ཁྲི་ཆེན་དོན་གཉིས་པ་འཇམ་དཔལ་ཚུལ་ཁྲིམས་མཆོག་ནི། ཕྱི་ལོ་ ༡༧༦༩ ལོར་གཙང་ཐོབ་རྒྱལ་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་གངས་ཅན་ཆོས་འཕེལ་གླིང་དུ་ཆོས་ཞུགས་གནང་ནས་ཡི་གེ་འབྲི་ཀློག་ལ་བསླབས། སྐུ་ནར་སོན་པ་དང་དབུས་སུ་ཕེབས་ནས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད། མཁན་ཆེན་ཡེ་ཤེས་དཔལ་འབྱོར་ལས་དགེ་ཚུལ་གྱི་སྡོམ་པ་མནོས། རྒྱལ་བ་འཇམ་དཔལ་རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས། སེར་བྱེས་མཁན་པོ་བློ་བཟང་མཁས་གྲུབ་སོགས་བསྟེན་ནས་བསྡུས་གྲྭ་ནས་བཟུང་གཞུང་ཆེན་སློབ་གཉེར་མཐར་ཕྱིན་པར་སྦྱངས། དེ་ནས་རྒྱུད་སྨད་དུ་ཞུགས། གསང་ཆེན་རྒྱུད་སྡེའི་གཞུང་ལ་བརྩོན་པ་རྒྱ་ཆེར་གནང་། རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང༌། པཎ་ཆེན་བསྟན་པའི་དབང་ཕྱུག །རྗེ་བྱམས་པ་སྨོན་ལམ། བྱ་བྲལ་ངག་དབང་དོན་འགྲུབ། ཁྲི་ཆེན་ངག་དབང་ཚུལ་ཁྲིམས་སོགས་ལས་མདོ་སྔགས་ཀྱི་ལམ་རིམ་དང༌། གཞན་ཡང་རྒྱུད་སྡེ་ཁག་གི་དབང་དང་མན་ངག་ལུང་དང་བཀའ་ཁྲིད་མང་པོ་ཞུས། དེ་ནས་རིམ་བཞིན་རྒྱུད་སྨད་བླ་མ་དང་མཁན་ཁྲིར་ཕེབས། དགུང་ལོ་ང་ལྔ་པ་ ༡༨༢༢ ལོར་བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས། དགུང་གྲངས་རེ་གཉིས་པ་ ༡༨༣༠ ལོར་དགའ་ལྡན་གྱི་ཁྲིར་ཕེབས། ཁྲི་ཆེན་འདིའི་སྐབས་སེར་བྱེས་སྦ་ཏི་ཁང་ཚན་གྱི་ཁོངས་གཏོགས་གཙང་པ་མི་ཚན་ལོགས་སུ་ཐོན་ནས་ཕྱེད་སེར་སྨད་དང༌། ཕྱེད་སེར་བྱེས་གྲྭ་ཚང་རང་འཇགས་ཐོག་གཙང་པ་ཁང་ཚན་ཟུར་དུ་བཙུགས་པ་ཡིན་ཞེས་གྲྭ་བགྲེས་འགའི་གསུང་རྒྱུན་ལ་སྣང་ཞེས་དུང་དཀར་ཚིག་མཛོད་དུ་གསུངས། ཁྲི་ལོ་བདུན་གཙང་རྗེས་དགུང་ལོ་རེ་དགུ་པ་ ༡༨༣༧ ལོར་སྐུ་གཤེགས།
- མདུན་ངོས།
- དགའ་ལྡན་ཁྲིར་ཕེབས་པ།
- ཁྲི་ཆེན་དོན་གཉིས་པ་གཙང་པ་འཇམ་དཔལ་ཚུལ་ཁྲིམས།
དོན་གཉིས་པ་གཙང་པ་འཇམ་དཔལ་ཚུལ་ཁྲིམས།
- Details
- དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
- སྡེ་ཚན། དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད།
- ཀློག་གྲངས། 5171
དགའ་ལྡན་ཁྲིར་ཕེབས་པ།
བཅོ་ལྔ་པ་རྩེད་ཐང་པཎ་ཆེན་བསོད་ནམས་གྲགས་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 10377
ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 9650
སོ་གཉིས་པ་གཙང་པ་ཚུལ་ཁྲིམས་ཆོས་འཕེལ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5794
ཞེ་གཉིས་པ་ཚྭ་བ་བློ་བཟང་དོན་ཡོད།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4159
ང་བཞི་པ་བསམ་བློ་ངག་དབང་མཆོག་ལྡན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4820
ང་བརྒྱད་པ་བསམ་བློ་ངག་དབང་ཆོས་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 6300
དྲུག་ཅུ་པ་ཚྭ་བ་བློ་བཟང་བསྟན་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4517
རེ་བཞི་པ་ཏྲེ་ཧོར་བློ་བཟང་བཀྲ་ཤིས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4673
རེ་དྲུག་པ་བསམ་བློ་ངག་དབང་སྙན་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5056
དོན་གཉིས་པ་གཙང་པ་འཇམ་དཔལ་ཚུལ་ཁྲིམས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5171
གྱ་དྲུག་པ་ལ་མོ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5189
གོ་གཅིག་པ་ལྭ་བ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3620
གོ་བཞི་བ་གཙང་པ་ལྷུན་གྲུབ་བརྩོན་འགྲུས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4163
གོ་དྲུག་པ་ཧ་གདོང་རྗེ་དྲུང་ཐུབ་བསྟན་ཀུན་དགའ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3301
བརྒྱ་དང་བཞི་པ་གཙང་བློ་བཟང་བསྟན་འཛིན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3416