དྲ་ཐོག་འཇུག་དུས། 2022 ལོའི་ཟླ་བ། Mar ཚེས། 02 རེས་གཟའ། Wed

༢༠༢༢ ལོ་གསར་འཚམས་འདྲི།

དྲ་འཇུག་པ།
ཚད་གཞི།
(0 འོས་འཕེན།)

བཀྲ་ཤིས་དང་པོ་ལུས་བདེ་སེམས་སྐྱིད་རང་དབང་དཔལ་གྱིས་འཚོ། །
བཀྲ་ཤིས་གཉིས་པ་ཤེས་རིག་ཡོན་ཏན་མངའ་ཐང་འབྱོར་བ་རྒྱས། །
བཀྲ་ཤིས་གསུམ་པ་དྲང་བདེན་ལྷག་བསམ་ཡ་རབས་ལས་ལ་གཞོལ། །
བཀྲ་ཤིས་དཔལ་གྱིས་ཡངས་པའི་འཇིག་རྟེན་ཀུན་ཏུ་ཁྱབ་གྱུར་ཅིག །
ཅེས་བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་ཕོ་སྟག་གི་ལོའི་གནམ་ལོ་གསར་ཚེས་ལ་ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་འཛམ་གླིང་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་ཞི་ཞིང་། སྐྱེ་འགྲོ་ཀུན་གྱིས་རང་དབང་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་འདུན་གྲངས་མེད་ཞུ།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ༢༠༢༢།༠༣།༠༣ལ།

ཤོག་ངོས་འདི་ལ་ཐེངས་ 1641 གཟིགས་འདུག མཐའ་མའི་བསྐྱར་བཅོས། 2022 ལོའི་ཟླ་བ། Jun ཚེས། 08 རེས་གཟའ། Wed
རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com