ཁྲི་ཆེན་ཞེ་གཉིས་པ་འཕན་པོ་བློ་བཟང་དོན་ཡོད་མཆོག་ནི། ཕྱི་ལོ་ ༡༦༠༢ ལོར་འཕན་ཡུལ་ཞོགས་གྲམ་ཕུར་སྐུུ་འཁྲུངས། སྐུུ་ན་ཆུང་དུས་ནས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང༌། བསྡུས་གཞུང་ནས་བཟུང་གཞུང་ཆེན་ཁག་ལ་མཁས་པར་སྦྱངས། ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་མཛད། དེ་ནས་རྒྱུད་སྨད་དུ་ཞུགས་ནས་རྒྱུད་སྡེ་ཁག་ལ་གསན་བསམ་སློབ་གཉེར་རྒྱ་ཆེར་མཛད། ༧པཎ་ཆེན་བློ་བཟང་ཆོས་རྒྱན་ལས་སྔ་ཕྱིར་ཆོས་བཀའ་མང་པོ་གསན། སྔ་ཕྱིར་༧རྒྱལ་མཆོག་ལྔ་པ་ཆེན་པོའི་མདུན་ནས་ཆོས་བརྒྱུད་རིས་མེད་ཀྱི་ཟབ་ཆོས་གང་མང་དང༌། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཕ་བོང་ཁ་པ་འཇམ་དབྱངས་གྲགས་པ། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་སོགས་ལས་ཀྱང་ཆོས་བཀའ་མང་དུ་གསན། རྒྱུད་སྨད་པའི་བླ་མ་དང་མཁན་ཁྲིར་ཕེབས་ནས་རྒྱུད་སྡེའི་སྐོར་གྱི་འཆད་ཉན་གནང༌། དགུང་ལོ་ང་གསུམ་པ་ ༡༦༥༤ ལོར་བྱང་རྩེའི་ཁྲིར་ཕེབས་རྗེས་སུའང་སེར་བྱེས་དང་རྒྱུད་སྨད་ལ་འཆད་ཉན་གྱི་རྒྱུན་སྤེལ་ཞོར་སྔ་ཕྱིར་༧གོང་ས་ལྔ་པ་ཆེན་པོར་བརྟན་བཞུགས་ཐེངས་མང་འབུལ་བར་མཛད། དགུང་གྲངས་ང་བདུན་པ་ ༡༦༦༨ ལོའི་ལོ་མཇུག་ཏུ་དགའ་ལྡན་ཁྲིར་ཕེབས་ཏེ། ༡༦༦༩ ལོར་ལྷ་ལྡན་སྨོན་ལམ་གྱི་སྐབས། ༧ལྔ་པ་ཆེན་པོ་མཛད་བྲེལ་གྱིས་ཚོགས་དབུར་ཕེབས་མ་ཐུབ་པར་རྗེ་འདི་ཉིད་སྨོན་ལམ་ཚོགས་དབུར་ཕེབས་ནས་སྐྱེས་རབས་ཀྱི་ཆོས་བཀའ་གསུངས། ལོ་དེའི་ཧོར་ཟླ་བཞི་པའི་ནང་གོང་ས་ལྔ་པ་ཆེན་པོར། ཁྲི་ཆེན་འདི་ཉིད་དང༌། ཁྲི་ཟུར་བློ་བཟང་རྒྱལ་མཚན། ཤར་བྱང་གི་ཆོས་རྗེ་དང་། དགའ་འབྲས་སེ་གསུམ་དང་མངའ་རིས་གྲྭ་ཚང་གི་དགེ་འདུན་པ་གང་མང་། ཆོས་འཁོར་ལྷ་ས་རུ་བཞི་བཅས་ཀྱིས་བརྟན་བཞུགས་འདེགས་འབུལ་ཞུས། ༡༦༧༡ ཧོར་ཟླ་དང་པོའི་ཚེས་དབུ་ལ། ལྔ་པ་ཆེན་པོས་བསྒྲུབ་བྱ་བརྒྱ་དང་ཉེར་གསུམ་ལ་བསྙེན་རྫོགས་དང་བཞི་བཅུ་ལ་དགེ་ཚུལ་གྱི་བསླབ་སྡོམ་གནང་སྐབས་སློབ་དཔོན་གནང༌། ལོ་དེའིི་ཧོར་ཟླ་ལྔ་པར་སླར་ཡང་༧གོང་ས་ལྔ་པ་ཆེན་པོ་སྐུུ་ཚེ་ཡུན་དུ་བརྟན་པའི་ཆེད་སེ་འབྲས་དགེ་གསུམ་དང་། ལྷ་ས་རུ་བཞིའི་དགེ་འདུན་གང་མང་ལྷན་དུ་བརྟན་བཞུགས་ཕུལ། དེ་དང་ཆབས་གཅིག་ལྔ་པ་ཆེན་པོས་བསྒྲུབ་བྱ་སུམ་བརྒྱ་ལ་བསྙེན་རྫོགས་དང༌། ཉི་ཤུ་ལ་དགེ་ཚུལ་གྱི་བསླབ་སྡོམ་གནང་བའི་ལས་སློབ་ཀྱང་མཛད། ༡༦༧༢ ལོར་སྨོན་ལམ་སྐབས་༧གོང་ས་ལྔ་པ་ཆེན་པོའི་ཚབ་ཏུ་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ནས་ཆོས་བཀའ་རྒྱ་ཆེར་གནང༌། ༡༦༧༡ ལོར་༧གོང་ས་ལྔ་པ་ཆེན་པོས་བོད་ཀྱི་ཆོས་བརྒྱུད་རྣམས་ཀྱི་བླ་ཆེན་ཁག་གི་གདན་ཡིག་མཛད་པའི་ནང༌། བཞུགས་ཁྲི་ཆ་ལྔར་ཕྱེས་པ་ལས་ཁྲི་ཆེན་འདི་ཉིད་བཞི་པའི་གྲས་ཀྱི་གདན་ཐོབ་གནང་། དགུང་ལོ་རེ་གསུམ་པ་ ༡༦༧༥ ལོར་གསེར་ཁྲི་ལས་ཟུར་བཞུགས་གནང་རྗེས་བྱང་རྭ་སྒྲེང་གི་གདན་ས་དང༌། རིན་ཆེན་གླིང་སོགས་ཀྱི་གདན་ས་མཛད། མཐར་དགུང་ལོ་དོན་བདུན་པ་ ༡༦༧༨ ལོར་ཞི་བར་གཤེགས། གདུང་རྟེན་དངུལ་གྱི་བྱང་ཆུབ་མཆོད་རྟེན་ལ་རིན་པོ་ཆེའི་ཕྲ་རྒྱན་དུ་མས་སྤྲས་པའི་དངུལ་སྡོང་ཆེན་མོ་བདེ་གཤེགས་ལྷ་ཁང་ནང་དུ་བཞུགས།
- མདུན་ངོས།
- དགའ་ལྡན་ཁྲིར་ཕེབས་པ།
- ཁྲི་ཆེན་ཞེ་གཉིས་པ་ཚྭ་བ་བློ་བཟང་དོན་ཡོད།
ཞེ་གཉིས་པ་ཚྭ་བ་བློ་བཟང་དོན་ཡོད།
- Details
- དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
- སྡེ་ཚན། དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད།
- ཀློག་གྲངས། 4160
དགའ་ལྡན་ཁྲིར་ཕེབས་པ།
བཅོ་ལྔ་པ་རྩེད་ཐང་པཎ་ཆེན་བསོད་ནམས་གྲགས་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 10378
ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 9650
སོ་གཉིས་པ་གཙང་པ་ཚུལ་ཁྲིམས་ཆོས་འཕེལ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5794
ཞེ་གཉིས་པ་ཚྭ་བ་བློ་བཟང་དོན་ཡོད།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4160
ང་བཞི་པ་བསམ་བློ་ངག་དབང་མཆོག་ལྡན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4820
ང་བརྒྱད་པ་བསམ་བློ་ངག་དབང་ཆོས་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 6300
དྲུག་ཅུ་པ་ཚྭ་བ་བློ་བཟང་བསྟན་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4518
རེ་བཞི་པ་ཏྲེ་ཧོར་བློ་བཟང་བཀྲ་ཤིས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4675
རེ་དྲུག་པ་བསམ་བློ་ངག་དབང་སྙན་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5056
དོན་གཉིས་པ་གཙང་པ་འཇམ་དཔལ་ཚུལ་ཁྲིམས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5172
གྱ་དྲུག་པ་ལ་མོ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5189
གོ་གཅིག་པ་ལྭ་བ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3621
གོ་བཞི་བ་གཙང་པ་ལྷུན་གྲུབ་བརྩོན་འགྲུས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4163
གོ་དྲུག་པ་ཧ་གདོང་རྗེ་དྲུང་ཐུབ་བསྟན་ཀུན་དགའ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3302
བརྒྱ་དང་བཞི་པ་གཙང་བློ་བཟང་བསྟན་འཛིན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3416