དྲ་ཐོག་འཇུག་དུས། 2018 ལོའི་ཟླ་བ། Apr ཚེས། 21 རེས་གཟའ། Sat

ཁྲིད་ཚན། སྙན་ངག་གི་སྤྱི་དོན།

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

མཛད་པ་པོ། ཚེ་ཏན་ཞབས་དྲུང་།
ཁྲིད་ཚན།
སྙན་ངག
ཁྲིད་མཁན། ཚེ་ཏན་ཞབས་དྲུང་།
རིག་མཛོད་སྒྲ་སྤྱིའི་ཨང་།
 SJRA-0427
རྣམ་པ། MP3 རྣམ་གྲངས། 16 ཆེ་ཆུང་། 414.2MB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༨ ལོའི་ཟླ་བཞི་པའི་ཚེས་ཉེར་དྲུག་ལ།
ངོ་སྤྲོད་མདོར་བསྡུས།
ཚེ་ཏན་ཞབས་དྲུང་མཆོག་ནི། ཕྱི་ལོ་ ༡༩༡༠ ལོར་མཚོ་སྔོན་པོའི་ཉེ་འགྲམ་ཡ་རྫི་ཞེས་པར་སྐུ་འཁྲུངས། དགུང་ལོ་གསུམ་གྱི་སྐབས་ཚེ་ཏན་ཞབས་དྲུང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གྱིས་མཚན་བློ་བཟང་ཆོས་འཕེལ་དུ་གསོལ། དགུང་ལོ་བཅུ་བཞིར་ཕེབས་སྐབས་ཡོངས་འཛིན་རིན་པོ་ཆེ་དྲུང་ནས་གཞུང་ཆེན་ཁག་ལ་གསན་བསམ་མཛད། དགུང་ལོ་ཉི་ཤུའི་སྐབས་དགེ་སློང་གི་སྡོམ་པ་མནོས། མཚན་ལ་འཇིགས་མེད་རིག་པའི་བློ་གྲོས་ཞེས་གསོལ། དགུང་ལོ་ང་དྲུག་གི་སྐབས་རྒྱ་མིའི་བཙོན་ཁང་དུ་ལོ་བཅུ་གཉིས་ལྷག་བཞུགས་དགོས་བྱུང་། དགུང་ལོ་རེ་དགུའི་སྐབས་བཙོན་གྲོལ་ཐོབ་སྟེ་ནུབ་བྱང་མི་རིགས་སློབ་ཆེན་དུ་དགེ་རྒན་གནང་། ༡༩༨༥ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ། ༡༩༨༧ ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ལྕགས་དཔར་མ་དེབ་ལྔར་དཔར་སྐྲུན་བྱས་ཡོད།

ཤོག་ངོས་འདི་ལ་ཐེངས་ 288 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2022 ལོའི་ཟླ་བ། Sep ཚེས། 21 རེས་གཟའ། Wed
སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

སྡེ་ཚན་འདིའི་ནང་དུ་མང་། « ཁྲིད་ཚན། སྙན་ངག་གི་སྤྱི་དོན།

༸གོང་ས་མཆོག་གི་སྒྲ་མཛོད།