སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རབས་ ༧༨ པའི་ཁྲི་འདོན་གྱི་མཛད་སྒོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།དེ་རིང་སྟེ་བོད་རྒྱལ་ལོ་ ༢༡༤༩ བོད་ཟླ་ ༧ ཚེས་ ༡༥ ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ཚེས་ ༡༠ གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན་བྲ་ཏི་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་ཁྲིར་དངོས་སུ་འཁོད་དེ་མཁན་རབས་དོན་བདུན་པའི་མཛད་ཁུར་བཞེས།
དེ་ཡང་ཉིན་དེའི་ཞོགས་པ་ཕྱག་ཚོད་བཞི་དང་ཕྱེད་ཀའི་ཐོག་ཚོགས་སྡེ་ཁག་གི་འགན་འཛིན་རྣམས་དང་། ཁང་ཚན་རྒན་རྣམ་པ་བཅས་མཁན་རིན་པོ་ཆེའི་བླ་བྲང་ནས་སྤོས་སྣེ་དང་བཅས་གདན་འདྲེན་ཞུས་ནས་སེར་བྱེས་བྲ་ཏི་ཁང་ཚན་དུ་མཛད་སྒོ་སྟབས་བདེ་ཞིག་འཚོགས། དེ་ནས་སེར་བྱེས་གྲྭ་ཚང་གི་ཚོགས་མགོན་དུ་གདན་ཞུས་ཀྱིས་མཁན་ཁྲིར་མངའ་གསོལ་དང་བཅས་ཏེ། ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་ཟབ་རྒྱས་དང་འབྲེལ་ཚོགས་མགོན་དུ་བསྔོ་བ་གསུངས་པ་སོགས་མཁན་པོའི་མཛད་ཁུར་དངོས་སུ་བཞེས། དེ་ནས་གྲྭ་ཚང་ཐོག་ཁར་སེ་ར་བླ་སྤྱི་དང་བྱེས་སྨད་གཉིས་ཀྱི་དབུ་ཆོས་རྣམས་དང་། དེ་བཞིན་ཚོགས་པ་སོ་སོའི་འགན་འཛིན། ཁང་ཚན་རྒན་རྣམ་པ་བཅས་མཛད་སྒོར་མཉམ་བཞུགས་གནང་། དེའི་སྐབས་སུ་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་ཚོགས་པ་སྤྱི་སྒེར་སོ་སོའི་ལས་དོན་བྱེད་ཕྱོགས་ཐད། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་གནང་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས། མཛད་སྒོ་གྲོལ་མཚམས་སུ་བྱེས་བླ་བྲང་དུ་གདན་ཞུས་མཛད། དེ་ནས་སྔ་དྲོ་ཕྱག་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་གྲྭ་ཚང་གི་ཆོས་རར་གདན་འདྲེན་ཞུས་ཏེ། བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་དབུ་འཛུགས་གནང་། ཉིན་གུང་ཕྱག་ཚོད་བཅུ་གཉིས་ཐོག་སེར་བྱེས་གྲྭ་ཚང་དུ་གྲྭ་ཚང་གི་ཚོགས་སྡེ་ཁག་དང་། བླ་སྤྲུལ་དགེ་བཤེས་སོགས་དང་། དེ་བཞིན་གཞིས་གྲོང་གི་ཚོགས་སྡེ་ཁག་གི་འགན་འཛིན་སོགས་འབྲེལ་ཡོད་སྐུ་མགྲོན་རྣམ་པར་གསོལ་ཚིགས་དང་བཅས་མཁན་པོའི་ཁྲི་འདོན་གྱི་མཛད་སྒོ་ལེགས་པར་བསྐྱངས་པ་བཅས་ཡིན།
མཁན་རིན་པོ་ཆེ་མཆོག་ནི། སྐུ་ན་ཆུང་ངུ་ནས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་། རིམ་གྱིས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་མཐར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། དེ་ནས་སེར་བྱེས་གྲྭ་ཚང་གི་སློབ་གཉེར་རྒན་ལོ་མང་རིང་མཛད་འགན་བཞེས་པ་དང་། གྲྭ་ཚང་གི་དགེ་བསྐོས་ཀྱི་མཛད་འགན་ཡང་བཞེས། རྒྱུན་དུ་མིང་གྲགས་སོགས་ལ་མི་བལྟ་བར་གྲྭ་རྐྱང་དཀྱུས་མ་ཞིག་གནང་ནས་མཚམས་དང་བསྙེན་སྒྲུབ་ལ་ཡང་ཡང་བཞུགས་བཞིན་པ་བཅས། [རྣམ་ཐར་རྒྱས་པའམ་ཁ་གསལ་ཞིག་རྩོམ་སྒྲིག་པས་མཐོང་ཐོས་མ་བྱུང་བས་འདི་ཙམ་ལས་འགོད་ཐབས་མ་བྱུང་ལ། ཞིབ་རྒྱས་རྗེས་སུ་འཚོལ་བསྡུ་བྱས་ཏེ་དགོད་ངེས་ཡིན།]
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༢༢ ཟླ་ ༩ ཚེས་ ༡༠ ལ། [དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་དང་སྦྲེལ་སྣེ་མཉམ་སྦྱར་བྱེད་དགོས།]
བདུན་པ། ཐོར་བུའི་རེའུ་མིག
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།ལྔ་པ། རིག་གནས་ཀྱི་རེའུ་མིག
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཁས་པ་གཞན། སྒྲ་མཛོད་ཀྱི་རེའུ་མིག་གཉིས་པ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།གཉིས་པ། གསུང་འབུམ་གྱི་རེའུ་མིག
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དང་པོ། བཀའ་བསྟན་གྱི་རེའུ་མིག
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
འདིར་གསལ་བའི་ཁ་དོག་སྔོན་པོ་ཅན་གྱི་མིང་ཐོ་གང་ཞིག་ལ་མཛུབ་གནོན་དང་ཙི་ཙིས་བསྣུན་ཚེ་དེ་ཉིད་དམ་དེའི་ཁོངས་ཚང་མ་གཟིགས་ཐུབ། [འདི་གའི་དྲ་ཚིགས་སུ་ཡོད་པའི་འཕྲུལ་དེབ་ཀྱི་པར་རྩའི་བདག་དབང་། འཕྲུལ་དེབ་དང་དྲ་ངོས་གསལ་བཤད་དུ་གསལ་བ་ལྟར་གྱི་པར་རྩའི་ཡོངས་ཁུངས་ཀྱི་ཚོགས་སྡེ་དང་དོ་བདག་སོ་སོ་ལ་ཡོད་པ་དང་། འདི་ག་རྩོམ་སྒྲིག་ཁང་ནས་གཤིབ་བསྡུར་བྱས་པའི་པར་རྩའི་བདག་དབང་འདི་ག་སེར་བྱེས་རིག་མཛོད་ཆེན་མོ་ཁོ་ན་ལ་དབང་ན་ཤོག་སྟེང་པར་སྐྲུན་བྱ་དགོས་ཚེ་པར་རྩའི་ཡོངས་ཁུངས་ཀྱི་ཚོགས་སྡེ་དང་དོ་བདག་སོ་སོ། འདི་ག་རྩོམ་སྒྲིག་ཁང་བཅས་ལ་འབྲེལ་པ་གནང་དགོས། ] | ||||
---|---|---|---|---|
གཞུང་ཚན་སོ་སོའི་འཚོལ་ཡུལ། | | ༡ བཀའ་འགྱུར། | ༢ བསྟན་འགྱུར། | ༣ འགྱུར་གསར། | ༤ བོན་གྱི་བཀའ་གྱུར། | | |||
ཉིང་ལག་སོ་སོའི་འཚོལ་ཡུལ། | སྡེ་ཚན། | དབུ་མ། | ཚད་མ། | མདོ་སྡེ། | འདུལ་བ། | ཤེར་ཕྱིན། | རྒྱུད་སྡེ། | | |||
འཕྲུལ་དེབ་སྤྱིའི་ཨང་། | དཔེ་ཆའི་མཚན་བྱང་། | ཡན་ལག་གི་སྡེ། | ཉིང་ལག་གི་སྡེ | རྩོམ་པ་པོ། |
SJRB-0021 | བསྟན་འགྱུར་ཚད་མ། [ཅེ] | ཚད་མ། | དཔལ་ལྡན་ཆོས་གྲགས་སོགས། | |
SJRB-0023 | བསྟན་འགྱུར་དབུ་མ། [ལ] | དབུ་མ། | རྒྱལ་སྲས་ཞི་བ་ལྷ། | |
SJRB-0107 | བྱ་ལེན་མ་མངོན་པར་ཤེས་པ། | འགྱུར་གསར། | བསྟན་བཅོས་སྣ་ཚོགས། | སློབ་དཔོན་ནག་མོའི་ཁོལ། |
SJRB-0204 | བོན་གྱི་བཀའ་འགྱུར་མདོ་གཟེར་མིག | མདོ་སྡེ། | སྟོན་པ་གཤེན་རབ། | |
གསང་བ་འདུས་པའི་ཊཱིཀྐ་ཆེན་མོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། རྗེ་བཙུན་ཤེས་རབ་སེངྒེ།
བརྗོད་བྱ། བསྐྱེད་རྫོགས་ལམ་གྱི་རིམ་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0362
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 813 ལྗིད་ཚད། 3.7MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༢ ཟླ་༩ ཚེས་ ༥ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྗེ་ཤེས་རབ་སེངྒེ་མཆོག་ནི། གཙང་སྟོད་དུ་ཡབ་དམ་པ་དམར་པོ་དང་ཡུམ་ཆོས་སྐུ་བཀྲ་ཤིས་རྣམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་པ་ལ་སྣར་ཐང་དུ་ཆོས་ཞུགས་མཛད། མཁན་ཆེན་གྲུབ་པ་ཤེས་རབ་ཀྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ཤེས་རབ་སེངྒེར་གསོལ། ས་སྐྱའི་མཁས་པ་ཆེན་པོ་གཡག་ཕྲུག་སངས་རྒྱས་དཔལ་སོགས་བསྟེན་ནས་གཞུང་ལུགས་སྦྱངས་པ་མཛད། མཁན་ཆེན་གྲུབ་པ་ཤེས་རབ་ཀྱི་མདུན་ནས་དགེ་སློང་གི་སྡོམ་པ་བཞེས། ཆོས་སྡིངས་སུ་རྗེ་ཙོང་ཁ་པ་ཆེན་པོས་འདུས་པའི་རྒྱུད་སོགས་ངེད་རང་གི་བཤད་སྲོལ་འདི་འཛིན་ཞིང་དར་རྒྱས་བྱེད་ནུས་པ་སུ་ཡོད་ཅེས་བཀའ་ལན་གཅིག་གཉིས་ཕེབས་པ་ལ་མཁས་པ་སུས་ཀྱང་གསུང་ལན་འབུལ་མ་སྤོབས་པའི་ཚེ། རྗེ་ཤེས་རབ་སེང་གེས་ཚོགས་དབུས་ནས་བཞེངས་ཏེ་སྐུ་ཕྱག་དང་བཅས་རྗེ་ཉིད་ཀྱི་དགོངས་པ་དང་མཐུན་པ་བདག་གིས་བགྱིའོ་ཞེས་ཞུས་པས། རྗེ་བདག་ཉིད་ཆེན་པོ་ཤིན་ཏུ་དགྱེས་ཤིང་བྱིན་རླབས་མཛད། ནང་མཆོད་ཀ་པཱ་ལ་གང་བ་དང་། གསང་བ་འདུས་པའི་གསེར་གྱི་བྱིན་རླབས་ཅན། འགྲེལ་པ་བཞི་སྦྲགས། རྒྱུད་ཀྱི་རྣམ་བཤད་གཉིས། བསྐྱེད་རྫོགས་ཀྱི་ཡིག་ཆ་རྣམས་དང་། ཆོས་རྒྱལ་གྱི་ཞལ་འབག་གཏེར་མ། འཆམ་གོས། དབྱུག་ཏོ་ཞགས་པ་བཅས་གནང་ནས་གསང་སྔགས་བླ་ན་མེད་པའི་སྟོན་པར་མངའ་གསོལ། དེ་ནས་བཟུང་རྒྱུད་ཀྱི་འཆད་ཉན་རྒྱ་ཆེར་མཛད་ཅིང་དགུང་ལོ་རེ་གསུམ་ཤིང་གླང་ལོའི་བོད་ཟླ་ལྔ་པའི་ཚེས་ཉེར་ལྔ་ལ་དགའ་ལྡན་རྒྱུད་ཁང་དུ་བདེ་བར་གཤེགས།
PDF ཕབ་ལེན། |
---|
༢༠༢༢ ལོའི་སྟོན་ཆོས་དང་པོའི་མཛད་རིམ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༢ ལོའི་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྟོན་ཆོས་དང་པོའི་ཆོས་རའི་མཛད་རིམ། | |||||
---|---|---|---|---|---|
བོད་ཟླ། | བོད་ཚེས། | ཕྱི་ཟླ། | ཕྱི་ཚེས། | རེས་གཟའ། | ཉིན་རེའི་མཛད་རིམ། |
༠༧ | ༡༦ | 09 | 11 | ཉི་མ། | གསོ་སྦྱོང་། ཆོས་རྒྱུགས། |
༠༧ | ༡༧ | 09 | 12 | ཟླ་བ། | ཆོས་ར་ཡར་ཚོགས། |
༠༧ | ༡༨ | 09 | 13 | མིག་དམར། | གུང་སེང་། |
༠༧ | ༡༩ | 09 | 14 | ལྷག་པ། | ཤིང་སློང་། གྲྭ་ཚང་ནང་། ཕར་ཕྱིན། |
༠༧ | ༢༠ | 09 | 15 | ཕུར་བུ། | ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར། |
༠༧ | ༢༡ | 09 | 16 | པ་སངས། | ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར། |
༠༧ | ༢༢ | 09 | 17 | སྤེན་པ། | སྔ་དགོང་གཉིས་ཆོས་ར། |
༠༧ | ༢༣ | 09 | 18 | ཉི་མ། | སྔ་དགོང་གཉིས་ཆོས་ར། |
༠༧ | ༢༤ | 09 | 19 | ཟླ་བ། | སྔ་དགོང་གཉིས་ཆོས་ར། |
༠༧ | ༢༥ | 09 | 20 | མིག་དམར། | གུང་སེང་། |
༠༧ | ༢༦ | 09 | 21 | ལྷག་པ། | ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར། |
༠༧ | ༢༧ | 09 | 22 | ཕུར་བུ། | ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར། |
༠༧ | ༢༨ | 09 | 23 | པ་སངས། | ཆོས་ར་མར་གྲོལ། |
|
བོད་ཟླ་ ༧ ཚེས་ ༢༩ ནས་བོད་ཟླ་ ༨ ཚེས་ ༧ བར་དང་། |
||||
༢༠༢༢-༩-༤ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། སྒྲིག་བཟོ་བ། དགེ་བཤེས་སྐལ་བཟང་ཐར་འདོད། |
དྭགས་པོའི་གསང་འདུས་བསྐྱེད་རྫོགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། དྭགས་པོ་ནམ་མཁའ་གྲགས།
བརྗོད་བྱ། བསྐྱེད་རྫོགས་ལམ་གྱི་རིམ་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0397
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 488 ལྗིད་ཚད། 1.6MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༢ ཟླ་ ༩ ཚེས་ ༣ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཆོས་རྗེ་དྭགས་པོ་ནམ་མཁའ་གྲགས་ནི། དྭགས་པོ་མདའ་རུ་འཁྲུངས། གཞོན་ནུ་ནས་རབ་ཏུ་བྱུང་སྟེ། དྭགས་པོ་གྲྭ་ཚང་དུ་སློབ་དཔོན་བློ་གྲོས་འཕེལ་བ་ལས་ཕར་ཕྱིན་གསན་ནས་ཕར་ཕྱིན་སྤྱི་དོན་ཐུགས་འཛིན་མཛད་དེ། སེར་བྱེས་པ་གྲྭ་ཚང་དུ་ཕེབས། སྐུ་ཆས་དཀོན་ཀྱང་རྗེ་བཙུན་ཆོས་རྒྱན་གྱི་ཞབས་ལ་གཏུགས་ཏེ་རྗེ་བཙུན་པ་ལས་དཀའ་ཆེན་རྣམས་ལེགས་པར་སྦྱངས། མཁས་གྲགས་ཀྱིས་དབུས་གཙང་ཁྱབ་པ་བྱུང་། རྒྱུད་སྨད་དུ་རྒྱུད་ཆེན་རྒྱལ་མཚན་བཟང་པོ་ལས་གསང་འདུས་འགྲེལ་པ་བཞི་སྦྲགས་གསན། དགའ་ལྡན་དུ་རྗེ་ཆོས་སྐྱོང་རྒྱ་མཚོ་ལས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་རྒྱུད་འགྲེལ་གདམས་པ་མན་ངག་ཆ་ལག་དང་བཅས་པ་ལ་གསན་བསམ་མཛད་པས་མདོ་སྔགས་ལ་ཕུལ་དུ་བྱུང་བར་གྱུར། དེ་ནས་རྒྱུད་སྨད་ཀྱི་ཁྲིར་ཕེབས་འཆད་ཉན་ཡུན་རིང་དུ་མཛད་པས་མཁས་གྲགས་ཀྱི་སྙན་པ་ཆེ། མཐར་ཀུན་སྤངས་མཛད་དེ། དགའ་ལྡན་བྱམས་པ་མགོན་པོའི་མདུན་སར་གཤེགས་པར་གྱུར།
PDF ཕབ་ལེན། |
---|
བདེ་མཆོག་རྩ་རྒྱུད།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྒྱལ་བ་རྡོ་རྗེ་འཆང་།
བརྗོད་བྱ། བསྐྱེད་རྫོགས་ལམ་གྱི་རིམ་པའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0396
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 104 ལྗིད་ཚད། 1MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༢ ཟླ་ ༩ ཚེས་ ༡ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དཔལ་འཁོར་ལོ་སྡོམ་པའི་ཆོས་སྐོར་ནི། སྟོན་པ་ཐུབ་དབང་རྡོ་རྗེ་འཆང་གིས་དཔལ་འཁོར་ལོ་སྡོམ་པའི་དབང་དང་རྒྱུད་ཡོངས་སུ་རྫོགས་པ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་གནང༌། དེས་གྲུབ་ཆེན་ས་ར་ཧ་ལ་སོགས་པ་ནས་མཁས་གྲུབ་ཁྱུང་པོ་ལྷས་པའི་བར་བླ་བརྒྱུད་གསོལ་འདེབས་ལྟར་བརྒྱུད་པ་མ་ཉམས་པར་གནང་ཞིང་། དེ་ལས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་དངོས་སུ་གསན་པར་མཛད། རྗེ་རིན་པོ་ཆེ་ནས་བརྒྱུད་རིམ་ཕལ་ཆེར་བ་གསང་བ་འདུས་པ་དང་འདྲ་བ་ལ། བདེ་མཆོག་ལཱུ་ཨི་པའི་རིམ་གཉིས་ཀྱི་མན་ངག་རྣམས་ཐང་སག་པ་དངོས་གྲུབ་རྒྱ་མཚོས་འཇམ་དབྱངས་བདེ་བའི་རྡོ་རྗེ་ལ་གནང༌བ་སོགས་ནས་རྗེ་བཙུན་ངག་དབང་བྱམས་པའི་བར་བརྒྱུད་རིམ་གཞན་ཞིག་ཀྱང་ཡོད་པ་བཅས་ཡིན།
PDF ཕབ་ལེན། |
---|
དེ་ལས་མང་བ།...
གངས་ལྗོངས་ཚིག་མཛོད་ཆེན་མོ། [སྨད་ཆ།] [མ-ཨ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།རྩོམ་པ་པོ། ཚིག་མཛོད་རྩོམ་སྒྲིག་ཚོགས་ཆུང་།
བརྗོད་བྱ། ཚིག་མཛོད། [མ---ཨ།]
རིག་མཛོད་འཕྲུལ་དེབ་ཨང་། SJRB-0400
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 2523 ལྗིད་ཚད། 10.7MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༢ ཟླ་ ༨ ནང་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདི་ནི་ཚིག་མཛོད་འདི་ཉིད་ཀྱི་རྩོམ་སྒྲིག་བྱ་ཚུལ་ལ་གཞི་བཟུང་ནས་གསར་དུ་བསྒྲིགས་པ་ཡིན། དེ་ཡང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ནི། གསལ་བྱེད་སུམ་ཅུའི་གོ་རིམ་ལ་རྐྱང་འདོགས་བརྩེགས་འཕུལ་གྱི་གོ་རིམ་བྱས་ནས་བསྒྲིགས་ཡོད། དེ་ཡང་རྐྱང་པ་གསལ་བྱེད་སུམ་ཅུ་དང༌། དེ་ནས་གསལ་བྱེད་རྣམས་ལ་དབྱངས་གི་གུ་སོགས་གོ་རིམ་ལྟར་བསྣན་པས་གསལ་བྱེད་དབྱངས་ལྡན་དང༌། དེ་ནས་ར་ལ་སའི་མགོ་ཅན་རྣམས་གོ་རིམ་བཞིན་བཀོད་པ། དེ་ནས་ར་ལ་ཡའི་འདོགས་ཅན་གྱི་གོ་རིམ་དང༌། དེ་ནས་སུམ་བརྩེགས་ཅན་གྱི་ཡི་གེ་དང༌། མཐར་རྐྱང་པ་ནས་སུམ་བརྩེགས་བར་རིམ་བཞིན་འཕུལ་ཡིག་རྣམས་གོ་རིམ་བཞིན་སྦྱར་ནས་མཇུག་རྫོགས་པར་བྱས་ཡོད། སྡེ་ཚན་སོ་སོའི་ནང་གི་དམིགས་གསལ་ཅན་གྱི་ཡི་གེ་ཝ་ཟུར་དང༌། འ་ཆུང་ཅན་དང༌། རྣམ་བཅད་ཅན་རྣམས་རང་རིགས་ཀྱི་སྡེ་ཚན་སོ་སོའི་གྲལ་མཐར་བཀོད་ཅིང༌། སྔགས་ཡིག་རྣམས་ཀྱང་གསལ་བྱེད་སྡེ་ཚན་སོ་སོའི་མཇུག་གྲལ་དུ་བཀོད་ཡོད།
PDF ཕབ་ལེན། |
---|
གངས་ལྗོངས་ཚིག་མཛོད་ཆེན་མོ། [བར་ཆ།] [ཐ-བ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།རྩོམ་པ་པོ། ཚིག་མཛོད་རྩོམ་སྒྲིག་ཚོགས་ཆུང་།
བརྗོད་བྱ། ཚིག་མཛོད། [ཐ---བ།]
རིག་མཛོད་འཕྲུལ་དེབ་ཨང་། SJRB-0399
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 2126 ལྗིད་ཚད། 9.1MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༢ ཟླ་ ༨ ནང་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདི་ནི་ཚིག་མཛོད་འདི་ཉིད་ཀྱི་རྩོམ་སྒྲིག་བྱ་ཚུལ་ལ་གཞི་བཟུང་ནས་གསར་དུ་བསྒྲིགས་པ་ཡིན། དེ་ཡང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ནི། གསལ་བྱེད་སུམ་ཅུའི་གོ་རིམ་ལ་རྐྱང་འདོགས་བརྩེགས་འཕུལ་གྱི་གོ་རིམ་བྱས་ནས་བསྒྲིགས་ཡོད། དེ་ཡང་རྐྱང་པ་གསལ་བྱེད་སུམ་ཅུ་དང༌། དེ་ནས་གསལ་བྱེད་རྣམས་ལ་དབྱངས་གི་གུ་སོགས་གོ་རིམ་ལྟར་བསྣན་པས་གསལ་བྱེད་དབྱངས་ལྡན་དང༌། དེ་ནས་ར་ལ་སའི་མགོ་ཅན་རྣམས་གོ་རིམ་བཞིན་བཀོད་པ། དེ་ནས་ར་ལ་ཡའི་འདོགས་ཅན་གྱི་གོ་རིམ་དང༌། དེ་ནས་སུམ་བརྩེགས་ཅན་གྱི་ཡི་གེ་དང༌། མཐར་རྐྱང་པ་ནས་སུམ་བརྩེགས་བར་རིམ་བཞིན་འཕུལ་ཡིག་རྣམས་གོ་རིམ་བཞིན་སྦྱར་ནས་མཇུག་རྫོགས་པར་བྱས་ཡོད། སྡེ་ཚན་སོ་སོའི་ནང་གི་དམིགས་གསལ་ཅན་གྱི་ཡི་གེ་ཝ་ཟུར་དང༌། འ་ཆུང་ཅན་དང༌། རྣམ་བཅད་ཅན་རྣམས་རང་རིགས་ཀྱི་སྡེ་ཚན་སོ་སོའི་གྲལ་མཐར་བཀོད་ཅིང༌། སྔགས་ཡིག་རྣམས་ཀྱང་གསལ་བྱེད་སྡེ་ཚན་སོ་སོའི་མཇུག་གྲལ་དུ་བཀོད་ཡོད།
PDF ཕབ་ལེན། |
---|
ཁྲིད་གཞུང་། པྲ་སྟིའི་སུམ་ཅུ་པ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། པྲ་སྟི་རིན་ཆེན་དོན་འགྲུབ།
བརྗོད་བྱ། སུམ་ཅུ་པ།
འཁྲིད་མཁན། རོང་པོ་དགེ་བཤེས་བློ་བཟང་སྙན་གྲགས།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0735
སྒྲའི་རྣམ་པ། MP3 གྲངས་ཀ 78 ལྗིད་ཚད། 687.3MB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༢ ཟླ་ ༨ ཚེས་ ༢༩ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས་མཆོག་ནི། མདོ་སྨད་གཅན་ཚ་རྫོང་ལོ་ཁོག་གྲོང་སྡེར་ཕ་འབྲུག་རྒྱལ་དང། མ་ཆོས་མོ་སྐྱིད་གཉིས་ཀྱི་སྲས་སུ་ ༡༩༧༠ ལོར་སྐུ་འཁྲུངས། གཞི་རིམ་དང་སློབ་འབྲིང་ཕེབས་ནས་བོད་རྒྱ་ཡིག་རིགས་སོགས་ལ་སྦྱངས། རང་ལོ་བཅུ་དྲུག་པར་རེབ་གོང་རོང་བོ་དགོན་ཆེན་དུ་རྗེ་དགེ་འདུན་ཆོས་འཕེལ་གྱི་དྲུང་ལས་རབ་ཏུ་བྱུང་སྟེ། གཞུང་ཆེན་ཁག་ལ་ལ་སློབ་གཉེར་གནང་། དགུང་གྲངས་བཅུ་དགུ་པར་ྋསྐྱབས་རྗེ་རྫོང་ཆུང་མཁས་བཙུན་ལུང་རིགས་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ༡༩༩༧ ལོར་རེབ་གོང་རོང་བོ་དཔལ་གྱི་དགོན་ཆེན་དུ་སྨོན་ལམ་ཆེན་མོར་གཞུང་ཆེན་ལ་རབ་འབྱམས་པའི་དམ་བཅའ་བཞག་སྟེ། ༢༠༠༠ ལོར་རྒྱ་གར་དུ་ཕེབས་ཏེ། འཕགས་མཆོག་ཕྱག་ན་པདྨོའི་གཟིམ་ཆུང་མཇལ་ཁའི་སྐལ་བཟང་མངོན་དུ་གྱུར་བའི་བཀའ་འབྲེལ་ལྟར། ྋགོང་ས་མཆོག་གི་བཀའ་འབུམ་སྡུད་སྒྲིག་གནང་། ༢༠༠༡ ལོར་ྋགོང་ས་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སྐབས་བཅུ་གསུམ་པའི་སྤྱི་འཐུས་སུ་ཐད་ཀར་བསྐོ་བཞག་གནང་བ་མ་ཟད། བྱམས་བརྩེའི་གཟིགས་པ་ཆེེན་པོས་བཀའ་མངགས་ལུང་བསྟན་བཞིན། རྒྱ་གར་ལྷོ་ཕྱོགས་སེར་བྱེས་བྱ་བྲལ་ཁམས་ཚན་དུ་སྒྲིག་ཞུགས་ཀྱིས་འཛིན་གྲྭ་དབུ་མར་ཐད་ཞུགས་ཀྱིས་སློབ་གཉེར་བྱས་མཐར་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་ཏེ། ༢༠༡༡ ལོར་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་། ༢༠༡༣ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ལོ་གཅིག་རིང་གི་ཆོས་ཐོག་ཚུལ་བཞིན་འགྲིམ་པ་དང་། ༢༠༡༡ ལོ་ནས་སྐབས་བཅོ་ལྔ་པའི་དགེ་ལུགས་སྤྱི་འཐུས་ཀྱི་མཛད་འཁུར་ལོ་ལྔ་ལ་གནང་། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ ལ་ཕེབས་པར་དགེ་ལུགས་ཡོངས་ཀྱི་ྋརྒྱལ་བའི་བཀའ་དྲིན་རྗེས་དྲན་ལོ་གཅིག་འཁོར་མོར་ཞུ་སྐབས་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོའི་ཐུགས་འགན་བཞེས་པ་སོགས་བོད་ཕྱི་ནང་གཉིས་སུ་མཛད་འཕྲིན་རྒྱ་ཆེར་སྐྱོང་བཞིན་པ་བཅས་ཡིན།
ཁོང་གི་བརྩམས་ཆོས། བྱམས་བརྩེ་དང་དྲང་བདེན་གྱི་བླ་སྲོག གདུང་སེལ་གསེར་གྱི་མཆོད་སྡོང་། དད་པའི་མཛེས་རྒྱན། དག་གཙང་དངུལ་གྱི་མཆོད་སྡོང་། དྲང་ངེས་བཤད་ཁྲིད་ཟིན་བྲིས་བློ་བཟང་རྒྱལ་བའི་དགོངས་རྒྱན་ལུང་རིགས་གསེར་གྱི་ཐང་མ། རྨ་འགྲམ་རྡོ་རྗེ་བྲག་གི་ལོ་རྒྱུས་ཟ་འོག་གོས་ཀྱི་རི་མོ། གཉན་ཐོག་བྱམས་པ་གླིང་གི་ལོ་རྒྱུས་མི་ཕམ་དགྱེས་པའི་རོལ་མོ། སེར་བྱེས་ངོ་སྤྲོད་གཏེར་གྱི་ཁ་བྱང་། གསེར་གྱི་ཕ་བོང། གསེར་ནག་གི་ཕྲེང་བ། གསེར་གྱི་ཐང་མ། གསེར་གྱི་མཆོད་སྡོང་། རིགས་ལམ་དང་ནང་ཆོས་ཀྱི་སློབ་དེབ་སོགས་ཁག་བཞི་བཅས་བཞུགས།
ཁྲིད་གཞུང་། པྲ་སྟིའི་རྟགས་འཇུག
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། པྲ་སྟི་རིན་ཆེན་དོན་འགྲུབ།
བརྗོད་བྱ། རྟགས་འཇུག
འཁྲིད་མཁན། རོང་པོ་དགེ་བཤེས་བློ་བཟང་སྙན་གྲགས།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0736
སྒྲའི་རྣམ་པ། MP3 གྲངས་ཀ 61 ལྗིད་ཚད། 434.5MB