དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་གི་གསུང་ཆོས་དབུ་ཚུགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།འཇམ་མགོན་ྋརྒྱལ་བའི་ྋརྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་ྋརྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༤ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གསུང་ཆོས་དངོས་སུ་དབུ་ཚུགས།
དེ་ཡང་གསུང་ཆོས་གནང་རྒྱུའི་རྩ་འགྲེལ་གྱི་གཞུང་ཁག་ནི། རྗེ་བཙུན་བྱམས་པ་མགོན་པོའི་གསུང་ཕར་ཕྱིན་གྱི་རྩ་བ་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན། དེའི་འགྲེལ་པ་སློབ་དཔོན་སེངྒེ་བཟང་པོའི་གསུང་འགྲེལ་པ་དོན་གསལ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་གསུང་ལེགས་བཤད་གསེར་གྱི་ཕྲེང་བ་བཅས་སྦྲགས་ནས་གསུང་གནང་མཛད་རྒྱུ་བཅས་གསུང་ཆོས་གསལ་བསྒྲགས་སུ་འཁོད་པ་ལྟར་ཡིན།
དེ་ཡང་བརྗོད་བྱའི་དོན་ནི། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་བསྡུས་དོན་ཤེར་ཕྱིན་གྱི་གཞུང་སྦས་དོན་མངོན་པར་རྟོགས་པའི་རིམ་པ་རྣམས་གསལ་བར་སྟོན་པའི་རྩ་འགྲེལ་གྱི་གཞུང་གལ་གནད་ཆེ་བ་ཁག་ཡིན།
༢༠༢༢ ཟླ་ ༡༢ ཚེས་ ༤ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས།
རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་བཞི་པ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།ྋསྤྱི་ནོརྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ། རང་སྡེ་ནང་པ་ཐུན་མོང་བའི་བརྗོད་གཞི་དམ་པའི་ཆོས་འདུལ་བའི་ཐོག་ནས་གོ་རྟོགས་གོང་འཕེལ་དང་། ཐུགས་མཐུན་ཁྲིམས་གཙང་ཡོང་སླད། རྒྱ་གར་དང་། ཤྲཱི་ལངྐ། ཨིན་ཌོ་ནེ་ཤི་ཡ། ཐེ་ལནྜ། མ་ལེ་ཤི་ཡ། ཐེ་ཝན་བཅས་ནས་འཕགས་པ་གནས་བརྟན་སྡེ་པ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། ཆོས་སྲུང་སྡེ་པ་བཅས་ཀྱི་དགེ་སློང་འདུལ་བ་འཛིན་པ་རྣམས་གདན་འདྲེན་ཞུས་ཏེ། གཉུང་མར་གནས་པའི་གདན་སའི་འདུལ་བ་འཛིན་པ་ཆེན་པོ་རྣམས་དང་ལྷན་དུ་"རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་"ཞེས་པའི་བརྗོད་གཞིའི་ཐོག །ཕྱི་ལོ་༢༠༢༢ ཟླ་༡༢ པའི་ཚེས་༡ ནས་ ༣ བར་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་དུ་འཚོགས་པ་དང་། དེའི་སྐབས་དངོས་སུ་ཚོགས་ཞུགས་པ་རྣམས་དང་། འཛམ་གླིང་གང་སར་དྲ་ཐོག་ཐད་གཟིགས་གནང་མཁན་རྣམས་ལ་བོད་སྐད། དབྱིན་སྐད། རྒྱ་སྐད་བཅས་སྐད་རིགས་གསུམ་གྱི་ཐོག་སྒྲ་སྒྱུར་དང་བཅས་འཚོགས་ཡོད།
༢༠༢༢ ཟླ་ ༡༢ ཚེས་ ༢ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།
༢༠༢༤ ལོའི་དཔྱིད་ཆོས་ཆེན་མོའི་མཛད་རིམ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།གསལ་བཤད། གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་མཆོག་གིས་ཆོས་རའི་མཛད་རིམ་གསལ་བསྒྲགས་བསྐྱངས་པ་གཞི་བཟུང་ནས་སློབ་གཉེར་བ་རྣམས་ཀྱིས་དྲ་ཐོག་ནས་གཟིགས་བདེའི་ཆེད་དུ་བཟོ་སྒྲིག་བྱེད་བཞིན་ཡོད། གལ་ཏེ་ལས་སྣེ་གོང་མས་གསལ་བསྒྲགས་མ་གནང་ཚེ་འདི་ནས་ཀྱང་བཟོ་སྒྲིག་བྱེད་ཀྱི་མེད་པས་དགོངས་འཇགས་ཞུ།
བོད་ཟླ། | བོད་ཚེས། | ཕྱི་ཟླ། | ཕྱི་ཚེས། | རེས་གཟའ། | ཉིན་རེའི་མཛད་རིམ། |
---|---|---|---|---|---|
༠༣ | ༠༦ | 04 | 14 | ཉི་མ། | ཆོས་རྒྱུགས། |
༠༣ | ༠༧ | 04 | 15 | ཟླ་བ། | ཆོས་ར་ཡར་ཚོགས། |
༠༣ | ༠༨ | 04 | 16 | མིག་དམར། | གུང་སེང་། |
༠༣ | ༠༩ | 04 | 17 | ལྷག་པ། | ཤིང་སློང་། |
༠༣ | ༡༠ | 04 | 18 | ཕུར་བུ། | དབྱར་གླིང་དགེ་བཤེས་དམ་འཇོག |
༠༣ | ༡༡ | 04 | 19 | པ་སངས། | དབྱར་གླིང་དགེ་བཤེས་དམ་འཇོག |
༠༣ | ༡༢ | 04 | 20 | སྤེན་པ། | དབྱར་གླིང་དགེ་བཤེས་དམ་འཇོག |
༠༣ | ༡༣ | 04 | 21 | ཉི་མ། | སྔ་དྲོར་དགེ་བཤེས་མཛད་སྒོ། དགོང་མོར་ཆོས་ར། |
༠༣ | ༡༤ | 04 | 22 | ཟླ་བ། | ཆོས་འདོན། |
༠༣ | ༡༥ | 04 | 23 | མིག་དམར། | གུང་སེང་། གསོ་སྦྱོང་། |
༠༣ | ༡༦ | 04 | 24 | ལྷག་པ། | ཆོས་འདོན། |
༠༣ | ༡༧ | 04 | 25 | ཕུར་བུ། | སྔ་དགོང་ཆོས་ར། |
༠༣ | ༡༨ | 04 | 26 | པ་སངས། | སྔ་དགོང་ཆོས་ར། |
༠༣ | ༡༩ | 04 | 27 | སྤེན་པ། | སྔ་དགོང་ཆོས་ར། |
༠༣ | ༢༠ | 04 | 28 | ཉི་མ། | སྔ་དགོང་ཆོས་ར། |
༠༣ | ༢༡ | 04 | 29 | ཟླ་བ། | སྔ་དགོང་ཆོས་ར། |
༠༣ | ༢༢ | 04 | 30 | མིག་དམར། | གུང་སེང་། |
༠༣ | ༢༣ | 05 | 01 | ལྷག་པ། | ཤིང་སློང་སྐེད་པ། རིགས་ཆུང་རྩོད་རྒྱུགས། |
༠༣ | ༢༤ | 05 | 02 | ཕུར་བུ། | ཤིང་སློང་སྐེད་པ། རིགས་ཆུང་རྩོད་རྒྱུགས། |
༠༣ | ༢༥ | 05 | 03 | པ་སངས། | སྔ་དགོང་ཆོས་ར། |
༠༣ | ༢༦ | 05 | 04 | སྤེན་པ། | སྔ་དགོང་ཆོས་ར། |
༠༣ | ༢༧ | 05 | 05 | ཉི་མ། | སྔ་དགོང་ཆོས་ར། |
༠༣ | ༢༨ | 05 | 06 | ཟླ་བ། | སྔ་དགོང་ཆོས་ར། |
༠༣ | ༢༩ | 05 | 07 | མིག་དམར། | གུང་སེང་། གསོ་སྦྱོང་། |
༠༣ | ༣༠ | 05 | 08 | ལྷག་པ། | དུས་བཟང་། |
༠༤ | ༠༡ | 05 | 09 | ཕུར་བུ། | སྔ་དགོང་ཆོས་ར། |
༠༤ | ༠༣ | 05 | 10 | པ་སངས། | རིགས་ཆེ་ཆུང་ཚོགས་ལངས་མིང་སྤྲོད། |
༠༤ | ༠༤ | 05 | 11 | སྤེན་པ། | སྒྲོལ་འདོན། |
༠༤ | ༠༥ | 05 | 12 | ཉི་མ། | སྒྲོལ་འདོན། |
༠༤ | ༠༦ | 05 | 13 | ཟླ་བ། | ཆོས་ར་མར་གྲོལ། |
༢༠༢༤-༤༠-༡༢ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། སྒྲིག་བཟོ་བ། དགེ་བཤེས་སྐལ་བཟང་ཐར་འདོད། |
སྒོམ་སྡེའི་འཇིགས་བྱེད་བསྐྱེད་རྫོགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། སྒོམ་སྡེ་ནམ་མཁའ་རྒྱལ་མཚན།
བརྗོད་བྱ། རིམ་གཉིས་ཀྱི་རྣམ་གཞག
རིག་མཛོད་འཕྲུལ་དེབ་ཨང་། SJRB-0409
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 161 ལྗིད་ཚད། 1.1MB
སྒྲིག་སྦྱོར་འགྲེམ་སྤེལ། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༢ ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདིར་སེར་བྱེས་མཁན་རབས་བཅུ་གཅིག་པ་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་མཆོག་གིས་མཛད་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་གཉིས་ཀྱི་རྣམ་གཞག་རིག་འཛིན་ཀུན་དའི་དགའ་སྟོན་ཞེས་བྱ་བ་བཞུགས་ཤིང་། དཔེ་སྒྲིག་སྐབས་རྒྱུད་སྟོད་གྲྭ་ཚང་གི་ཤིང་པར་གཞིར་བཟུང་ནས་ལག་བྲིས་བྱས་པའི་དཔེ་རིང་ཞིག་ལག་སོན་བྱུང་བ་གཞིར་བཟུང་ནས་བསྒྲིགས་ཤིང་། ལག་བྲིས་མ་དེར་ཆད་ལྷག་བྱུང་བ་འགའ་ཞིག་བཅོས་སྒྲིག་བྱས་ཡོད།
དངུལ་ཆུའི་འཇིགས་བྱེད་བསྐྱེད་རྫོགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། དངུལ་ཆུ་དྷརྨ་བྷ་དྲ།
བརྗོད་བྱ། རིམ་གཉིས་ཀྱི་རྣམ་གཞག
རིག་མཛོད་འཕྲུལ་དེབ་ཨང་། SJRB-0410
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 161 ལྗིད་ཚད། 1.1MB
སྒྲིག་སྦྱོར་འགྲེམ་སྤེལ། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༢ ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
འཕྲུལ་དེབ་འདིར་དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བསྐྱེད་རིམ་གྱི་ཟིན་བྲིས་དྲང་སྲོང་བླ་མའི་ཞལ་ལུང་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་པ་གཉིས་པའི་ལམ་ལ་ཇི་ལྟར་བགྲོད་པའི་ཚུལ་གྱི་ཟིན་བྲིས་གསང་ཆེན་མྱུར་ལམ་གཉིས་ལྷན་དུ་བཞུགས་ཡོད།
དབང་པོའི་འཇིག་རྟེན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།རྩོམ་པ་པོ། སེར་བྱེས་ཚན་རིག་སྡེ་ཚན།
བརྗོད་བྱ། དབང་པོ་ལྔའི་སྐོར།
ཡོང་ཁུངས། སེར་བྱེས་ཚན་རིག་སྡེ་ཚན།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0411
ཡིག་ཆའི་རྣམ་པ། PDF
ཤོག་གྲངས། 18 ལྗིད་ཚད། 1.1MB
འགྲེམས་སྤེལ། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་།
༢༠༢༢ལོའི་ཟླ་བཅུ་གཅིག་པར་བསྒྲིགས།
གསལ་བཤད།
འཕྲུལ་དེབ་འདི་ནི། ༢༠༡༣ལོའི་ཟླ་བརྒྱད་པར་སེར་བྱེས་ཚན་རིག་སྡེ་ཚན་ནས་སྒྲིག་སྦྱོར་འགྲེམས་སྤེལ་བྱས་པའི་དེབ་ཀྱི་པར་རྩ་གཞིར་བཞག་གིས་འཕྲུལ་དེབ་ཏུ་བསྒྲིགས་པ་ཡིན་ཞིང་། འདིར་ཚིག་ཉུང་དོན་འདུས་ཀྱི་སྒོ་ནས་དབང་པོ་ལྔའི་སྐོར་ལ་ཚན་རིག་པས་འགྲེལ་བཤད་ཇི་ལྟར་བྱེད་པའི་སྐོར་རོབ་ཙམ་ངོ་སྤྲོད་བྱས་ཡོད།
ཕྱག་མཛོད་སྐབས་ཉེར་གཉིས་པའི་མཆོད་འབུལ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐབས་ཉེར་གཉིས་པའི་ཕྱག་མཛོད་ཆེན་མོ་དགེ་བཤེས་ངག་དབང་བཟང་པོ་མཆོག་དང་། དགེ་བཤེས་བློ་བཟང་སྒྲ་དབྱངས། དགེ་བཤེས་ཤེས་རབ་རྒྱ་མཚོ། དགེ་བཤེས་བློ་བཟང་བཀྲ་ཤིས་བཅས་ནས། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༤ ཚེས་ ༡ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐབས་ཉེར་གཉིས་པའི་ཕྱག་མཛོད་ཀྱི་ལས་འགོར་དངོས་སུ་ཚུགས་ནས་ལོ་ངོ་གསུམ་གྱི་རིང་ལྷག་བསམ་རྣམ་དག་གིས་གྲྭ་ཚང་རིན་པོ་ཆེར་སྲི་ཞུའི་ལས་དོན་རྒྱ་ཆེར་མཐར་སོན་གནང་སྟེ། སྐབས་ཉེར་གསུམ་པའི་ཕྱག་མཛོད་ཆེན་མོ་དགེ་བཤེས་ངག་དབང་བྱང་ཆུབ་མཆོག་དང་། དགེ་བཤེས་པ་བཟང་ཟླ་བ། དགེ་ངག་དབང་བརྩོན་འགྲུས། དགེ་བཤེས་ངག་དབང་རིག་གྲོལ་བཅས་ལ་རྩིས་སྤྲོད་ལེན་ལེགས་པར་གྲུབ་སྟེ། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༩ ཉིན་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་མཆོད་འབུལ་ཟབ་རྒྱས་གནང་།
༢༠༢༢ ཟླ་ ༡༡ ཚེས་ ༢༠ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས།
མཁན་ཆེན་མཁྱེན་རབ་བཟང་པོ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སེར་བྱེས་མཁན་རབས་ང་བཞི་པ་མཁྱེན་རབ་བཟང་པོ་མཆོག་ནི། ལྷ་སར་སྐུ་འཁྲུངས་པར་བཤད། ཆུང་དུས་ནས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་གཞུང་ཆེན་སློབ་གཉེར་གནང་། དེ་ནས་སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་ཕེབས། [འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ཞིབ་ཏུ་མ་རྙེད།]
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
ཀེའུ་ཚང་བྱམས་པ་སྨོན་ལམ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སེར་བྱེས་མཁན་རབས་སོ་གཉིས་པ་ཀེའུ་ཚང་བྱམས་པ་སྨོན་ལམ་མཆོག་ནི། བྱང་ཧོར་པའི་ཁྱིམ་ཞིག་ཏུ་སྐུ་འཁྲུངས། སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་གནང་སྟེ་གཞུང་ཆེན་ཁག་ལ་གསན་བཞེས་གནང་། སེར་བྱེས་གྲྭ་ཚང་གི་སློབ་དཔོན་གྱི་ཁྲིར་ཕེབས། ཁྲི་ཆེན་བསྟན་པ་རབ་རྒྱས་དང་ཁྲི་ཆེན་ངག་དབང་སྙན་གྲགས་སོགས་སློབ་མ་མང་དུ་བྱུང་། [འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ཞིབ་ཏུ་མ་རྙེད།]
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
དེ་ལས་མང་བ།...
མཁན་ཆེན་ངག་དབང་དོན་གྲུབ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སེར་བྱེས་མཁན་རབས་ཉེར་དགུ་པ་ངག་དབང་དོན་གྲུབ་མཆོག་ནི། བོད་མཚོ་སྔོན་ཕྱོགས་སུ་སྐུ་འཁྲུངས། དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་བྱས་ཏེ་གཞུང་ཆེན་ཁག་ལ་སློབ་གཉེར་མཐར་ཕྱིན་པར་གནང་།
༧རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ། རྗེ་ངག་དབང་བྱམས་པ་སོགས་ལས་མདོ་སྔགས་ཀྱི་ཟབ་ཆོས་གང་མང་ཞུས། བླ་མའི་བཀའ་བཞིན་སེར་བྱེས་མཁན་ཆེན་བློ་བཟང་ཆོས་འཕེལ་གྱི་རྗེས་སུ་སེར་བྱེས་གྲྭ་ཚང་གི་སློབ་དཔོན་དུ་ཕེབས་ཏེ་འཆད་ཉན་འཕེལ་བར་མཛད།
གྲྭ་ཚོགས་ཧ་ཅང་ཆེ་བས་རྗེ་ངག་དབང་བྱམས་པ་དང་བཀའ་གྲོས་ཀྱིས་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་ལ་སྙན་བསྐུལ་ཞུས་པ་ལྟར་སྲིད་སྐྱོང་དེ་ཉིད་ཀྱིས་ཐུགས་ཁུར་གནང་སྟེ་གྲྭ་ཚང་གི་འདུ་ཁང་གསར་བཞེངས་གནང་།
དེ་ནས་གྲྭ་ཚང་གི་སློབ་དཔོན་དགོངས་ཞུས་གནང་སྟེ་དགོན་གསར་བཀྲ་ཤིས་ཐེག་ཆེན་གླིང་གི་བླ་བྲང་དུ་བཞུགས་ཏེ་ཐགས་དམ་ཉམས་བཞེས་དང་། དོན་གཉེར་ཅན་རྣམས་ལ་ལམ་རིམ་དང་བསྐྱེད་རྫོགས་སོགས་མདོ་སྔགས་ཀྱི་ཆོས་སྦྱིན་གང་མང་གནང་ཞིང་མཐར་དགུང་ལོ་བརྒྱད་ཅུ་བཞེས་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
མཁན་ཆེན་བློ་བཟང་ནོར་བུ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སེར་བྱེས་མཁན་རབས་ཉེར་བཞི་པ་བློ་བཟང་ནོར་བུ་མཆོག་ནི། བོད་ཤར་ཕྱོགས་ཏྲེ་ཧོར་ཁུལ་དུ་སྐུ་འཁྲུངས། ༧ལྔ་པ་ཆེན་མོ་ལས་རབ་ཏུ་བྱུང་། མཚན་ལ་བློ་བཟང་ནོར་བུར་གསོལ།
དགུང་ལོ་བཅུ་བཞིའི་སྐབས་དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་དཔྱིད་ཆོས་ཆེན་མོའི་སྐབས་ཆོས་རར་ཞུགས། སློབ་དཔོན་འཇམ་དབྱངས་ལྷུན་གྲུབ་ཀྱི་མདུན་ནས་རིགས་ལམ་ཆུང་ངུ་ནས་དབུ་བཙུགས་ཏེ་དབུ་ཕར་འདུལ་མཛོད་སོགས་ལ་སྦྱངས་པ་དཔྱིས་ཕྱིན་པར་གནང་། གླིང་བསྲེའི་དགེ་བཤེས་ཀྱི་མཚན་རྟགས་བཞེས།
ཕ་བོང་ཁའི་མཁན་པོ་འཕྱོང་རྒྱས་ངག་དབང་བསྟན་འཛིན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དེ་ནས་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཤིང་གསང་སྔགས་ཀྱི་གཞུང་ལ་ཐུགས་གཉེར་གནང་། རྒྱུད་སྨད་ཀྱི་དགེ་བསྐོས་ཀྱང་གནང་།
འཇམ་བཞད་ངག་དབང་བརྩོན་འགྲུས་ལས་སྲད་རྒྱུད་དཀོན་མཆོག་ཡར་འཕེལ་ནས་བརྒྱུད་པའི་མན་ངག་ཟབ་ཆོས་སོགས་མདོ་སྔགས་ཀྱི་ཆོས་སྐོར་དུ་མ་ཞུས་ཤིང་། དམ་པ་དེའི་བཀའ་བཞིན་བྱང་ཆུབ་ལམ་རིམ་ཆེན་མོ་དང་སྟོང་ཐུན་གཉིས་ཀྱི་རྒྱུགས་འབུལ་མཛད།
དེ་ནས་སེར་བྱེས་གྲྭ་ཚང་གི་མཁན་པོའི་འོས་མི་རྣམས་ཀྱིས་༧རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མདུན་ནས་གཞུང་ཆེན་བཀའ་པོད་བཞིའི་དམ་བཅའ་བགྲོ་གླེང་དང་གྲྭ་དམངས་ཀྱི་འོས་འདེམ་བརྒྱུད་དམ་པ་འདི་ཀུན་མཁྱེན་བློ་གྲོས་སེངྒེའི་ཆོས་ཀྱི་ཁྲི་ལ་མངའ་གསོལ།
གྲྭ་ཚང་གི་འཆད་ཉན་སློབ་དཔོན་གྱི་ཁུར་བཞེས་པ་ནས་སློབ་གཉེར་བ་རྣམས་ལ་གཞུང་ཆེན་དཔེ་ཁྲིད་དང་། ལམ་རིམ་རྒྱས་བཤད་གནང་བ་སོགས་ཀྱིས་བསྟན་འགྲོའི་དོན་མཛད་པར་གནང་།
འཕྱོང་རྒྱས་ངག་དབང་རིག་འཛིན་ལས་རྟ་མགྲིན་གྱི་ཆོས་སྐོར་ཆ་ལག་དང་བཅས་པ་གསན། གྲྭ་ཚང་གི་གྲྭ་ཇར་གཏོར་འབུལ་ཀ་དག་ལྷན་སྐྱེས་མར་གྲགས་པ་ཚོགས་འདོན་དུ་གསར་དུ་བཙུགས།
གྲྭ་ཚང་བླ་མ་ལོ་ལྔ་ཙམ་གནང་རྗེས་དབེན་པར་སྒྲུབ་པ་སྙིང་པོར་མཛད་དེ་བཞུགས། ༧རྒྱལ་བ་བདུན་པ་གསེར་ཁྲིར་མངའ་གསོལ་བའི་སྐབས་སླར་སེ་རར་ཕེབས་ཏེ་ཆོས་བཀའ་རྒྱ་ཆེར་གནང་། གསུང་སྐྱེས་སློབ་མ་ལ། ཁྲི་ཆེན་ངག་དབང་མཆོག་ལྡན། ཕུར་ལྕོག་ངག་དབང་བྱམས་པ། བྲག་རི་ངག་དབང་དོན་གྲུབ། རྩེད་ཐང་དཔལ་འབྱོར་གྲགས་པ། མངའ་རིས་དགེ་བཤེས་ཐོགས་མེད་སོགས་མང་དུ་བྱུང་། [འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ཞིབ་ཏུ་མ་རྙེད།]
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
མཁན་ཆེན་རྒྱལ་མཚན་དོན་གྲུབ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སེར་བྱེས་མཁན་རབས་ཉེར་གཉིས་པ་རྒྱལ་མཚན་དོན་གྲུབ་མཆོག་ནི། སྐུ་ཚེ་སྟོད་དུ་སེ་ར་ཚོགས་ཆེན་དང་། གྲྭ་ཚང་བྱེས་གཉིས་ཀྱི་མང་ཇ་དང་གྲྭ་ཇ་བཅས་ཀྱི་ཆུ་ལེན་པ་ལོ་མང་གནང་ནས་སྒྲིབ་སྦྱོང་མཛད། དེ་ནས་གྲྭ་ཚང་བྱེས་སུ་སློབ་གཉེར་མཐར་ཕྱིན་གནང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་ཤོག་སོགས་གཏེར་ནས་བཞེས་ཏེ་བཞེངས་པ་སེར་བྱེས་བཀའ་འགྱུར་གཏེར་མ་ཞེས་པ་དེང་སྐབས་ཡང་བོད་དུ་གྲྭ་ཚང་བྱེས་ཀྱི་གཙུག་ལག་ཁང་དུ་རྟེན་གཙོའི་གྲས་སུ་བཞུགས། སེར་བྱེས་གྲྭ་ཚང་གི་སློབ་དཔོན་གྱི་ཁྲིར་ཕེབས།[འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ཞིབ་ཏུ་མ་རྙེད།]
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
མཁན་ཆེན་འཕྲིན་ལས་ལྷུན་གྲུབ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སེར་བྱེས་མཁན་རབས་བཅུ་བཞི་པ་འཕྲིན་ལས་ལྷུན་གྲུབ་མཆོག་ནི། སྐུ་གཞོན་ནུ་ནས་རབ་ཏུ་བྱུང་། སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་གནང་སྟེ། གཙང་སྟོད་རིན་ཆེན་བཤེས་གཉེན་དང་། པཎ་ཆེན་བསོད་ནམས་ལྷུན་གྲུབ་སོགས་བསྟེན་ནས་གཞུང་ཆེན་སློབ་གཉེར་མཐར་ཕྱིན་གནང་། མཁས་གྲུབ་རིན་ཆེན་བཤེས་གཉེན་ལས་རྟ་མགྲིན་ཡང་གསང་གི་ཆོས་སྐོར་ཆ་ཚང་གསན། དེ་ནས་སེར་བྱེས་གྲྭ་ཚང་གི་སློབ་དཔོན་དུ་ཕེབས། [འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ཁ་གསལ་མ་རྙེད།]
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།