-
མདུན་ངོས།
- འཕྲིན་གསར།

འཕྲིན་གསར། (133)
ཐུགས་སྣང་བཞེན་སྐུལ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
༄༅། །མཁྱེན་ཡངས་དོན་གཉེར་ཅན་དག་གི་སྙན་ལམ་དུ།
སྟབས་གསོལ།
དགོངས་མངའ་ལྟར་<སེར་བྱེས་རིག་མཛོད་ཆེན་མོའི་>དྲ་ཚིགས་འདི་ཉིད་རང་རེའི་ཆོས་རིག་སྲུང་སྐྱོབ་དང་དར་སྤེལ་ཆོས་རིག་ལ་མོས་པ་ཆེ་བའི་དོན་གཉེར་ཅན་དག་གི་ཆེད་དུ་གསར་བཟོ་དང་སྒྲིག་བཀོད་བྱས་པ་ཞིག་ཡིན་པ་དང་། དྲ་ངོས་སུ་ལེ་ཚན་གང་མང་ཞིག་ཡོད་པ་ལས་གཙོ་བོ་གཅིག་ནི་རིས་མེད་མཁས་པའི་གསུང་གི་སྒྲ་མཛོད་དེ་ཡིན་པ་དང་།
ཚན་པ་དེར་མཁས་པའི་གསུང་ཚན་བརྒྱ་ཕྲག་མང་པོ་ཞིག་བཞག་ཡོད་པ་དག་དྲ་ངོས་རྙིང་པར་སྒྲ་སྒྲིག་སྦྱོར་དང་། ཉན་བྱེད་ཀྱི་མཉེན་ཆས་ཤིག་ཉོས་ཏེ་སྒྲ་རྣམས་དེའི་ནང་དུ་སྒྲིག་བཟོ་བྱས་ཏེ་དྲ་ངོས་སུ་བཞག་ཡོད་ནའང་། མཉེན་ཆས་དེར་ཕབ་ལེན་མེད་པས་ཟུར་དུ་མཉེན་ཆས་ (SoundCloud) ནང་དུ་བླུགས་ཏེ་དྲ་ངོས་སུ་སྦྲེལ་སྣེ་མཐུད་ཡོད་ལ། ད་ལོ་དྲ་ངོས་བསྐྱར་སྒྲིག་བྱེད་སྐབས་སྒྲ་སྦྱོར་མཉེན་ཆས་དེ་བེད་མེད་ཏུ་གྱུར་འདུག་པས། གནས་སྐབས་སུ་སྒྲ་མཛོད་དྲ་ངོས་སུ་དཔེ་ཁྲིད་རྣམས་འདི་ག་རྩོམ་སྒྲིག་ཁང་གི་སྒྲ་མཛོད་དྲ་ཚིགས་ཟུར་པ་ (SoundCloud) ལ་སྦྲེལ་སྣེ་མཐུད་དེ་སྒྲིག་སྦྱོར་བྱས་ཡོད་ལ། རྗེས་འཆར་སྒྲ་སྦྱོར་མཉེན་ཆས་ལེགས་པོ་ཞིག་ལག་སོན་བྱུང་ཚེ་བསྐྱར་སྒྲིག་བྱེད་རྒྱུ་ཡིན།
སྒྲ་མཛོད་ཟུར་པ་དེའི་སྐོར་སྔོན་དུ་གསལ་བསྒྲགས་དང་གསལ་བཤད་སོང་ཟིན་པ་དང་། རིག་མཛོད་དྲ་ངོས་ནས་གསུང་ཚན་གང་ཞིག་ཐོག་མར་ཁ་ཕྱེ་སྐབས་ཀུ་རུ་ཁའམ་ཁྲམ་རྟགས་( x ) ཟླུམ་ཐིག་གི་ནང་དུ་ཡོད་པ་ཞིག་ཤར་པ་དེ་གར་མཛུབ་གནོན་བྱས་ན་མཉན་རྟགས་དང་ཕབ་ལེན་གྱི་རྟགས་སོགས་ཤར་འོངས་པས་དེ་ནས་རང་མོས་ལྟར་ཉན་པའམ་ཕབ་ལེན་བྱེད་ཐུབ།
ཞེས་༢༠༡༨ཕྱི་ཟླ་༠༨ཚེས་༢༢ཉིན་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས་ཕུལ།
དེ་ལས་མང་བ།...
༸གོང་ས་མཆོག་དགུང་གྲངས་༨༣ལ་ཕེབས་པའི་སྐུའི་འཁྲུངས་སྐར་འཚམས་འདྲི།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།༄༅།།རིས་མེད་སྟོན་པའི་མཛད་བཟང་མ་ལུས་གོ་ལའི་ཁྱོན་ལ་ཁྱོད་ཀྱིས་སྐྱེལ། །
སྲིད་གསུམ་སྐྱེ་རྒུའི་གཙུག་སྐྱེས་རྒྱ་མཚོ་ཞབས་སེན་ནོར་བུས་བདག་ཏུ་བཟུང་། །
ཟབ་གསལ་གསུང་གི་འགྱུར་ཁུགས་རྣམས་ཀྱང་གསུང་གི་རོལ་མོ་གཅིག་གིས་དྲངས། །
མཚུངས་མེད་བསྟན་དང་སྟོན་པའི་ཁྲོད་ན་ཁྱོད་ནི་སྟོན་པ་ཆེན་པོ་ཉིད། །
༧ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༧འཇིག་རྟེན་ཞི་བདེའི་དེད་དཔོན་༧ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་གསུམ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ། གུས་འབངས་སེར་བྱེས་རིག་མཛོད་ཀྱི་ལས་བྱེད་ཡོངས་ནས་དགའ་དད་སྤྲོ་གསུམ་གྱིས་གུས་ཕྱག་གི་བརྩེགས་མ་དང་བཅས་ཏེ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ༢༠༡༨ .༠༧.༠༥
མཁན་རིན་པོ་ཆེས་གསུང་ཆོས་གནང་།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སེར་བྱེས་གྲྭ་ཚང་གི་༧སྐྱབས་རྗེ་མཁན་རིན་པོ་ཆེས་དགའ་ལྡན་ལྷ་བརྒྱ་མ་སོགས་ཀྱི་གསུང་ཆོས་གནང་སོང་།
ཕྱི་ལོ་༢༠༡༨ལོའི་ཟླ་༤ཚེས་༡༧ཉིན་ནས་བཟུང་ཉིན་གྲངས་གསུམ་གྱི་རིང་སེར་བྱེས་གྲྭ་ཚང་གི་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལོ་དགོན་སྤྲུལ་སྐུ་བསྟན་འཛིན་བྱམས་པ་ཆོས་བཟང་མཆོག་གིས་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་ཟུར་རིན་པོ་ཆེ་ཞིང་གཤེགས་དམ་པ་༧སྐྱབས་རྗེ་བློ་བཟང་དཔལ་ལྡན་མཆོག་གི་ཤག་ཚང་གི་ཚོགས་ཁང་དུ་དགའ་ལྡན་ལྷ་བརྒྱ་མའི་བཀའ་ཁྲིད་དང་། ཆོས་རྒྱལ་གྱི་རྗེས་གནང་སོགས་གནང་ཡོད་པ་དང་མཇུག་ཏུ་སློབ་མ་རྣམས་ཀྱིས་བརྟན་བཞུགས་སྟབས་བདེ་ཞིག་ཀྱང་ཕུལ་གནང་ཡོད་འདུག །
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས། ༢༠༡༨།༠༤།༢༠ལ།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་རྩོམ་ཁུངས་ཁ་གསལ་འགོད་དགོས།