ཁྲི་ཆེན་གོ་གཅིག་པ་ཡ་ར་བློ་བཟང་རྒྱལ་མཚན་མཆོག་ནི། ཡ་ར་ཞེས་པའི་ས་ཆར་སྐུ་འཁྲུངས། དབུས་སུ་བྱོན་ནས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་གཞུང་ཆེན་སློབ་གཉེར་མཐར་སོན་པར་གནང་། དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། རྒྱུད་སྟོད་དུ་ཞུགས་ཏེ་རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། ༡༩༡༩ ལོར་ཤར་རྩེ་ཆོས་རྗེའི་ཁྲིར་ཕེབས། ལོ་དེའི་ཟླ་བ་གཉིས་པར་༧གོང་ས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོས། ཡོངས་འཛིན་ཁྲི་བྱང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སོགས་བསྒྲུབ་བྱ་ཤིན་ཏུ་མང་པོར་བསྙེན་རྫོགས་སྒྲུབ་སྐབས་བདེ་ཡངས་མཚན་ཞབས་རིན་པོ་ཆེ་བསྟན་འཛིན་འཕྲིན་ལས་འོད་ཟེར་ཀྱིས་གསང་སྟོན་དང༌། ཤར་པ་ཆོས་རྗེ་འདི་ཉིད་ཀྱིས་ལས་གྲྭ་གནང་། ༡༩༢༤ ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་བ་ཡོངས་འཛིན་གླིང་སྤྲུལ་རིན་པོ་ཆེ་དང༌། ཅོ་ནེ་གྲགས་པ་ངག་དབང༌། བསྟན་འཛིན་འཕྲིན་ལས། ལྭ་བ་ཡེ་ཤེས། ཏྲེ་ཧོར་བཀའ་འགྱུར་སྤྲུལ་སྐུ། སེར་སྨད་རྒྱལ་དབང་ཆོས་རྗེ་སོགས་ཀྱིས་ནོར་གླིང་གཟིམས་ཆུང་ཉི་འོད་དུ་རྩོད་རྒྱུགས་འབུལ་སྐབས་རྒྱུགས་བཞེས་རྩོད་དཔང་ཁྲི་རིན་པོ་ཆེ་དང༌། བྱང་རྩེ་ཐུབ་བསྟན་ཉིན་བྱེད། ཤར་པ་ཡ་ར་བློ་བཟང་རྒྱལ་མཚན་འདི་ཉིད། བྱེས་མཁན་པོ་བྱ་བྲལ་ངག་དབང་ཕུན་ཚོགས། སྒོ་མང་མཁན་པོ་སོག་པོ་འོད་ཟེར་རྡོ་རྗེ། བདེ་ཡངས་མཚན་ཞབས་གཉལ་སྤྲུལ་བསྟན་འཛིན་འཕྲིན་ལས་སོགས་ཕེབས་ནས་རྒྱུགས་བཞེས་གནང་བ་སོགས་སྔ་ཕྱིར་རྒྱུགས་བཞེས་ཐེངས་མང་པོར་ཕེབས། ༡༩༢༧ ལོར་དགའ་ལྡན་གྱི་ཁྲིར་ཕེབས། ཁྲི་ལོ་དྲུག་བསྐྱངས་ཏེ་༡༩༣༢ ལོའི་ཟླ་བ་བཅུ་གཉིས་པར་སྐུ་གཤེགས།
- མདུན་ངོས།
- དགའ་ལྡན་ཁྲིར་ཕེབས་པ།
- ཁྲི་ཆེན་གོ་གཅིག་པ་ལྭ་བ་བློ་བཟང་རྒྱལ་མཚན།
གོ་གཅིག་པ་ལྭ་བ་བློ་བཟང་རྒྱལ་མཚན།
- Details
- དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
- སྡེ་ཚན། དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད།
- ཀློག་གྲངས། 3620
དགའ་ལྡན་ཁྲིར་ཕེབས་པ།
བཅོ་ལྔ་པ་རྩེད་ཐང་པཎ་ཆེན་བསོད་ནམས་གྲགས་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 10377
ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 9649
སོ་གཉིས་པ་གཙང་པ་ཚུལ་ཁྲིམས་ཆོས་འཕེལ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5793
ཞེ་གཉིས་པ་ཚྭ་བ་བློ་བཟང་དོན་ཡོད།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4159
ང་བཞི་པ་བསམ་བློ་ངག་དབང་མཆོག་ལྡན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4820
ང་བརྒྱད་པ་བསམ་བློ་ངག་དབང་ཆོས་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 6299
དྲུག་ཅུ་པ་ཚྭ་བ་བློ་བཟང་བསྟན་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4517
རེ་བཞི་པ་ཏྲེ་ཧོར་བློ་བཟང་བཀྲ་ཤིས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4673
རེ་དྲུག་པ་བསམ་བློ་ངག་དབང་སྙན་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5056
དོན་གཉིས་པ་གཙང་པ་འཇམ་དཔལ་ཚུལ་ཁྲིམས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5170
གྱ་དྲུག་པ་ལ་མོ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5189
གོ་གཅིག་པ་ལྭ་བ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3620
གོ་བཞི་བ་གཙང་པ་ལྷུན་གྲུབ་བརྩོན་འགྲུས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4162
གོ་དྲུག་པ་ཧ་གདོང་རྗེ་དྲུང་ཐུབ་བསྟན་ཀུན་དགའ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3301
བརྒྱ་དང་བཞི་པ་གཙང་བློ་བཟང་བསྟན་འཛིན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3416