དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། Jun ཚེས། 10 རེས་གཟའ། Mon

༢༠༡༩ ལོའི་དབྱར་ཆོས་དང་པོའི་མཛད་རིམ།

དྲ་འཇུག་པ།
སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རའི་མཛད་རིམ། དབྱར་ཆོས་དང་པོ།
བོད་ཟླ།བོད་ཚེས།ཕྱི་ཟླ།ཕྱི་ཚེས།རེས་གཟའ།ཉིན་རེའི་མཛད་རིམ།
༠༤ ༡༧ 06 19 ལྷག་པ། ཆོས་རྒྱུགས།
༠༤ ༡༨ 06 20 ཕུར་བུ། ཆོས་ར་ཡར་ཚོགས།
༠༤ ༡༩ 06 21 པ་སངས། ཤིང་སློང་དམ་བཅའ།
༠༤ ༢༠ 06  22 སྤེན་པ། ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
༠༤ ༢༡  06 23  ཉི་མ། ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
༠༤ ༢༢  06  24 ཟླ་བ། སྔ་དགོང་གཉིས་ཆོས་ར།
༠༤ ༢༣  06 25 མིག་དམར། གུང་སེང་།
༠༤ ༢༤  06 26  ལྷག་པ། སྔ་དགོང་གཉིས་ཆོས་ར།
༠༤ ༢༥ 06  27  ཕུར་བུ། དུས་བཟང་ཆེན་མོ།
༠༤ ༢༦  06 28  པ་སངས། སྔ་དགོང་གཉིས་ཆོས་ར།
༠༤ ༢༧  06 29  སྤེན་པ། སྔ་དགོང་གཉིས་ཆོས་ར།
༠༤ ༢༨  06 30  ཉི་མ། ཞོགས་པར་སྒྲོལ་འདོན། དགོང་མོར་ཆོས་ར།
༠༤ ༢༩  07 01  ཟླ་བ། ཞོགས་པར་སྒྲོལ་འདོན། དགོང་མོར་ཆོས་ར།
༠༤ ༣༠  07 02  མིག་དམར། གུང་སེང་།
༠༥ ༠༡ 07  03  ལྷག་པ། ཞོགས་པར་ཆོས་ར་མར་གྲོལ།
ཆོས་མཚམས། བོད་ཟླ་ ༥ ཚེས་ ༢ ནས། ཚེས་ ༡༦ བར་ཉིན་གྲངས་ ༡༥ བར།
དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། May ཚེས། 11 རེས་གཟའ། Sat

༢༠༡༩ ལོའི་དཔྱིད་ཆོས་ཆེན་མོའི་མཛད་རིམ།

དྲ་འཇུག་པ།
སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རའི་མཛད་རིམ། དཔྱིད་ཆོས་ཆེན་མོ།
བོད་ཟླ།བོད་ཚེས།ཕྱི་ཟླ།ཕྱི་ཚེས།རེས་གཟའ།ཉིན་རེའི་མཛད་རིམ།
༠༣ ༠༧ 05 11 སྤེན་པ། ཆོས་རྒྱུགས།
༠༣ ༠༨ 05 12 ཉི་མ། ཆོས་ར་ཡར་ཚོགས།
༠༣ ༠༩ 05 13 ཟླ་བ། དབྱར་གླིང་དགེ་བཤེས།
༠༣ ༡༠ 05  14 མིག་དམར། དབྱར་གླིང་དགེ་བཤེས།
༠༣ ༡༡  05 15  ལྷག་པ། དབྱར་གླིང་དགེ་བཤེས།
༠༣ ༡༢  05  16 ཕུར་བུ། གུང་སེང་།
༠༣ ༡༤  05 17 པ་སངས། ཞོགས་པར་ཆོས་འདོན།
༠༣ ༡༥  05 18  སྤེན་པ། ཞོགས་པར་ཆོས་འདོན།  དུས་བཟང་ཆེན་མོ།
༠༣ ༡༦ 05  19  ཉི་མ། སྔ་དགོང་ཆོས་ར།
༠༣ ༡༧  05 20  ཟླ་བ། སྔ་དགོང་ཆོས་ར།
༠༣ ༡༨  05 21  མིག་དམར། གུང་སེང་།
༠༣ ༡༩  05 22  ལྷག་པ། སྔ་དགོང་ཆོས་ར།
༠༣ ༢༠  05 23  ཕུར་བུ། སྔ་དགོང་ཆོས་ར།
༠༣ ༢༡  05 24  པ་སངས། སྔ་དགོང་ཆོས་ར།
༠༣ ༢༢ 05  25  སྤེན་པ། སྔ་དགོང་ཆོས་ར།
༠༣ ༢༢  05 26   ཉི་མ། སྐེད་པ་ཤིང་སློང་།  རིགས་ཆུང་རྩོད་རྒྱུགས།
༠༣ ༢༣  05  27  ཟླ་བ། སྐེད་པ་ཤིང་སློང་།  རིགས་ཆུང་རྩོད་རྒྱུགས།
༠༣ ༢༤ 05   28  མིག་དམར། གུང་སེང་།
༠༣ ༢༥  05  29  ལྷག་པ། སྔ་དགོང་ཆོས་ར།
༠༣ ༢༦  05 30  ཕུར་བུ། སྔ་དགོང་ཆོས་ར།
༠༣ ༢༧  05 31   པ་སངས། སྔ་དགོང་ཆོས་ར།
༠༣ ༢༨  06  01 སྤེན་པ། སྔ་དགོང་ཆོས་ར།
༠༣ ༢༩  06  02 ཉི་མ། སྔ་དགོང་ཆོས་ར།
༠༣ ༣༠  06  03 ཟླ་བ། སྔ་དགོང་ཆོས་ར།
༠༤ ༠༡  06  04 མིག་དམར། གུང་སེང་།
༠༤ ༠༢ 06   05 ལྷག་པ། སྔ་དགོང་ཆོས་ར།
༠༤ ༠༣  06  06 ཕུར་བུ། སྔ་དགོང་ཆོས་ར།
༠༤ ༠༤  06  07 པ་སངས། སྒྲོལ་འདོན།
༠༤ ༠༥ 06   08 སྤེན་པ། སྒྲོལ་འདོན།
༠༤ ༠༧  06 09  ཉི་མ། ཞོགས་པར་ཆོས་ར་མར་གྲོལ།
ཆོས་མཚམས། བོད་ཟླ་ ༤ ཚེས་ ༨ ནས། ཚེས་ ༡༦ བར་ཆོས་མཚམས། ཉིན་གྲངས་ ༩
དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jul ཚེས། 10 རེས་གཟའ། Sun

༢༠༡༩ ལོའི་ཟླ་ལྷག་ཆོས་ཐོག་གི་མཛད་རིམ།

དྲ་འཇུག་པ།
སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རའི་མཛད་རིམ། ཟླ་ལྷག་གི་ཆོས་ཐོག
བོད་ཟླ།བོད་ཚེས།ཕྱི་ཟླ།ཕྱི་ཚེས།ཉིན་རེའི་མཛད་རིམ།
བོད་ཟླ་ ༡ ཕྱི་མའི་ཚེས་ ༡༩ ནས་བོད་ཟླ་ ༢ ཚེས་ ༧ བར་ཆོས་མཚམས། ཉིན་གྲངས། ༢༠
༠༢ ༠༨ 04 13 ཆོས་ར་ཡར་ཚོགས།
༠༢ ༡༠ 04 14 སྔ་དགོང་གཉིས་ཀ་ཆོས་ར།
༠༢ ༡༡ 04 15 སྔ་དགོང་གཉིས་ཀ་ཆོས་ར།
༠༢ ༡༢ 04 16 གུང་སེང་།
༠༢ ༡༣ 04 17 སྔ་དགོང་གཉིས་ཀ་ཆོས་ར།
༠༢ ༡༤ 04 18 ཆོས་ར་མར་གྲོལ།
    བོད་ཟླ་ ༢ ཚེས་ ༡༥ ནས་བོད་ཟླ་ ༣ ཚེས་ ༧ བར་ཆོས་མཚམས། ཉིན་གྲངས། ༢༣
དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jul ཚེས། 11 རེས་གཟའ། Mon

༢༠༡༩ ལོའི་དབྱར་ཆོས་ཆེན་མོའི་མཛད་རིམ།

དྲ་འཇུག་པ།
སེར་བྱེས་མཁས་སྙན་གྲྭ་ཚང་གི་དབྱར་ཆོས་ཆེན་མོའི་ཆོས་རའི་མཛད་རིམ། 
བོད་ཟླ།བོད་ཚེས།ཕྱི་ཟླ།ཕྱི་ཚེས།རེས་གཟའ།ཉིན་རེའི་མཛད་རིམ།
༠༥ ༡༦ 07 17 ལྷག་པ། ཆོས་རྒྱུགས།
༠༥ ༡༧ 07 18 ཕུར་བུ། ཆོས་ར་ཡར་ཚོགས།
༠༥ ༡༨ 07 19 པ་སངས། ཤིང་སློང་དམ་བཅའ།
༠༥ ༡༨ 07  20 སྤེན་པ། རིགས་རམས་དགེ་བཤེས་དམ་བཅའ།
༠༥ ༡༩  07 21  ཉི་མ། རིགས་རམས་དགེ་བཤེས་དམ་བཅའ།
༠༥ ༢༠  07  22 ཟླ་བ། རིགས་རམས་དགེ་བཤེས་དམ་བཅའ།
༠༥ ༢༡  07 23 མིག་དམར། གུང་སེང་།
༠༥ ༢༢  07 24  ལྷག་པ། ཞོགས་པར་ཆོས་འདོན། ཚོགས་གཏམ་ཆེན་མོ།
༠༥ ༢༣ 07  25  ཕུར་བུ། ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
༠༥ ༢༤  07 26  པ་སངས། ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
༠༥ ༢༥  07 27  སྤེན་པ། ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
༠༥ ༢༦  07 28 ཉི་མ། ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
༠༥ ༢༧  07 29  ཟླ་བ། ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
༠༥ ༢༨  07 30  མིག་དམར། གུང་སེང་།
༠༥ ༢༩ 07  31  ལྷག་པ། གསོ་སྦྱོང་། ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
༠༥ ༣༠ 08 01  ཕུར་བུ།  ཞོགས་པར་ཆོས་འདོན། དུས་བཟང་ཆེན་མོ།
༠༦ ༠༡ 08 02 པ་སངས།  ཤིང་སློང་སྐེད་པའི་དམ་བཅའ།
 ༠༦  ༠༣ 08 03 སྤེན་པ།  ཤིང་སློང་སྐེད་པའི་དམ་བཅའ།
 ༠༦  ༠༤ 08 04 ཉི་མ།  ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
 ༠༦  ༠༥ 08 05 ཟླ་བ།  ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
 ༠༦  ༠༦ 08 06 མིག་དམར།  གུང་སེང་།
༠༦  ༠༧  08 07 ལྷག་པ།  ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
 ༠༦ ༠༨  08 08 ཕུར་བུ།  ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
 ༠༦  ༠༩ 08 09 པ་སངས།  ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
༠༦   ༡༠ 08 10 སྤེན་པ།  ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
༠༦  ༡༡  08 11 ཉི་མ།  ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
 ༠༦ ༡༢  08 12 ཟླ་བ།  ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
༠༦   ༡༣ 08 13 མིག་དམར།  གུང་སེང་།
 ༠༦  ༡༤ 08 14 ལྷག་པ།  ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
 ༠༦  ༡༥ 08 15 ཕུར་བུ། གསོ་སྦྱོང་།  ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར།
༠༦  ༡༦ 08 16 པ་སངས།  ཆོས་ར་མར་གྲོལ།

 
ཆོས་མཚམས་སྐབས་ཀྱི་མཛད་རིམ།

བོད་ཟླ་ ༦ ཚེས་ ༡༧ ནས་བོད་ཟླ་ ༧ ཚེས་ ༡༦ བར་ཆོས་མཚམས་ཟླ་བ་གཅིག 
བོད་ཟླ་ ༦ ཚེས་ ༡༧ དང་ ༡༨ རིགས་ཆེན་ཚོགས་ལངས་ཉིན་གཉིས།
བོད་ཟླ་ ༦ ཚེས་ ༢༥ ནས་རིགས་ཆུང་ཚོགས་ལངས་ཉིན་བཞི། 

དུང་ཕྱུར་བདུན་ཅུའི་བདེ་དོན་ཆེད་དུ་མཛའ་མཐུན་ཞི་བདེའི་ལམ་སྟོན་མཛད། །
ས་ཡ་དྲུག་གི་གསོན་གནས་སླད་དུ་གཉིས་སྨན་དབུ་མའི་ལམ་ཆེན་བཏོད། །
བདེན་དོན་ཤོར་བའི་ཆོས་ལུགས་མཐའ་དག་ཡ་རབས་བྱམས་བརྩེའི་ལམ་དུ་ཁྲིད། །
འཇིག་རྟེན་མགོན་པོའི་མཚན་གྱི་སྙན་པ་ཁྱོད་ཉིད་ཁོ་ནར་དོན་དང་བཅས། །
རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་འདུས་པའི་རང་གཟུགས་གསུམ་ལྡན་ངུར་སྨྲིག་འཛིན་པའི་རྣམ་པར་རོལ་པ། འཇིག་རྟེན་ཞི་བདེའི་ལམ་སྟོན་པ་ཆེན་པོ། ༧སྤྱི་ནོར་ ༧གོང་ས་ ༧སྐྱབས་མགོན་ ༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་གྱི་དགུང་གྲངས་ ༨༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཚེས་བཟང་པོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༦ ཉིན།

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jun ཚེས། 30 རེས་གཟའ། Thu

༧རྒྱལ་བ་ཀརྨ་པའི་འཁྲུངས་སྐར་འཚམས་འདྲི།

དྲ་འཇུག་པ།

སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་༧རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་བཟང་ཁྱད་པར་ཅན་ལ་དགའ་དད་སྤྲོ་གསུམ་གྱིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། མགོན་པོ་མཆོག་གི་སྐུ་ཚེ་བསྐལ་པ་རྒྱ་མཚོར་རབ་ཏུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་བདེ་བླག་ཉིད་དུ་འགྲུབ་པའི་སྨོན་འདུན་དང་བཅས། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༣༠ ཉིན།

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jun ཚེས། 29 རེས་གཟའ། Wed

ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་གི་རྩ་འགྲེལ།

དྲ་འཇུག་པ།

sjrb-0002མཛད་པ་པོ། ཨཱ་ཙཱརྱ་དཔལ་བརྩེགས།
བརྗོད་བྱ།
ཆོས་ཕྱོགས་ཀྱི་ཐ་སྙད།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0002
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
1.1MB
རྩོམ་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༢ ཟླ་ ༦ ཚེས་ ༢༥ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ལོ་ཙཱ་བ་སྐ་བ་དཔལ་བརྩེགས་སམ་བན་དེ་དཔལ་བརྩེགས་མཆོག་ནི། འཕན་པོའི་ཡུལ་དུ་རུས་མིང་སྐ་བ་ཡིན་པའི་ཡབ་སྐ་བ་བློ་ལྡན་དང་ཡུམ་འབྲོ་བཟའ་རྡོ་རྗེ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱོན་པའི་ལོ་ཙཱ་བ་རབ་དགུའི་ནང་གསེས་གཞོན་གསུམ་སྟེ། འབྲོ་སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་ཞང་ཡེ་ཤེས་སྡེ་བཅས་གསུམ་ལ་ཡོངས་གྲགས་སུ་སྐ་ཅོག་ཞང་གསུམ་ཞེས་པའི་ཡ་གྱལ་གྱི་ལོ་ཙཱ་བ་ཞིག་ཡིན། སྔ་འགྱུར་གྱི་ལོ་རྒྱུས་ཕལ་ཆེ་བའི་ནང་སྐ་ཅོག་ཞང་གསུམ་མཁན་སློབ་ཆོས་གསུམ་གྱི་སྐབས་སུ་ལོ་ཙཱ་བ་མཛད་པ་མ་ཟད། མཁན་ཆེན་སྐུ་གཤེགས་རྗེས་རྒྱ་ནག་གི་སློབ་དཔོན་ཧྭ་ཤང་དང༌། སློབ་དཔོན་ཀ་མ་ལ་ཤཱི་ལ་གཉིས་དམ་པའི་ཆོས་ཀྱི་རྩོད་པ་མཛད་ཅིང་ཧྭ་ཤང་ཕམ་པར་མཛད་པའི་རྗེས་སུ། སྒོམ་རིམ་ཐོག་མཐའ་བར་གསུམ་དང་དབུ་མ་སྣང་བ་བཅས་བརྩམས་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་ལ་གནང་། སྒོམ་རིམ་རྣམ་པ་གསུམ་ཞང་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར་ཞིང་། དབུ་མ་སྣང་བ་སྐ་བ་དཔལ་བརྩེགས་ཀྱིས་བོད་སྐད་དུ་བསྒྱུར་གནང་མཛད་པ་བཅས་ལ་བརྟེན་ནས་སྐ་ཅོག་ཞང་གསུམ་མཁན་སློབ་ཆོས་གསུམ་ཞལ་བཞུགས་དུས་ཀྱི་ལོ་ཙཱ་བ་ཡིན། ཆོས་འབྱུང་མེ་ཏོག་སྙིང་པོ་ལས་ཀྱང་སྐ་ཅོག་ཞང་གསུམ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་སྨད་དུ་བྱོན་པའི་ལོ་ཙཱ་བ་ཡིན་པར་གསུངས། ལོ་རྒྱུས་ནང་དུ་ཡོད་པ་བཞིན་སྐ་ཅོག་ཞང་གསུམ་ལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ལོ་ཙཱ་བ་གཞོན་གསུམ་ཞེས་གསུང་སྲོལ་ཡོད་པའི་རྒྱུ་མཚན་ཡང་འདི་ཉིད་ཡིན་པར་སྙམ། བཀའ་བསྟན་ཤེར་ཕྱིན་གྱི་གཞུང་དང་། འདུལ་བ། གསང་སྔགས་སོགས་ལོ་ཙཱ་བ་འདི་ཉིད་ཀྱིས་བསྒྱུར་བའི་བཀའ་བསྟན་ཤིན་ཏུ་མང་ངོ་། །
༢༠༢༢ ཟླ་ ༦ ཚེས་ ༢༥ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་ཏེ་བསྒྲིགས།

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Nov ཚེས། 24 རེས་གཟའ། Thu

ཚན་རིག་གི་ཤེས་བྱ་ཀུན་བཏུས།

དྲ་འཇུག་པ།

sjrb-0248སྒྱུར་སྒྲིག་པ། སེར་བྱེས་ལྡན་བྱམས་པ་ཆོས་དབང་།
བརྗོད་བྱ།
ཚན་རིག་སྐོར་གྱི་ཤེས་བྱ་སྣ་ཚོགས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0284
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
2.8MB
ཡོང་ཁུངས།
སྒྱུར་སྒྲིག་པ།
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༧ ཟླ་བཅུ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༦ ཚེས་ ༢༣ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཚན་རིག་གི་སྐོར་གྱི་འཕྲུལ་དེབ་འདི་ནི་ཡོང་ཁུངས་གོང་དུ་གསལ་བ་ལྟར། དྲ་ཚིགས་གསར་བཟོའི་སྐབས་སུ། དྲ་ཚིགས་ཀྱི་སྤྱི་བྱེ་བྲག་གི་དཀར་ཆག་དང་འབྲེལ་སྣེ་མཐུད་རྒྱུ་སོགས་ལ་ཚན་པ་རེ་རེར་འཕྲུལ་དེབ་རེ་མ་བྱུང་ཐབས་མེད་ཀྱིས། འབྲེལ་ཡོད་གང་མང་ལ་རེ་བསྐུལ་ཞུས་ཀྱང་པར་རྩ་ལག་སོན་མ་བྱུང་བས། གོང་གསལ་སྒྱུར་སྒྲིག་པ་མཆོག་ལ་འབོད་སྐུལ་ཞུ་བ་ལྟར་ཚན་རིག་གི་སྐོར་གྱི་དཔེ་ཆ་འདིའི་པར་རྩ་གནང་སོང་བ་དང་། སྤྱིར་དཔེ་ཆ་འདིའི་ནང་དུ་སྒྱུར་སྒྲིག་པས་ཚན་པ་ཁ་ཤས་ཤིག་མཉམ་དུ་རྩོམ་སྒྲིག་བྱས་ཡོད་ན་ཡང་། ང་ཚོས་ཐོག་མར་རྩོམ་སྒྲིག་བྱེད་སྐབས་ཚན་རིག་གི་ཚན་པ་སོ་སོར་བགོ་བཤའ་བརྒྱབ་སྟེ་འཕྲུལ་དེབ་ཁ་ཤས་སུ་རྩོམ་སྒྲིག་བྱེད་དགོས་བྱུང་ལ། ཐེངས་འདིར་ཚན་པ་ཡོངས་མཉམ་དུ་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཡོད།

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jun ཚེས། 22 རེས་གཟའ། Wed

གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་མཆོག

དྲ་འཇུག་པ།

གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་མཆོག་ནི། རབ་བྱུང་བཅུ་གསུམ་པའི་ཆུ་རྟ་ཕྱི་ལོ་ ༡༧༦༢ ལོར་མདོ་སྨད་མཛོད་དགེ་སྨད་དུ་ཡབ་ཐེ་བོ་ལྕགས་པོ་བྱམས་པ་དང་། ཡུམ་བོ་ཅོག་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔའི་སྐབས་ཀུན་མཁྱེན་འཇིགས་མེད་དབང་པོས་དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་བདུན་པ་ས་བྱི་ ༡༧༦༨ ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་ཆོས་སྒོར་ཞུགས་ཤིང་། ཀུན་མཁྱེན་འཇིགས་མེད་དབང་པོའི་དྲུང་ནས་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་བཅས་དཀྱུས་གཅིག་ཏུ་ཞུས་ཤིང་མཚན་ལ་དཀོན་མཆོག་བསྟན་པའི་སྒྲོན་མེ་ཞེས་གསོལ། ལོ་ལྔའི་རིང་རྡོ་རམས་པ་བློ་བཟང་རིན་ཆེན་སོགས་བསྟེན་ནས་ཆོས་སྤྱོད་སྐོར་དང༌། གཞུང་ཆེན་པོ་ལྔའི་རྩ་བ་སོགས་ཐུགས་འཛིན་གནང༌བ་མ་ཟད། རིམ་གྱིས་རྒྱ་དང་སོག་པོའི་སྐད་ཡིག་སྦྱངས་བས་ཐུགས་སུ་ཆུད། བར་གསེང་ལ་འཇམ་དབྱངས་བཞད་པ་རིན་པོ་ཆེའི་དྲུང་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་ཞིག་གསན། དགུང་ལོ་བཅུ་བདུན་ས་ཁྱི་ ༡༧༧༨ ལོར་དབུས་སུ་སློབ་གཉེར་ལ་བྱོན་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་ཧོར་སྐལ་བཟང་དངོས་གྲུབ་དགེ་རྒན་དུ་བསྟེན་ནས་དགུང་ལོ་ཉི་ཤུ་རྩ་ལྔའི་བར་ལོ་དགུའི་རིང་དབུ་མ་དང་། མཛོད། འདུལ་བ། ཚད་མ། ཕར་ཕྱིན་བཅས་གཞུང་བཀའ་པོད་ལྔ་ལ་སློབ་གཉེར་དང་གསན་སྦྱོང་མཛད། དབུས་སུ་བཞུགས་རིང་ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་དང༌། ཀློང་རྡོལ་བླ་མ་རིན་པོ་ཆེ་གཉིས་བླ་མའི་གཙོ་བོར་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་སྔར་མ་གསན་པ་མང་པོ་ཞིག་གསན། དགུང་ལོ་ཉེར་གཅིག་པ་ཆུ་སྟག་ ༡༧༨༢ ལོར་རྒྱལ་དབང་འཇམ་དཔལ་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་། ཀློང་རྡོལ་བླ་མ་རིན་པོ་ཆེ་གཉིས་བླ་མའི་གཙོ་བོར་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་སྔར་མ་གསན་པ་མང་པོ་གསན། དགུང་ལོ་ཉེར་གཉིས་པར་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། དབུས་སུ་ལོ་བརྒྱད་ཙམ་བཞུགས་པའི་རིང་ལ་མདོ་སྔགས་རིག་གནས་ཀྱི་གཞུང་ཀུན་ལ་མཁྱེན་པ་ཐོགས་མེད་དུ་གྱུར་ཅིང་། དབུས་གཙང་གི་མཁས་མང་དཀྱིལ་ན་རྒྱལ་མཚན་གྱི་ཏོག་ལྟར་ཀུན་གྱིས་གཙུག་ཏུ་བཀུར་བའི་གནས་སུ་གྱུར། དགུང་ལོ་ཉེར་ལྔ་པ་མེ་རྟ་ ༡༧༨༦ ལོར་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མཛད། དེ་ནས་མི་རིང་བར་འཇམ་དབྱངས་བཞད་པ་རིན་པོ་ཆེ་དང་ལྷན་དུ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་སློབ་མ་མང་པོར་མདོ་སྔགས་ཀྱི་ཆོས་རྒྱུན་རྒྱ་ཆེར་འཆད་སྤེལ་མཛད་མུར་དགུང་ལོ་སོ་གཅིག་པ་ཆུ་བྱི་ ༡༧༩༢ ལོར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སར་འཁོད་པས་གདན་རབས་ཉེར་གཅིག་པ་དེ་ཡིན། ལོ་བདུན་གྱི་རིང་མདོ་སྨད་ལྷོ་བྱང་གི་ཆོས་གྲྭ་ཆེན་པོ་རྣམས་སུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གཞན་ཕན་གྱི་འཕྲིན་ལས་རྒྱ་ཆེར་སྤེལ། མདོ་སྔགས་རིག་གནས་དང་བཅས་པར་མཁྱེན་རླབས་ཤིན་ཏུ་ཆེ་བས། གུང་ཐང་འཇམ་པའི་དབྱངས་ཞེས་སྙན་གྲགས་ཀྱིས་ཕྱོགས་ཀུན་ཁྱབ། དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་སོགས་སློབ་མ་ལ་སྐྱེས་ཆེན་དམ་པ་མང་པོ་བྱུང་། སློབ་གཉེར་དང་། སྒྲིགས་ཁྲིམས་སོགས་ཞི་དྲག་ཐབས་མཁས་གང་ལ་དེ་འཚམས་ཀྱི་སྒོ་ནས་ཉམས་ཆགས་བྱུང་རིགས་སླར་གསོ་དང་ཅུང་ཟད་གནས་པ་རྣམས་གོང་འཕེལ་ཡོང་བའི་དམ་འཛིན་ནན་ཏན་མཛད་པས་གྲྭ་ཚོགས་དང༌། སློབ་གཉེར། བསྙེན་བཀུར་སོགས་སྔར་ལས་ལྷག་པའི་གོང་འཕེལ་ཆེན་པོ་བྱུང༌། དགུང་ལོ་སོ་བདུན་པ་ས་རྟ་ ༡༧༩༨ ལོར། འཇམ་དབྱངས་བཞད་པ་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་འཇིགས་མེད་རྒྱ་མཚོ་གདན་སའི་ཁྲི་ལ་བཀོད་རྗེས་ཚོགས་ཆེན་གྱི་ཁྲིའི་ཐུགས་ཁུར་དགོངས་ཞུ་གནང་སྟེ། ལོ་ཤས་རིང་དགོན་ལུང་གི་ཁྲི་ཁུར་བསྐྱངས། དགུང་ལོ་ཞེ་གཉིས་པ་ཆུ་ཕག་ ༡༨༠༣ ལོར་མཆོད་རྟེན་མཐོང་གྲོལ་ཆེན་མོ་གསར་བཞེངས་ཀྱི་དབུ་ཚུགས་ནས། དགུང་ལོ་ཞི་བཞི་པ་ཤིང་གླང་ ༡༨༠༥ ལོར་ཡོངས་སུ་གྲུབ་སྟེ་རབ་གནས་དང་དགའ་སྟོན་རྒྱས་པར་མཛད། དགུང་ལོ་ང་བཞི་པ་ཤིང་ཕག་ ༡༨༡༥ ལོར་རོང་བོ་ཕྱོགས་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་དམག་ཆེན་ཡོང་སྐབས་དགེ་འདུན་བགྲེས་གཞོན་སུས་ཀྱང་མཚོན་ཆ་ཁྱེར་ནས་དམག་འཐབ་ནང་ཞུགས་མི་ཆོག་པའི་དམ་བསྒྲགས་ནན་པོ་གནང་བས་ལྷ་ཁང་འགའ་ཤས་བཤིག་པ་མ་གཏོགས། གྲྭ་པ་སུ་ལ་ཡང་གནོད་འཚེ་མ་བྱུང་བའི་ཐོག་ནས་དམག་དཔུང་རྣམས་ཕྱིར་ལོག་དགོས་པ་བྱུང༌། གཞན་ཡང་མཛོད་དགེ་དང༌། ཅོ་ནེ། རྒྱལ་རོང༌། རྔ་བ་སོགས་ས་གནས་མང་པོར་གདན་དྲངས་པ་ལྟར་ཕེབས་ནས་མདོ་སྔགས་ཀྱི་ཆོས་རྒྱུན་འཆད་སྤེལ་དང༌། དགོན་སྡེ་ཁག་གི་སློབ་གཉེར་དང་སྒྲིགས་ཁྲིམས་ཉམས་གསོ། འཁྲུག་རྩོད་འདུམས་པ། བྱ་རི་དྭགས་ཉ་སོགས་སྲོག་གཅོད་པ་སྤོང་སྡོམ་སོགས་བསྟན་འགྲོའི་དོན་རླབས་ཆེན་མཛད་པས་སློབ་མ་ཡང་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གྲངས་ལས་འདས་པ་ཞིག་བྱུང༌།
དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་བཞི་པའི་ཆུ་ལུག་ ༡༨༢༣ ལོར་དགོངས་པ་གཞན་དོན་དུ་གཤེགས་ཤིང༌། སྐུ་གདུང་ལས་རྟེན་ངོ་མཚར་ཅན་འགའ་ཞིག་བྱོན་པ་རྣམས་གདུང་རྟེན་བཞེངས་པའི་ནང་དུ་བཞུགས། ལོ་རྒྱུས་སྐོར་རྒྱས་པ་དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་ཁ་བྱང་དུ། “རྒྱལ་བའི་རིང་ལུགས་པ་ཆེན་པོ་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེའི་རྣམ་པར་ཐར་པ་དད་པའི་པདྨོ་བཞད་པའི་ཉིན་བྱེད།” ལྷ་ས་ཞོལ་དཔར་མ་ལ་ཤོག་གྲངས་ ༡༩༤ ཡོད་པ་དམ་པ་དེའི་གསུང་འབུམ་ལྷ་ས་དཔར་མའི་པོད་ [ཉ] པའི་མཇུག་ཏུ་ཡོད།
ཁོང་གི་གསུང་རྩོམ་ནི། འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་ནོར་བུའི་ཕྲེང་བ། དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་རྩོམ་འཕྲོ་ལེགས་བཤད་སྙིང་པོའི་ཡང་སྙིང་། ཟབ་མོ་ལྟ་བའི་ཟིན་བྲིས་ཐར་ལམ་སྣང་བ། ཡིད་དང་ཀུན་གཞིའི་དཀའ་གནད་རྣམ་པར་བཤད་པ་མཁའ་པའི་འཇུག་ངོགས། བདེན་བཞིའི་རྣམ་གཞག་ཐར་འདོད་འཇུག་ངོགས་མཁས་པའི་དགའ་སྟོན། རྟེན་འབྲེལ་གྱི་རྣམ་གཞག་ལུང་རིགས་བང་མཛོད། བསྟན་པའི་འཇུག་སྒོ་སྐབས་འགྲོའི་ཁྲིད་ཡིག་ཕན་བདེའི་ལམ་བཟང་གསལ་བའི་སྒྲོན་མེ། བཅོམ་ལྡན་འདས་ལྷ་མོ་རིག་བྱེད་མ་ལ་བསྟོན་པའི་རྒྱ་ཆེར་འགྲེལ་བ་རྡོ་རྗེ་གསུམ་གྱི་སྣང་བ། དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་བསྐྱེད་རིམ་གྱི་རྣམ་གཞག་རྒྱ་ཆེར་བཤད་པ་གསང་ཆེན་རོལ་མཚོ། གསང་བདེ་འཇིགས་གསུམ་སོགས་ལྷག་ལྷ་དུ་མ་དང་འབྲེལ་བའི་བླ་མའི་རྣམ་འབྱོར་དངོས་གྲུབ་ཀུན་འབྱུང་། ཀུན་གཟིགས་ལྔ་པ་ཆེན་པོས་མཛད་པའི་རྗེ་རིན་པོ་ཆེའི་བསྟོད་པ་དཔྱིད་རྒྱལ་མོའི་གླུ་དབྱངས་ཀྱི་དོན་འགྲེལ་དབྱར་སྐྱེས་སྒྲ་བརྒྱ། འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པ་དང་དེའི་རྒྱ་ཆེར་འགྲེལ་བ། དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ། ཀུན་མཁྱེན་འཇིགས་མེད་དབང་པོའི་རྣམ་ཐར་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་རྟོགས་བརྗོད་པདྨ་དཀར་པོ། ཟློས་གར་གྱི་བསྟན་བཅོས་ཡང་དག་ལམ་དུ་བཀྲི་བའི་རོལ་རྩེད། ཉམས་མྱོང་རྒན་པོའི་འབེལ་གཏམ་ཡིད་འབྱུང་དམར་ཁྲིད། ཆུ་ཤིང་བསྟན་བཅོས། མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག ། སྡེ་ཁྲི་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར། སྒོ་མང་མཁན་པོ་ཆོས་དར་གྱི་རྣམ་ཐར། ཕར་ཕྱིན་སྡོམ། མཛོད་སྡོམ། འདུལ་བ་སྡོམ། སྒྲ་དང་སྙན་ངག །སྨན་དང་རྩིས། ལྷ་རིས་ཐིག་ཚད་སོགས་སྒྱུ་རྩལ་སྐོར་གྱི་བསྟན་བཅོས་རྣམས་གཅིག་ཏུ་བསྡུས་ཏེ་པོ་ཏི་བཅུ་གཉིས་ཙམ་ཡོད།
ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༢ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་དམ་འདྲེན་བཀོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་པ་ཡིན།]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།

དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Jun ཚེས། 19 རེས་གཟའ། Sun

བློ་གསར་རེ་སྐོང་དང་སྟོན་པའི་གསུང་གི་བདུད་རྩི།

དྲ་འཇུག་པ།

sjrb-0392རྩོམ་པ་པོ། དགེ་བཤེས་བློ་བཟང་ཟླ་བ།
བརྗོད་བྱ།
གཞུང་འགྲེལ་དང་ངོ་སྤྲོད་སྣ་ཚོགས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0392
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 2,6MB
སྒྲིག་སྦྱོར་བ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༢ ཟླ་ ༦ ཚེས་ ༡༩ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། དགེ་བཤེས་བློ་བཟང་ཟླ་བ་མཆོག་ནི། ཕྱི་ལོ་ ༡༩༧༡ ལོར་བལ་ཡུལ་དུ་སྐྱེས་ཏེ་ཐོག་མར་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སློབ་ཆུང་དང་། ༡༩༧༧ ལོར་རྒྱ་གར་བྱང་ཕྱོགས་མ་སུ་རི་གཏན་འཇགས་སློབ་གྲྭར་བསྐྱོད། ༡༩༨༠ ལོར་རབ་ཏུ་བྱུང་ནས་འཕེལ་རྒྱས་གླིང་དགོན་དུ་ཆོས་སྤྱོད་དང་བོད་ཀྱི་རིག་གནས་སློབ་སྦྱོང་བྱེད་ཞོར་འཕགས་ཤིང་བོད་གཞུང་སློབ་གྲྭར་ཡང་བསྐྱོད། ༡༩༨༣ ནས་ ༡༩༩༧ བར་རྡ་རམ་ས་ལ་རིགས་ལམ་སློབ་གཉེར་ཁང་དུ་བོད་ཀྱི་རིག་གནས་བརྡ་དག་སྙན་སུམ་སོགས་དང་། དེང་རབས་ཀྱི་རིག་གནས་དབྱིན་ཇིའི་སྐད་ཡིག་སོགས་ལ་སློབ་སྦྱོང་བྱས། ཁྱད་པར་དུ་ནང་དོན་རིག་པའི་གཞུང་ཆེན་སྔོན་འགྲོ་བསྡུས་བློ་རྟགས་གྲུབ་བཞི་དང་། དངོས་གཞི་དབུ་ཕར་རྣམ་འགྲེལ་སོགས་ལ་རིགས་པའི་ལམ་ནས་སློབ་སྦྱོང་མཐར་ཕྱིན་བྱས་ཏེ་ཕར་ཕྱིན་རབ་འབྱམས་པ་དང་དབུ་མ་རབ་འབྱམས་པ་ལེགས་པར་ཐོན། ༡༩༩༨ ལོ་ནས་བཟུང་རིགས་སློབ་ཀྱི་ནང་རིག་གཞུང་ཆེན་སློབ་དཔོན་གྱི་མིང་གནས་ཐོག་བོད་ཀྱི་རིག་གནས་སུམ་རྟགས་སོགས་སློབ་ཁྲིད་དང་། བྱེ་བྲག་ནང་རིག་གཞུང་ཆེན་དང་ལམ་རིམ་སོགས་ཀྱི་དཔེ་ཁྲིད་དང་ཤེས་ཡོན་འགན་འཛིན་གྱི་ལས་ཁུར་བླངས། ༢༠༠༢ ལོར་མཛོད་འདུལ་ལ་སློབ་སྦྱོང་བྱས་ཏེ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་དགེ་བཤེས་ཚོགས་རམས་པའི་མཚན་གནས་ཕྱག་འཁྱེར་ཐོབ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཡི་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་ལས་གཞུང་ལམ་མན་ངག་དང་དབང་ལུང་ཁྲིད་སོགས་ཟབ་རྒྱས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསན། རྡ་ས་རིགས་ལམ་སློབ་གཉེར་ཁང་དུ་སློབ་གཉེར་བྱེད་བཞིན་པའི་སྐབས་བོད་ཀྱི་རིག་གནས་དགེ་རྒན་གྱི་ལས་ཁུར་བླངས་པ་དང་།
༢༠༠༥ ནས་བཟུང་བླ་མ་སྤྱན་རས་གཟིགས་ཀྱིས་བཀའ་ཕེབས་བཞིན། ནང་ཆོས་ངོ་སྤྲོད་ཚོགས་པའི་ནང་ཆོས་སློབ་དཔོན་གྱི་འགན་འཁུར་ཞུས་ཏེ། ད་བར་སེར་སྐྱ་མི་མང་ལ་ནང་ཆོས་ངོ་སྤྲོད་བསྡུས་འབྲིང་རྒྱས་གསུམ་སློབ་ཁྲིད་ཞུས་དང་ཞུ་བཞིན་ཐོག་ནང་ཆོས་དོན་གཉེར་བའི་བོད་ཀྱི་སློབ་གྲྭ་ཁག་དང་། གཞིས་ཆགས། བཙུན་མའི་དགོན་སྡེ། ནང་པའི་ཚོགས་པ་དང་། ཕྱི་ནང་མི་རིགས་བཅས་ལ་ནང་ཆོས་ངོ་སྤྲོད་དང་ལམ་སྟོན་སོགས་ཀྱི་འགན་འཁུར་མཛད།
གཞན་ཡང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རིས་མེད་བསྟན་འགྲོ་སྤྱི་དང་ཡང་སྒོས་བོད་ཀྱི་ནང་བསྟན་དང་། དབང་པོ་སྐྱོན་ཅན་གྱི་ཚོགས་སྒེར་སོགས་སྐྱབས་མེད་མགོན་མེད་ཀྱི་ཉམ་ཐག་རིགས་ལ་ཆོས་དང་ཟང་ཟིང་གིས་ཕན་ཐོགས་ཅི་ཐུབ་བསྒྲུབས་དང་སྒྲུབ་བཞིན་པ་བཅས་སོ།།

ངོ་ཤོག 23 ནས་ 114