའི་ཨང་། ༢༥༦
རྣམ་པ། MP3 རྣམ་གྲངས། 25 ཆེ་ཆུང་། 421.6 MB
ཁྲིད་ཚན། བཀའ་པོད་ལྔའི་དམ་བཅའ།
བགྲོ་གླེང་པ། སེར་བྱེས་གྲྭ་ཚང་གི་སློབ་གཉེར་བ་སྐོར་ཞིག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༠༦ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
བགྲོ་གླེང་འདི་ནི་ཕྱི་ལོ་ ༢༠༡༤ ལོར་སེར་བྱེས་གྲྭ་ཚང་གི་ཆོས་རའི་ནང་དུ། སྟོན་པ་འཇིག་རྟེན་དབང་ཕྱུག་ཞལ་སྔ་ནས་མཆོག་ལ་རྒྱུགས་འབུལ་གྱི་ཚུལ་དུ། གདན་ས་གསུམ་དང་བཤད་གྲྭ་ཁག་གི་མཁས་དབང་དང་སློབ་གཉེར་བ་རྣམས་འདུས་འཛོམས་ཀྱི་དབུས་སུ། སེར་བྱེས་མཁས་སྙན་གྲྭ་ཚང་གི་སློབ་གཉེར་བ་སྐོར་ཞིག་གིས་གཞུང་ཆེན་བཀའ་པོད་ལྔ་ལ་དམ་བཅའ་དང་བགྲོ་གླེང་གནང་བ་ཞིག་ཡིན།
ཁྲིད་ཚན། བླང་དོར་བཀའ་སློབ། [ཀ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADK2040128
མཁས་པ་གཞན། [བཀའ་སློབ་སོགས།] སྤྱིའི་ཨང་། ༢༢༥
རྣམ་པ། MP3 རྣམ་གྲངས། 7 ཆེ་ཆུང་། 106.1 MB
ཁྲིད་ཚན། བླང་དོར་བཀའ་སློབ།
འཁྲིད་མཁན། ༧ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག
འཁྲིད་དུས། ༡༩༨༦
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༠༨ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་ནི། ༡༩༣༨ ལོར་མདོ་ཁམས་སྨད་དུ་སྐུ་འཁྲུངས། ཐོག་མའི་མཚན་ལ་མགོན་པོ་ཚེ་བརྟན་ཞུ། ༡༩༤༡ ལོར་པཎ་ཆེན་ནང་སྒང་ནས་པཎ་ཆེན་སྐུ་ཕྲེང་དགུ་བའི་ཡང་སྲིད་དུ་ངོས་འཛིན་ཞུས། བླ་ཁོ་རིན་པོ་ཆེས་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གསོལ། དངུལ་ཆུ་རིན་པོ་ཆེ་སོགས་ཡོངས་འཛིན་དུ་བསྟེན་ཏེ། གཞུང་ཆེན་ཁག་ལ་གསན་སྦྱངས་དང་ཉམས་བཞེས་མཐར་ཕྱིན་མཛད་པར་མ་ཟད། དགོན་སྡེ་ཉམས་གསོ་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས། ནང་རིག་གི་སློབ་གྲྭ་གསར་འཛུགས། དགོན་སྡེ་ཁག་ལ་བཤད་གྲྭ་གསར་འཛུགས་སོགས་བསྟན་འགྲོར་སྨན་པའི་རླབས་ཆེན་གྱི་ཕྱག་ལས་རྒྱ་ཆེར་གནང་ཞིང་། ལྷག་པར་དུ་བོད་ཁམས་སུ་དཔལ་འབྱོར་དང་། རིག་གནས། སློབ་གསོ་སོགས་གོང་འཕེལ་ཡོང་ཆེད་འབད་པ་ལྷོད་མེད་གནང་། ༡༩༦༢ ལོར་རྒྱ་གཞུང་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་བ་སོགས་ཀྱིས་ལོ་དགུའི་རིང་བཙོན་དུ་བཞུགས་དགོས་བྱུང་། ༡༩༧༨ ལོར་བཙོན་གྲོལ་ཐོབ་སྟེ། བོད་ཡུལ་ཡར་རྒྱས་ཀྱི་ཆེད་དུ་རྒྱ་གཞུང་ལ་སྐུལ་མ་དང་། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་བྱེད་རྒྱུར་ཐུགས་འཁུར་ཆེ་བཞེས་གནང་། ༡༩༨༧ལོར་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་བཙུགས། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། གོང་འཕེལ་གཏོང་རྒྱུར་ལྷག་པར་དུ་མཐོང་ཆེན་གནང་ཞིང་། ནང་བསྟན་སློབ་གྲྭ་དང་མཐོ་སློབ་གསར་འཛུགས་གནང་བ་སོགས་བོད་མི་རིགས་ཀྱི་རིག་གཞུང་གོང་འཕེལ་དང་། བོད་ཡུལ་གྱི་དཔལ་འབྱོར་ཡར་རྒྱས་དང་བོད་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཕྱག་ལས་རྒྱ་ཆེར་གནང་མུར། ༡༩༨༩ ལོའི་ཟླ་༡ ཕྱི་ཚེས་༢༨ ཉིན་བཀྲ་ཤིས་ལྷུན་པོའི་གཟིམ་ཆུང་དུ་དགོངས་པ་གཞན་དོན་དུ་གཤེགས།
ཁྲིད་གཞུང་། བླ་མ་མཆོད་པའི་ཆོ་ག [ཀ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADC203007
མཁས་པ་གཞན། [འཆད་ཁྲིད་གཞན།] སྤྱིའི་ཨང་། ༡༤
རྣམ་པ། MP3 རྣམ་གྲངས། 18 ཆེ་ཆུང་། 394.1 MB
ཁྲིད་གཞུང་། བླ་མ་མཆོད་པའི་ཆོ་ག
མཛད་པ་པོ། པཎ་ཆེན་བློ་བཟང་ཆོས་རྒྱན། [༡༥༧༠-ᨁᨆᨆᨂ]
འཁྲིད་མཁན། ཁྲི་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༢༢ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་སུམ་ཅུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནི། ༡༩༣༥ ལོར་ལྷ་རྩེར་འཁྲུངས། དགུང་ལོ་བཅུའི་སྐབས་ཆོས་སྒོར་ཞུགས། དགུང་ལོ་བཅུ་དྲུག་གི་སྐབས་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་གསན་གཟིགས་དང་ཐུགས་གཉེར་གནང་། ༡༩༦༠ ལོར་བྱེས་སུ་ཕེབས་ཏེ་གཞུང་ཆེན་ལྷག་མ་རྣམས་དང་གསང་སྔགས་ཀྱི་གཞུང་ལ་ཐུགས་གཉེར་གནང་། ༡༩༧༨ ལོར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ཏེ། བླ་མ་དབུ་མཛད་དང་རྒྱུད་སྨད་ཀྱི་མཁན་ཁྲིར་ཕེབས། ༢༠༡༠ ལོར་བྱང་རྩེ་ཆོས་རྗེར་ཕེབས་ཤིང་། ༢༠༡༧ལོའི་ཟླ་༦ཚེས་༢༤ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་རིན་པོ་ཆེ་ཁྲི་ཐོག་བརྒྱ་དང་བཞི་པར་བསྐོ་བཞག་གི་བཀའ་ཡིག་སྩལ་གནང་མཛད་པ་དང་། ལོ་དེའི་ཕྱི་ཟླ་༨ཚེས་༤ཉིན་དགའ་ལྡན་གསེར་ཁྲི་རིན་པོ་ཆེར་མངའ་གསོལ་ཏེ་དགའ་ལྡན་ཁྲི་རིན་པོ་ཆེའི་མཛད་ཁུར་དངོས་སུ་བཞེས་ཤིང་། རྒྱུན་དུ་ཕྱི་ནང་གི་དོན་གཉེར་ཅན་མང་པོར་ལུང་ཆོས་མན་ངག་དང་། གདན་ས་ཁག་ཏུ་སློབ་གཉེར་པ་རྣམས་ལ་གཞུང་ཆེན་བཀའ་པོད་ལྔ་སྔགས་དང་བཅས་པའི་བཀའ་ཁྲིད་རྒྱུན་ཆད་མེད་པར་གནང་བཞིན་བཞུགས་པ་ལགས་སོ། །[རྣམ་ཐར་འདི་ལས་ཅུང་རྒྱས་པ་ཞིག་རྣམ་ཐར་གྱི་ཚོམས་སུ་བཀོད་ཡོད་པས་དེར་གཟིགས་པར་ཞུ།]
ཁྲིད་གཞུང་། གསོ་རིག་རྒྱུད་བཞི།[ཀ] དང་པོ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADRS3333154
མཁས་པ་གཞན། [རིག་གནས།] སྤྱིའི་ཨང་། ༢༥༢
རྣམ་པ། MP3 རྣམ་གྲངས། 31 ཆེ་ཆུང་། 1.79 GB
ཁྲིད་གཞུང་། དཔལ་ལྡན་རྒྱུད་བཞི།
མཛད་པ་པོ། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། [༧༠༨-]
ཁྲིད་མཚམས། དང་པོ།
འཁྲིད་མཁན། ཨ་ལགས་འཇམ་དབྱངས།
སྒྲ་སྒྲིག་སྦྱོར་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་ ༠༣།༣༠ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་སུམ་ཅུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
མཁས་དབང་དམ་པ་ཁོང་གི་ལོ་རྒྱུས་སོགས་ལག་ཏུ་མ་སོན་པས་འབྲི་ཐབས་བྲལ་ལ། རྗེས་སུ་འཚོལ་སྒྲུབ་བྱེད་ངེས་ཡིན།
དེ་ལས་མང་བ།...
ཁྲིད་གཞུང་། སྙན་འགྲེལ་དཎྜིའི་དགོངས་རྒྱན།[ཀ] ལེའུ་དང་པོ་གཉིས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADRN2050126
མཁས་པ་གཞན། [རིག་གནས།] སྤྱིའི་ཨང་། ༢༢༢
རྣམ་པ། MP3 རྣམ་གྲངས། 58 ཆེ་ཆུང་། 1.6 GB
ཁྲིད་གཞུང་། སྙན་འགྲེལ་དཎྜིའི་དགོངས་རྒྱན།
མཛད་པ་པོ། བོད་མཁས་པ་མི་ཕམ་རྣམ་རྒྱལ།[༡༦༡༨-]
ཁྲིད་མཚམས། ལེའུ་དང་པོ་དང་གཉིས་པ།
འཁྲིད་མཁན། འགོས་པདྨ་རྒྱལ་མཚན།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༡༠།༢༩ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འགོས་པདྨ་རྒྱལ་མཚན་མཆོག་ནི། ༡༩༥༦ བོད་དུ་སྐུ་འཁྲུངས། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་མཚན་བསོད་ནམས་དབང་ཆེན་ཞེས་གསོལ། ཆུང་ངུའི་དུས་སུ་ཡབ་ཀྱི་དྲུང་སོགས་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས། ༡༩༦༩ ལོར་འབྲས་ལྗོངས་སུ་བྲོས་ནས་ཡབ་ཡུམ་རྣམས་དང་ལྷན་འཛོམས་བྱུང་། རབ་བྱུང་བཅུ་དྲུག་པའི་ཆུ་བྱི་ལོར་རབ་ཏུ་བྱུང་སྟེ་མཚན་ལ་པདྨ་རྒྱལ་མཚན་ཞེས་གསོལ། ཇོ་ཁང་དགོན་པར་ཆོས་ཞུགས་བྱས། མཁན་ཆེན་ཐུབ་བསྟན་བརྩོན་འགྲུས་ཕུན་ཚོགས་ལས་སྒྲ་སོགས་དང་། ཀུན་བཟང་བླ་མའི་ཞལ་ལུང་གི་ཁྲིད་ལུང་སོགས་ཞུས། ༡༩༧༥ ལོར་ཝཱ་ཎ་མཐོ་སློབ་ཏུ་ཞུགས། ༡༩༨༢ ལོར་རིག་གནས་སློབ་དཔོན་གྱི་འགན་ཁུར་བསྐྱངས། ཝཱ་ཎ་སོགས་རིས་སུ་མ་ཆད་པའི་བཤད་གྲྭ་དང་དགོན་པ། སློབ་གྲྭ་དང་དགེ་རྒན་འོས་སྦྱོང་། ཟུར་སྦྱོང་སོགས་སུ་སྒྲ་སྙན་ངག་སྡེབ་སྦྱོར་སོགས་སློབ་ཁྲིད་གནང་། ༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་པདྨ་ནོར་བུ་མཆོག་ནས་རིག་གནས་སྨྲ་བའི་དབང་ཕྱུག་ཅེས་དང་། བར་གཞིས་སོགས་དགེ་བའི་བཤེས་གཉེན་རྣམས་ནས་འགོས་ལོ་བཞི་པ་དང་། ཐུ་མི་གཉིས་པ་སོགས་ཀྱི་ཆོ་ལོ་གནང་། དཔལ་སྔ་འགྱུར་བསྟན་པའི་དགོན་པ་པདྨ་བསམ་ཡས་ཆོས་འཁོར་གླིང་སོགས་ཀྱི་མཁན་པོ་དང་དགོན་པའི་འཛིན་སྐྱོང་ཡང་མཛད། ༢༠༠༡ ལོར་སྐུ་གཤེགས། གསུང་རྩོམ་ལ་གླེང་བརྗོད་འཛམ་གླིང་རྒྱན་གཅིག་སོགས་བཞུགས།
ཁྲིད་གཞུང་། སི་ཏུའི་འགྲེལ་ཆེན།[ཀ] སུམ་ཅུ་པ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADRD2050128
མཁས་པ་གཞན། [རིག་གནས།] སྤྱིའི་ཨང་། ༢༢༤
རྣམ་པ། MP3 རྣམ་གྲངས། 97 ཆེ་ཆུང་། 1.42 GB
ཁྲིད་གཞུང་། སུམ་རྟགས་རྣམ་བཤད་མུ་ཏིག་ཕྲེང་མཛེས།
མཛད་པ་པོ། སི་ཏུ་ཆོས་ཀྱི་འབྱུང་གནས། [༡༦༩༩- ༡༧༧༤]
ཁྲིད་མཚམས། སུམ་ཅུ་པ།
འཁྲིད་མཁན། འགོས་པདྨ་རྒྱལ་མཚན།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༡༡ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འགོས་པདྨ་རྒྱལ་མཚན་མཆོག་ནི། ༡༩༥༦ བོད་དུ་སྐུ་འཁྲུངས། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་མཚན་བསོད་ནམས་དབང་ཆེན་ཞེས་གསོལ། ཆུང་ངུའི་དུས་སུ་ཡབ་ཀྱི་དྲུང་སོགས་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས། ༡༩༦༩ ལོར་འབྲས་ལྗོངས་སུ་བྲོས་ནས་ཡབ་ཡུམ་རྣམས་དང་ལྷན་འཛོམས་བྱུང་། རབ་བྱུང་བཅུ་དྲུག་པའི་ཆུ་བྱི་ལོར་རབ་ཏུ་བྱུང་སྟེ་མཚན་ལ་པདྨ་རྒྱལ་མཚན་ཞེས་གསོལ། ཇོ་ཁང་དགོན་པར་ཆོས་ཞུགས་བྱས། མཁན་ཆེན་ཐུབ་བསྟན་བརྩོན་འགྲུས་ཕུན་ཚོགས་ལས་སྒྲ་སོགས་དང་། ཀུན་བཟང་བླ་མའི་ཞལ་ལུང་གི་ཁྲིད་ལུང་སོགས་ཞུས། ༡༩༧༥ ལོར་ཝཱ་ཎ་མཐོ་སློབ་ཏུ་ཞུགས། ༡༩༨༢ ལོར་རིག་གནས་སློབ་དཔོན་གྱི་འགན་ཁུར་བསྐྱངས། ཝཱ་ཎ་སོགས་རིས་སུ་མ་ཆད་པའི་བཤད་གྲྭ་དང་དགོན་པ། སློབ་གྲྭ་དང་དགེ་རྒན་འོས་སྦྱོང་། ཟུར་སྦྱོང་སོགས་སུ་སྒྲ་སྙན་ངག་སྡེབ་སྦྱོར་སོགས་སློབ་ཁྲིད་གནང་། ༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་པདྨ་ནོར་བུ་མཆོག་ནས་རིག་གནས་སྨྲ་བའི་དབང་ཕྱུག་ཅེས་དང་། བར་གཞིས་སོགས་དགེ་བའི་བཤེས་གཉེན་རྣམས་ནས་འགོས་ལོ་བཞི་པ་དང་། ཐུ་མི་གཉིས་པ་སོགས་ཀྱི་ཆོ་ལོ་གནང་། དཔལ་སྔ་འགྱུར་བསྟན་པའི་དགོན་པ་པདྨ་བསམ་ཡས་ཆོས་འཁོར་གླིང་སོགས་ཀྱི་མཁན་པོ་དང་དགོན་པའི་འཛིན་སྐྱོང་ཡང་མཛད། ༢༠༠༡ ལོར་སྐུ་གཤེགས། གསུང་རྩོམ་ལ་གླེང་བརྗོད་འཛམ་གླིང་རྒྱན་གཅིག་སོགས་བཞུགས།
ཁྲིད་གཞུང་། ནང་ཆོས་ངོ་སྤྲོད། [ཙ] བོད་དབྱིན་རྒྱ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADN202031
མཁས་པ་གཞན། [ནང་ཆོས་ངོ་སྤྲོད།] སྤྱིའི་ཨང་། ༣༨
ཁྲིརྣམ་པ། MP3 རྣམ་གྲངས། 5 ཆེ་ཆུང་། 60.5 MB
ཁྲིད་ཚན། ནང་ཆོས་ངོ་སྤྲོད།
འཁྲིད་མཁན། མཁན་ཟུར་བཀའ་འགྱུར་བ་མཆོག
སྐད་རིགས། བོད། དབྱིན། རྒྱ་སྐད། Tb /En/Zh
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༢།༠༥ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་མཁན་ཟུར་བཀའ་འགྱུར་བ་བློ་བཟང་ཐུབ་བསྟན་མཆོག་ནི། ཕྱི་ལོ་༡༩༢༤ ལོར་སྐུ་འཁྲུངས། དགུང་ལོ་བདུན་གྱི་སྐབས་དར་རྒྱས་དགོན་དུ་རབ་ཏུ་བྱུང་། དགུང་ལོ་བཅོ་བརྒྱད་སྟེང་དབུས་སུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་སློབ་གཉེར་གནང་། ༥༩ ལོར་འཕགས་ཡུལ་དུ་ཕེབས། ༦༤ ལོར་སྦག་ས་ཆོས་སྒར་དུ་ལྷ་རམས་དམ་འཇོག་དང་ལྷ་རམས་ཨང་གཉིས་པའི་མཚན་གནས་བཞེས། ༦༥ ལོར་ཝཱ་ར་ཎ་སིའི་མཐོ་སློབ་གསར་འཛུགས་སྐབས་སློབ་དཔོན་འོས་སྦྱོང་དུ་ཕེབས། ༧༢ ལོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་འགྱུར་གྱི་ལུང་རྒྱུན་གནང་བར་བརྟེན། གཞུང་གིས་བཀའ་འགྱུར་བླ་མ་ཞེས་པའི་མཚན་གནས་གནང་། ༨༣ ལོར་སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་ཕེབས། སྐུ་ཚེ་གང་པོར་ཕྱི་ནང་གི་དོན་གཉེར་ཅན་རྣམས་ལ་ལུང་ཆོས་མན་ངག་སོགས་ཀྱིས་བརྩེ་བར་བསྐྱངས། ༢༠༡༤ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད།
ཁྲིད་གཞུང་། ཡོངས་འཛིན་རྟགས་རིགས། [ཀ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADZA333359
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༦༦
རྣམ་པ། MP3 རྣམ་གྲངས། 30 ཆེ་ཆུང་། 995.8 MB
ཁྲིད་གཞུང་། རིགས་ལམ་འཕྲུལ་ལྡེའི་རྟགས་རིགས་ཀྱི་རྣམ་གཞག
མཛད་པ་པོ། ཕུར་ལྕོག་བྱམས་པ་རྒྱ་མཚོ། [༡༨༢༥-༡༨༩༤]
བརྗོད་བྱ། འབྲས་རང་མ་དམིགས་པའི་རྟགས་སོགས།
འཁྲིད་མཁན། དགེ་བའི་བཤེས་གཉེན་པདྨ་རྒྱལ་མཚན།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༢༣ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་པདྨ་རྒྱལ་མཚན་ནི། བོད་དུ་སྐུ་འཁྲུངས་ཤིང་། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་དང་། གཞུང་ཆེན་སློབ་གཉེར་གནང་། ༥༩ ལོར་འཕགས་ཡུལ་དུ་ཕེབས་ཤིང་། སྦག་སར་སློབ་གཉེར་གྱི་འཕྲོ་བསྐྱངས། དགེ་བཤེས་ཀྱི་དམ་འཇོག་དང་། རྒྱུན་དུ་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་དང་། ཕྱི་ནང་གི་དོན་གཉེར་ཅན་མང་པོར་དམ་ཆོས་ཀྱིས་བསྐྱངས། [རྩོམ་སྒྲིག་པའི་ལག་ཏུ་རྣམ་ཐར་གྱི་ས་བོན་ཙམ་ཡང་མ་བྱུང་བས་གང་ཤེས་འདི་ཙམ་ལས་འབྲི་ཐབས་མ་བྱུང་ཡང་རྗེས་སུ་ཁ་གསབ་བྱེད་ངེས།]