ཁྲི་ཆེན་གོ་དྲུག་པ་རྗེ་དྲུང་ཐུབ་བསྟན་ཀུན་དགའ་མཆོག་ནི། ལྷ་སའི་ཉེ་འཁོར་དུ་འཁྲུངས། སྐུུ་ན་ཆུང་དུས་ནས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད། ཁྲི་ཆེན་ལྷུན་གྲུབ་བརྩོན་འགྲུས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཛད། སེ་ར་ཚོགས་ཆེན་དུ་ཚོགས་ལངས་གནང་། ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་མཛད། དེ་ནས་སྨད་རྒྱུད་དུ་ཕེབས་ཏེ་རྒྱུད་སྡེ་ཁག་ལ་གསན་བསམ་མཛད། རིམ་བཞིན་རྒྱུད་པའི་དགེ་བསྐོས་དང་བླ་མ་དབུ་མཛད། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་སུ་ཕེབས། ཁྲི་བྱང་རིན་པོ་ཆེ་ལས་སྔ་ཕྱིར་གསང་བདེ་འཇིགས་གསུམ་གྱི་དབང་ཆེན་དང༌། སྔགས་བཏུས་རྗེས་གནང༌སོགས་དབང་རྗེས་གནང་ལུང་ཁྲིད་མན་ངག་གང་མང་ཞུས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལས་ཀྱང་དུས་འཁོར་དབང་ཆེན་སོགས་ཆོས་བཀའ་མང་དུ་གསན། ༡༩༥༤ ལོར་དགའ་ལྡན་གྱི་ཁྲིར་ཕེབས། ལོ་དེའི་བོད་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་༧གོང་ས་༧རྒྱལ་དབང་ཐམས་ཅད་མཁྱེན་པར་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་མདུན་དུ་ཡོངས་འཛིན་གླིང་རིན་པོ་ཆེས་མཁན་སློབ་སྦྲགས་མ་གནང་ནས་བསྙེན་རྫོགས་དགེ་སློང་གི་བསླབ་སྡོམ་འབུལ་སྐབས་ཁྲི་ཆེན་འདི་ཉིད་ཀྱིས་དུས་གོ་བ་མཛད། ༡༩༥༦ ལོར་སེར་བྱེས་མཁན་པོ་བློ་བཟང་དབང་ཕྱུག་གིས་གྲྭ་ཚང་གི་ཚོགས་གདན་དང་མཆོད་རྫས་ཟད་རྙིང་རྣམས་གསར་བརྗེ་ལེགས་གྲུབ་ཟིན་པ་དང་། བོད་ཟླ་ལྔ་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང༌། ཁྲི་ཆེན་རིན་པོ་ཆེ་འདི་ཉིད། སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས། མཁན་ལས་ཟུར་བཅས་དབུ་བཞུགས་ཐོག་རབ་གནས་གནང༌། ལོ་དེར་བོད་དུ་རྒྱ་མིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཞེས་པ་གསར་དུ་འཛུགས་སྐབས་ཚོགས་གཙོ་དང་དགའ་ལྡན་ཁྲི་པའི་མཚན་བཞེས་ཆབས་ཅིག་ཏུ་མཛད་དེ། ས་ཕག་དུས་འགྱུར་བར་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་པ་དང༌། རྨེ་རུ་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་གནང་རྒྱུས་མཚོན་ཁྲི་པའི་བྱེད་སྒོ་འཐུས་ཚང་གནང༌། ༡༩༦༠ ལོར་རྒྱ་མིས་བོད་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དོ་དམ་ཨུ་ཡོན་ལྷན་ཁང་ཞེས་པའི་ཨུ་ཡོན་འདེམས་བསྐོ་བྱུང་བ་དང་། སྨོན་ལམ་དངོས་གཞི་ཚོགས་པའི་རིང་དགའ་ལྡན་ཁྲི་ཆེན་འདི་ཉིད་ཀྱིས་ཉིན་ལྟར་སྔ་དྲོར་གསུང་ཆོས་ར་བ་དང༌། ཉིན་གུང་སྐམ་ཚོགས་སུ་ཕེབས་ཏེ་གསུང་ཆོས་དང་བསྔོ་སྨོན་སོགས་ཁྲི་པའི་བྱེད་སྒོ་ཀུན་འཐུས་ཚང་གནང༌། སྔ་ཕྱིར་མི་ལོ་བཅུ་གཅིག་བར་ཁྲི་བསྐྱངས་མུས་སུ་ལོ་དེའི་བོད་ཟླ་༡༠ ཚེས་ ༢༤ ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས།
- མདུན་ངོས།
- དགའ་ལྡན་ཁྲིར་ཕེབས་པ།
- ཁྲི་ཆེན་གོ་དྲུག་པ་ཧ་གདོང་རྗེ་དྲུང་ཐུབ་བསྟན་ཀུན་དགའ།
གོ་དྲུག་པ་ཧ་གདོང་རྗེ་དྲུང་ཐུབ་བསྟན་ཀུན་དགའ།
- Details
- དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
- སྡེ་ཚན། དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད།
- ཀློག་གྲངས། 3266
དགའ་ལྡན་ཁྲིར་ཕེབས་པ།
བཅོ་ལྔ་པ་རྩེད་ཐང་པཎ་ཆེན་བསོད་ནམས་གྲགས་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 10274
ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 9542
སོ་གཉིས་པ་གཙང་པ་ཚུལ་ཁྲིམས་ཆོས་འཕེལ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5759
ཞེ་གཉིས་པ་ཚྭ་བ་བློ་བཟང་དོན་ཡོད།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4132
ང་བཞི་པ་བསམ་བློ་ངག་དབང་མཆོག་ལྡན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4780
ང་བརྒྱད་པ་བསམ་བློ་ངག་དབང་ཆོས་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 6260
དྲུག་ཅུ་པ་ཚྭ་བ་བློ་བཟང་བསྟན་པ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4483
རེ་བཞི་པ་ཏྲེ་ཧོར་བློ་བཟང་བཀྲ་ཤིས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4639
རེ་དྲུག་པ་བསམ་བློ་ངག་དབང་སྙན་གྲགས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5025
དོན་གཉིས་པ་གཙང་པ་འཇམ་དཔལ་ཚུལ་ཁྲིམས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5088
གྱ་དྲུག་པ་ལ་མོ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 5152
གོ་གཅིག་པ་ལྭ་བ་བློ་བཟང་རྒྱལ་མཚན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3589
གོ་བཞི་བ་གཙང་པ་ལྷུན་གྲུབ་བརྩོན་འགྲུས།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 4112
གོ་དྲུག་པ་ཧ་གདོང་རྗེ་དྲུང་ཐུབ་བསྟན་ཀུན་དགའ།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3266
བརྒྱ་དང་བཞི་པ་གཙང་བློ་བཟང་བསྟན་འཛིན།
སྡེ་ཚན། : དགའ་ལྡན་ཁྲིར་ཕེབས་པའི་ངོ་སྤྲོད། | ཀློག་གྲངས། 3396